འུ་གཉིས་སྐྱིད་པའི་སྣང་བ།


འདི་ལ་བསུང་ལྡན་གྱི་མེ་ཏོག།།
སྣ་བའི་ཞིང་ས་ནས་མ་རྙེད།།
རྡོག་པའི་སྣེ་མོ་ན་རྒྱུ་བའི།།
རྡེའུར་གསེར་བུ་ཞིག་སྦྲུམ་ཡོད།།

ཕར་སྒོས་མཆུ་མཚོན་གྱི་རི་མོ།།
འགྲམ་པའི་སྤུ་སྟེང་ལ་མ་བཞག།
ཁྲག་གི་ཆུ་ཆེན་གྱི་གཞུང་ལ།།
གཏམ་གྱི་ཕ་བོང་ཞིག་བཞེངས་ཡོད།།

འཚོ་བའི་སྒྲུབ་ཕུག་ནས་སྒོམ་ན།།
བརྩེ་བའི་འཇིག་རྟེན་དེ་མཐོང་འོངས།།
ལས་ཅན་དག་སྣང་གི་མཁའ་འགྲོ།
བུ་མོ་ཁྱོད་རང་ལས་མི་ཆོག།

ཁ་སང་རི་ཁྲོད་ནས་བབས་པའི།།
སློང་འཛིན་གསོལ་སྙོམས་ཀྱི་དྲང་སྲོང་།།
དབྱུག་པའི་འཛིན་ལེན་གྱི་འགལ་བས།།
བུ་མོའི་མདུན་ས་ན་འགྱེལ་འདུག།

གཡོ་ཅན་སྐུ་ངོ་ཡི་མཆོད་པའི།།
བུ་མོའི་མགྲོན་ངོ་དེ་མ་ལོན།།
སེམས་ཀྱི་རྟ་ཕོ་ལ་བཅིབས་ནས།།
འོད་ཀྱི་གནས་མལ་ལ་ལོག་འོངས།།

སོ་དཀར་འཛུམ་ཆུང་གི་ལན་དུ།།
སྐྲ་ལོའི་མེ་ཏོག་དེ་གཏོར་སོང།།
ད་ནི་མིག་ཤེལ་ཡང་ཕུལ་ནས།།
བག་ཕེབས་ངལ་གསོ་ལ་ཆས་འགྲོ།

དམ་བཅའི་བྱེ་མ་ཡི་ཐང་ནས།།
བུ་མོས་གུར་བརྒྱངས་ཞིག་བྱས་སོང་།།
ད་ནི་འགྱུར་མེད་ཀྱི་ཆུ་ནས།།
དམར་པོའི་མེ་ཁ་དེ་འབུད་དོ།།

འུ་གཉིས་གཡེངས་ས་ཡི་ཚལ་ན།།
གློག་གི་མཚར་ཆས་དེ་མི་འདུག།
སེམས་ཀྱི་རོལ་ཆ་དེ་དཀྲོལ་ན།།
སྐྱིད་པའི་སྣང་དེ་རྫོགས་ཡོང་།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འུ་གཉིས་སྐྱིད་པའི་སྣང་བ།

2012-07-17 མདོ་མེད་པ་ཁ་དྲག ཀློག་གྲངས། མཆན ཡོད།


འདི་ལ་བསུང་ལྡན་གྱི་མེ་ཏོག།།
སྣ་བའི་ཞིང་ས་ནས་མ་རྙེད།།
རྡོག་པའི་སྣེ་མོ་ན་རྒྱུ་བའི།།
རྡེའུར་གསེར་བུ་ཞིག་སྦྲུམ་ཡོད།།

ཕར་སྒོས་མཆུ་མཚོན་གྱི་རི་མོ།།
འགྲམ་པའི་སྤུ་སྟེང་ལ་མ་བཞག།
ཁྲག་གི་ཆུ་ཆེན་གྱི་གཞུང་ལ།།
གཏམ་གྱི་ཕ་བོང་ཞིག་བཞེངས་ཡོད།།

འཚོ་བའི་སྒྲུབ་ཕུག་ནས་སྒོམ་ན།།
བརྩེ་བའི་འཇིག་རྟེན་དེ་མཐོང་འོངས།།
ལས་ཅན་དག་སྣང་གི་མཁའ་འགྲོ།
བུ་མོ་ཁྱོད་རང་ལས་མི་ཆོག།

ཁ་སང་རི་ཁྲོད་ནས་བབས་པའི།།
སློང་འཛིན་གསོལ་སྙོམས་ཀྱི་དྲང་སྲོང་།།
དབྱུག་པའི་འཛིན་ལེན་གྱི་འགལ་བས།།
བུ་མོའི་མདུན་ས་ན་འགྱེལ་འདུག།

གཡོ་ཅན་སྐུ་ངོ་ཡི་མཆོད་པའི།།
བུ་མོའི་མགྲོན་ངོ་དེ་མ་ལོན།།
སེམས་ཀྱི་རྟ་ཕོ་ལ་བཅིབས་ནས།།
འོད་ཀྱི་གནས་མལ་ལ་ལོག་འོངས།།

སོ་དཀར་འཛུམ་ཆུང་གི་ལན་དུ།།
སྐྲ་ལོའི་མེ་ཏོག་དེ་གཏོར་སོང།།
ད་ནི་མིག་ཤེལ་ཡང་ཕུལ་ནས།།
བག་ཕེབས་ངལ་གསོ་ལ་ཆས་འགྲོ།

དམ་བཅའི་བྱེ་མ་ཡི་ཐང་ནས།།
བུ་མོས་གུར་བརྒྱངས་ཞིག་བྱས་སོང་།།
ད་ནི་འགྱུར་མེད་ཀྱི་ཆུ་ནས།།
དམར་པོའི་མེ་ཁ་དེ་འབུད་དོ།།

འུ་གཉིས་གཡེངས་ས་ཡི་ཚལ་ན།།
གློག་གི་མཚར་ཆས་དེ་མི་འདུག།
སེམས་ཀྱི་རོལ་ཆ་དེ་དཀྲོལ་ན།།
སྐྱིད་པའི་སྣང་དེ་རྫོགས་ཡོང་།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།