མི་ཚེ་དང་ཐོལ་མགུར།

འཕན་སངས་རྒྱས་དོན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-01-25

འཁོར་བའི་འདུ་ཤེས་ཞན་པའི་ལོ་མང་ལ། །
གཏམ་རྒྱད་ཁེར་ཆད་ཅིག་གིས་གསོན་འདི་སྡུག།
ངོ་རས་རློན་པ་བཀབ་པའི་ཚུགས་ཐུབ་ཅིག །
རླུང་ཁའི་སིལ་རྩྭ་བཞིན་དུ་འཐོར་བར་སླ། །
ཤོག་སྨྱུག་གྲངས་མེད་ཅིག་གིས་མི་ཚེ་བརླག །
རང་གི་འགྲོ་སྟངས་འདི་ལ་སེར་སྣ་མང་། །
 
ནད་ཀྱིས་འཆར་ཡན་རྒས་པའི་མི་ཚེ་འདི། །
བླུན་གྱིས་ཡིད་འགྱུར་ཤི་བའི་ཕུགས་བསམ་འདི། །
གྲངས་མེད་གཏིང་ནས་བསྙིལ་བའི་ལོ་ཟླ་འདི། །
གནས་ལུགས་ཕྱེད་ཙམ་འཐོན་རྒྱུ་དཀའ་ཙམ་རེད། །
དྲང་བདེན་རྟོགས་སད་དག་གི་འཕོངས་ཤ་ལ། །
ལག་པས་རྗེས་ཙམ་ལྷག་རྒྱུ་ཡོད་མེད་སྨྲེང་། །
                           ༢༠༡༢།༡༡།༧ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཚེ་དང་ཐོལ་མགུར།

2013-01-25 འཕན་སངས་རྒྱས་དོན་གྲུབ། ཀློག་གྲངས། མཆན ཡོད།

འཁོར་བའི་འདུ་ཤེས་ཞན་པའི་ལོ་མང་ལ། །
གཏམ་རྒྱད་ཁེར་ཆད་ཅིག་གིས་གསོན་འདི་སྡུག།
ངོ་རས་རློན་པ་བཀབ་པའི་ཚུགས་ཐུབ་ཅིག །
རླུང་ཁའི་སིལ་རྩྭ་བཞིན་དུ་འཐོར་བར་སླ། །
ཤོག་སྨྱུག་གྲངས་མེད་ཅིག་གིས་མི་ཚེ་བརླག །
རང་གི་འགྲོ་སྟངས་འདི་ལ་སེར་སྣ་མང་། །
 
ནད་ཀྱིས་འཆར་ཡན་རྒས་པའི་མི་ཚེ་འདི། །
བླུན་གྱིས་ཡིད་འགྱུར་ཤི་བའི་ཕུགས་བསམ་འདི། །
གྲངས་མེད་གཏིང་ནས་བསྙིལ་བའི་ལོ་ཟླ་འདི། །
གནས་ལུགས་ཕྱེད་ཙམ་འཐོན་རྒྱུ་དཀའ་ཙམ་རེད། །
དྲང་བདེན་རྟོགས་སད་དག་གི་འཕོངས་ཤ་ལ། །
ལག་པས་རྗེས་ཙམ་ལྷག་རྒྱུ་ཡོད་མེད་སྨྲེང་། །
                           ༢༠༡༢།༡༡།༧ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།