ལྐོག་གྱུར་ལྷ་མོ།

ཆུ་སྐྱེས་ཉི་འཛིན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-01-16


ལྐོག་གྱུར་རྟོགས་པའི་གསང་བ་ཕྲ་མོ།།
ལྐོག་གྱུར་ལུང་དང་ཚད་མས་སྒྲུབ་དགོས།།
ལྐོག་གྱུར་ཤིན་ལྐོག་རྟོགས་པའི་གཏན་ཚིགས།།
ལྐོག་གྱུར་ལྷ་མོས་བདག་ལ་སྩོལ་ཅིག།
ལྐོག་གྱུར་རྗེས་དཔག་ཚད་མས་གཞལ་བ།།
ལྐོག་གྱུར་རང་གི་མཐོང་ཡང་མ་རྟོགས།།
ལྐོག་གྱུར་ལྷ་མོས་རྟོགས་ཀྱང་མ་བསྟན།།
ལྐོག་གྱུར་ལྷ་མོ་ནམ་ཡང་ལྐོག་གྱུར།།
ལྐོག་གྱུར་ལྷ་མོའི་འཛུམ་ཞལ་མེ་ཏོག།
ལྐོག་གྱུར་ལྷ་མོའི་སྐྱེ་ལུས་ཚིགས་དྲུག།
ལྐོག་གྱུར་ལྷ་མོའི་ལང་ཚོའི་དཔལ་ཡོན།།
ལྐོག་གྱུར་ལྷ་མོའི་རེ་བའི་མིག་ཟུང་།།
ལྐོག་གྱུར་འཇིག་རྟེན་ཆེན་པོའི་ཡུལ་ནས།།
ལྐོག་གྱུར་ལྷ་མོར་རེ་སྒུག་བྱས་ཀྱང་།།
ལྐོག་གྱུར་ལྷ་མོའི་སྙིང་གཏམ་དྲོན་མོ།།
ལྐོག་གྱུར་ལྷ་མོས་ལྐོག་ནས་གསང་བྱུང་།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྐོག་གྱུར་ལྷ་མོ།

2013-01-16 ཆུ་སྐྱེས་ཉི་འཛིན། ཀློག་གྲངས། མཆན ཡོད།


ལྐོག་གྱུར་རྟོགས་པའི་གསང་བ་ཕྲ་མོ།།
ལྐོག་གྱུར་ལུང་དང་ཚད་མས་སྒྲུབ་དགོས།།
ལྐོག་གྱུར་ཤིན་ལྐོག་རྟོགས་པའི་གཏན་ཚིགས།།
ལྐོག་གྱུར་ལྷ་མོས་བདག་ལ་སྩོལ་ཅིག།
ལྐོག་གྱུར་རྗེས་དཔག་ཚད་མས་གཞལ་བ།།
ལྐོག་གྱུར་རང་གི་མཐོང་ཡང་མ་རྟོགས།།
ལྐོག་གྱུར་ལྷ་མོས་རྟོགས་ཀྱང་མ་བསྟན།།
ལྐོག་གྱུར་ལྷ་མོ་ནམ་ཡང་ལྐོག་གྱུར།།
ལྐོག་གྱུར་ལྷ་མོའི་འཛུམ་ཞལ་མེ་ཏོག།
ལྐོག་གྱུར་ལྷ་མོའི་སྐྱེ་ལུས་ཚིགས་དྲུག།
ལྐོག་གྱུར་ལྷ་མོའི་ལང་ཚོའི་དཔལ་ཡོན།།
ལྐོག་གྱུར་ལྷ་མོའི་རེ་བའི་མིག་ཟུང་།།
ལྐོག་གྱུར་འཇིག་རྟེན་ཆེན་པོའི་ཡུལ་ནས།།
ལྐོག་གྱུར་ལྷ་མོར་རེ་སྒུག་བྱས་ཀྱང་།།
ལྐོག་གྱུར་ལྷ་མོའི་སྙིང་གཏམ་དྲོན་མོ།།
ལྐོག་གྱུར་ལྷ་མོས་ལྐོག་ནས་གསང་བྱུང་།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།