གལ་ཏེ་བཤད་དགོས་ཚེ།

            ཁག་དང་པོ།
སྣང་བ་སྤྲིན་ལ་མ་འདྲེས་གོང་།།
རེ་བ་ཆུ་ཡིས་མ་ཁྱེར་གོང་།།
འདུ་ར་འདི་ཡི་ཡང་དཀྱིལ་དུ།།
ལྟོ་གོས་གཏམ་གྱི་སྙིང་ལ་སིམ།།
 
གཤིབ་ཀྱིན་གཤིབ་ཀྱིན་ཉོག་པར་གྱུར།།
འཛིངས་ཀྱིན་འཛིངས་ཀྱིན་གཡུང་ལ་ཕབ།།
སེམས་ནས་ཐེན་པའི་ཡིག་འབྲུ་དག །།
མིང་དང་ཚིག་གི་བར་ནས་རྙིད།།
 
མཛེས་མཛེས་སྣང་བའི་གདོང་པ་དག །
མེ་ཏོག་འགའ་ཡི་རྩི་ལས་བཞེངས།།
བདེན་བདེན་འདྲ་བའི་གཅམ་བུ་འགའ།།
སྦྲང་རྩི་བཀུས་བའི་ཞལ་ནས་ཐོན།།
 
ཤེས་ཡོན་ལྡོབ་པའི་དན་རྟགས་སུ།།
ཁྲེལ་ལ་གཉོག་པ་ཁོ་ན་འོ།།
བསམ་བློ་དབོས་བའི་མཐའ་མ་ལ།།
མ་མི་མིན་ལ་གོ་བ་ཆགས།།
 
འོས་སུ་རུང་བ་འོས་མིན་ཏེ།།
འོས་ཀྱང་མི་འོས་ཞེས་བརྗོད་བཞིན།།
འོས་དང་མི་འོས་གོ་འཛོལ་ན།།
ད་གཟོད་རྗེས་སུ་ཡི་རང་ངོ།།
      
          ཁག་གཉིས་པ།
ད་ནི་གཞན་ཞིག་སྨྲ་བ་ལ།།
ཉོན་དང་ཉན་རྒྱུ་འདི་འདྲ་འདུག །
ལོག་པར་སྨྲ་ལ་བྲོད་མིན་པས།།
འཇེན་པའི་གཏམ་ཡང་ཞོར་ནས་ཤོར།།
 
སེམས་པ་འཁེན་སའི་གྱེད་མི་ཁྱོད།།
མ་བོས་ཚོགས་པའི་མགྲོན་པོ་འདྲ།།
མ་སྒྲུག་བབས་པའི་ཇ་ཐུན་འདི།།
ལང་ཚོའི་སྤུ་གུ་ལ་དྲངས་ཆོག །
 
འུ་ཚོ་སྦྲེལ་པ་ཁེ་བོ་འདུག།
སྲིད་པ་འདི་ནས་འཁྱོངས་ངེས་རེད།།
སྣང་བ་ཞེ་ནས་མཐུན་ཚོད་རེད།།
མོས་བ་འབེལ་བོ་འཐུང་རྒྱུ་སྲིད།།
 
ཐུབ་པ་དགྱེས་བའི་ལམ་མིན་ཡང་།།
ཕ་མ་མོས་བའི་ཐབས་ཡིན་ན།།
འདི་ཡང་རྒྱུ་འབྲས་ཡིན་ནོ་ཞེས།།
བསོད་ནམས་བསགས་པའི་ཕྱིར་དུ་སྨྲ།།
 
སྲོང་བོའི་ཚིག་ལ་རྨ་མི་བཏོད།།
བདེན་པའི་དོན་ལ་རྒྱན་མི་སྤྲས།།
ཅི་ཙམ་ཐེག་པ་དེ་ཙམ་དུ།།
བློ་ཡི་ཁབ་མིག་ལ་བརྒྱུས་ཡོད།།
         ༢༠༡༢ལོའི་ཟླ་༡༢ཚེས་༢༡གི་དགོང་མོར།།
 

 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གལ་ཏེ་བཤད་དགོས་ཚེ།

2013-01-14 མདོ་མེད་པ་ཁ་དྲག ཀློག་གྲངས། མཆན ཡོད།

            ཁག་དང་པོ།
སྣང་བ་སྤྲིན་ལ་མ་འདྲེས་གོང་།།
རེ་བ་ཆུ་ཡིས་མ་ཁྱེར་གོང་།།
འདུ་ར་འདི་ཡི་ཡང་དཀྱིལ་དུ།།
ལྟོ་གོས་གཏམ་གྱི་སྙིང་ལ་སིམ།།
 
གཤིབ་ཀྱིན་གཤིབ་ཀྱིན་ཉོག་པར་གྱུར།།
འཛིངས་ཀྱིན་འཛིངས་ཀྱིན་གཡུང་ལ་ཕབ།།
སེམས་ནས་ཐེན་པའི་ཡིག་འབྲུ་དག །།
མིང་དང་ཚིག་གི་བར་ནས་རྙིད།།
 
མཛེས་མཛེས་སྣང་བའི་གདོང་པ་དག །
མེ་ཏོག་འགའ་ཡི་རྩི་ལས་བཞེངས།།
བདེན་བདེན་འདྲ་བའི་གཅམ་བུ་འགའ།།
སྦྲང་རྩི་བཀུས་བའི་ཞལ་ནས་ཐོན།།
 
ཤེས་ཡོན་ལྡོབ་པའི་དན་རྟགས་སུ།།
ཁྲེལ་ལ་གཉོག་པ་ཁོ་ན་འོ།།
བསམ་བློ་དབོས་བའི་མཐའ་མ་ལ།།
མ་མི་མིན་ལ་གོ་བ་ཆགས།།
 
འོས་སུ་རུང་བ་འོས་མིན་ཏེ།།
འོས་ཀྱང་མི་འོས་ཞེས་བརྗོད་བཞིན།།
འོས་དང་མི་འོས་གོ་འཛོལ་ན།།
ད་གཟོད་རྗེས་སུ་ཡི་རང་ངོ།།
      
          ཁག་གཉིས་པ།
ད་ནི་གཞན་ཞིག་སྨྲ་བ་ལ།།
ཉོན་དང་ཉན་རྒྱུ་འདི་འདྲ་འདུག །
ལོག་པར་སྨྲ་ལ་བྲོད་མིན་པས།།
འཇེན་པའི་གཏམ་ཡང་ཞོར་ནས་ཤོར།།
 
སེམས་པ་འཁེན་སའི་གྱེད་མི་ཁྱོད།།
མ་བོས་ཚོགས་པའི་མགྲོན་པོ་འདྲ།།
མ་སྒྲུག་བབས་པའི་ཇ་ཐུན་འདི།།
ལང་ཚོའི་སྤུ་གུ་ལ་དྲངས་ཆོག །
 
འུ་ཚོ་སྦྲེལ་པ་ཁེ་བོ་འདུག།
སྲིད་པ་འདི་ནས་འཁྱོངས་ངེས་རེད།།
སྣང་བ་ཞེ་ནས་མཐུན་ཚོད་རེད།།
མོས་བ་འབེལ་བོ་འཐུང་རྒྱུ་སྲིད།།
 
ཐུབ་པ་དགྱེས་བའི་ལམ་མིན་ཡང་།།
ཕ་མ་མོས་བའི་ཐབས་ཡིན་ན།།
འདི་ཡང་རྒྱུ་འབྲས་ཡིན་ནོ་ཞེས།།
བསོད་ནམས་བསགས་པའི་ཕྱིར་དུ་སྨྲ།།
 
སྲོང་བོའི་ཚིག་ལ་རྨ་མི་བཏོད།།
བདེན་པའི་དོན་ལ་རྒྱན་མི་སྤྲས།།
ཅི་ཙམ་ཐེག་པ་དེ་ཙམ་དུ།།
བློ་ཡི་ཁབ་མིག་ལ་བརྒྱུས་ཡོད།།
         ༢༠༡༢ལོའི་ཟླ་༡༢ཚེས་༢༡གི་དགོང་མོར།།
 

 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།