རླུང་འཕྲིན།


༡སྤྲིན་པ་གནམ་ལ་ལྡང་ཡང་།།
སེམས་པ་ཆུ་བོའི་གཞུང་རེད།།
ཆར་ཞོད་ཆེ་བའི་ཞོགས་པར།།
སེམས་གཏམ་གནམ་ནས་ཤོར་སོང་།།

༢རྟ་ཕོའི་སྟེང་གི་རྫི་གླུ།།
རྨིག་པས་མེ་ཏོག་གཏོར་སོང་།།
ཆུང་འདྲེས་ཨ་ལན་སང་སང་།།
སྐྱི་བསེར་རླུང་བའི་གདངས་རེད།།

༣སྟོད་ཀྱི་ཆུ་བོ་ཤང་ཤང་།།
སྨད་ཀྱི་འོ་མ་ཤག་ཤག།
བར་གྱི་གསེར་བུམ་ལམ་ལམ།།
སེམས་ཀྱི་ཕྱི་ནང་ཁྱོད་ཡིན།།

༤རླུང་ལ་སྤྲིངས་བའི་ཤོག་འཕྲིན།།
མི་ཚེ་གང་གི་གཏམ་ཡིན།།
འགྱུར་མེད་རྡོ་རྗེ་ང་ཡིན།།
ང་ཡི་དགའ་དགའ་ཁྱོད་ཡིན།།

༥སྟོན་གྱི་སྡོང་ལོ་གསེར་རེད།།
གསེར་གྱི་ལམ་བུ་ཐང་རེད།།
མཆུ་སྦྱོར་མཉེན་མོ་གློག་རེད།།
ཚོར་བ་རྣོན་པོ་འཆར་རེད།།

༦རྟ་ཁ་ལྷོད་ཀྱིས་བགགས་ཏེ།།
སེམས་གཞས་དལ་གྱིས་འཐེན་དུས།།
རླུང་བུ་རྒྱུ་ཕྱོགས་རྒོད་པས།།
སྤྲིན་པ་ལྷོ་རུ་འཕུར་སོང་།།

༧ཉི་མའི་འོད་ཐིག་སྒང་ལ།།
ལག་ཟུང་རི་མོའི་གྲིབ་རིས།།
བསམ་དབང་མེད་པར་བཀོད་པ།།
རྟག་ཏུ་དྲན་པའི་རང་སྣང་།།

༨ཉི་མའི་འོད་ཆེན་གླགས་ལ།།
མར་གྱི་རང་གཟུགས་ཤོར་ནས།།
ཞུ་འདོད་བསམ་པ་ཡོད་ཀྱང་།།
ཁ་བ་མར་མར་བབས་སོང་།།

༩དུངས་བའི་ཉི་འོད་ཉིན་ལ།།
སྡང་བའི་ཟླ་འོད་མཚན་ལ།།
འཇིག་རྟེན་ཉི་ཟླ་ཟུང་རེད།།
མི་སེམས་རི་མོ་ནང་རེད།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རླུང་འཕྲིན།

2013-01-10 ཐེའུ། ཀློག་གྲངས། མཆན ཡོད།


༡སྤྲིན་པ་གནམ་ལ་ལྡང་ཡང་།།
སེམས་པ་ཆུ་བོའི་གཞུང་རེད།།
ཆར་ཞོད་ཆེ་བའི་ཞོགས་པར།།
སེམས་གཏམ་གནམ་ནས་ཤོར་སོང་།།

༢རྟ་ཕོའི་སྟེང་གི་རྫི་གླུ།།
རྨིག་པས་མེ་ཏོག་གཏོར་སོང་།།
ཆུང་འདྲེས་ཨ་ལན་སང་སང་།།
སྐྱི་བསེར་རླུང་བའི་གདངས་རེད།།

༣སྟོད་ཀྱི་ཆུ་བོ་ཤང་ཤང་།།
སྨད་ཀྱི་འོ་མ་ཤག་ཤག།
བར་གྱི་གསེར་བུམ་ལམ་ལམ།།
སེམས་ཀྱི་ཕྱི་ནང་ཁྱོད་ཡིན།།

༤རླུང་ལ་སྤྲིངས་བའི་ཤོག་འཕྲིན།།
མི་ཚེ་གང་གི་གཏམ་ཡིན།།
འགྱུར་མེད་རྡོ་རྗེ་ང་ཡིན།།
ང་ཡི་དགའ་དགའ་ཁྱོད་ཡིན།།

༥སྟོན་གྱི་སྡོང་ལོ་གསེར་རེད།།
གསེར་གྱི་ལམ་བུ་ཐང་རེད།།
མཆུ་སྦྱོར་མཉེན་མོ་གློག་རེད།།
ཚོར་བ་རྣོན་པོ་འཆར་རེད།།

༦རྟ་ཁ་ལྷོད་ཀྱིས་བགགས་ཏེ།།
སེམས་གཞས་དལ་གྱིས་འཐེན་དུས།།
རླུང་བུ་རྒྱུ་ཕྱོགས་རྒོད་པས།།
སྤྲིན་པ་ལྷོ་རུ་འཕུར་སོང་།།

༧ཉི་མའི་འོད་ཐིག་སྒང་ལ།།
ལག་ཟུང་རི་མོའི་གྲིབ་རིས།།
བསམ་དབང་མེད་པར་བཀོད་པ།།
རྟག་ཏུ་དྲན་པའི་རང་སྣང་།།

༨ཉི་མའི་འོད་ཆེན་གླགས་ལ།།
མར་གྱི་རང་གཟུགས་ཤོར་ནས།།
ཞུ་འདོད་བསམ་པ་ཡོད་ཀྱང་།།
ཁ་བ་མར་མར་བབས་སོང་།།

༩དུངས་བའི་ཉི་འོད་ཉིན་ལ།།
སྡང་བའི་ཟླ་འོད་མཚན་ལ།།
འཇིག་རྟེན་ཉི་ཟླ་ཟུང་རེད།།
མི་སེམས་རི་མོ་ནང་རེད།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།