ཚིག་གསུམ་ལྷོད་ཤ་ཅན་པོ།

རིན་ཆེན་རྡོ་རྗེ།༼མཚོ་སྔོན་མི་ར མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-01-07

          ༡
དྲི་ཞིམ་གཙང་ཆབ་སྔོན་མོ།།སྨྱུག་གུས་ལན་གསུམ་རྔུབས་ཏེ།།
བྱང་དཀར་ཤོག་བུའི་སྟེང་ལ།།ཚིག་གསུམ་སྟར་ལ་བརྒྱུ་འདོད།།
ཅི་ཞིག་འབྲི་རྒྱུ་མ་རྙེད།། ཇི་ལྟར་འབྲི་དགོས་མ་ཤེས།།
སྣང་ཡུལ་གང་ལ་བལྟས་ཀྱང་།།ཁྱོད་ཀྱི་འཛུམ་དཀར་གཅིག་པུ།།
        ༢
ལས་དང་གོ་འཛོལ་ཞིག་གིས།། སྟོན་རླུང་དལ་གྱིས་ལྡང་དུས།།
བསིལ་འཇམ་རླུང་བུའི་ཁྲོད་ན།། ཁྱེད་ཀྱི་སྐྲ་ལོ་ཤམས་ཤམས།།
རྫས་དང་མཆོར་གྱིས་མ་སྤེད།། ལང་ཚོ་མིག་ལ་མཛེས་པ།།
ཟོལ་དང་གཡོ་སྒྱུས་མ་བསླད།། གཤིས་ཀ་བློ་ལ་བབས་སོང་།།
འཛུམ་ཞལ་མིག་གི་མདུན་རེད།། དགོད་སྒྲ་རྣ་བའི་འགྲམ་རེད།།
སྐུ་གཟུགས་ལག་པས་ཟིན་ཀྱང་།། སེམས་པ་སྨག་ནང་ཨབ་སྙོབས།།
       ༣
བགྲང་བྱ་མར་འབབ་གཙང་བོ།། མདུན་ནས་མདུན་དུ་རྒྱུགས་ཀྱང་།།
བརྩེ་སེམས་གོར་མོ་རྡོ་ལ།། ཟོང་ཁ་མ་ཤོར་ལུས་ཡོད།།
ལོ་དང་ཟླ་བར་བསྙལ་བའི།། སྙིང་གཏམ་ལོ་ཆང་ཁམ་པ།།
དུང་བའི་གསེར་སྐྱེམས་མཆོད་དུས།། ལག་ཟུང་རླུང་ཁའི་དར་ལྕོག །
རྩྭ་ལྗང་སྦྲང་ཆར་མཁོ་བ།། རྨ་བྱས་འབྲུག་སྒྲར་སྨོན་པ།།
རེ་བ་འབུམ་གྱི་ཀློང་ན།། ཁྱེད་ཀྱི་ལང་ཚོར་སྒུག་ཡོད།།
རེ་བའི་མེ་དཔུང་གསེང་ལ།། བསམ་གཞིགས་འོ་མཚོ་སྲུབས་ཏེ།།
འབྲི་མར་ཞུན་མའི་ཉིང་ཁུ།། འཛུམ་དང་ལྷོད་ཀྱིས་ལྡུག་རོགས།།
དྭངས་གསལ་བརྩེ་བའི་ཟིལ་བ།།རྩྭ་ལྗང་མགོ་ན་མཛེས་པ།།
ཕྱོགས་མེད་ཐོར་རླུང་གཡུགས་ན།། སྲ་མོ་རྡོ་ལས་ཚལ་འགྲོ །
         ༤
སྙིང་ཁ་ཆོས་ཀྱི་འཁོར་ལོར།། སོར་བཅུ་བསྙིམས་པར་སྦྱར་ཏེ།།
གཞིས་ཁྱིམ་གཅིག་ཏུ་སྡོད་པའི།། སྨོན་ལམ་ལན་བརྒྱར་བཏབ་ཡོད།།
གནམ་ས་ཡུག་ཏུ་འབྲེལ་བའི།། ཡངས་པའི་རྩྭ་ཐང་ཕང་བར།།
མཐིང་སྨུག་སྒོ་རུ་བརྒྱངས་ན།། ཁྱོད་རང་བདག་མོར་ཕེབས་རོགས།།
གཡུ་བྱུར་རྒྱན་ཆས་སྤྲས་ཏེ།།ཀླུ་རྟར་ཆིབས་རྒྱུ་བྱུང་ན།།
མཛེས་པའི་ལྷ་མོ་མི་དགོས།། ཀླུ་རྒྱལ་ནོར་ལ་མི་རྔམས།།
ལུས་ཟུང་གཟུགས་དང་གྲིབ་མ།། སེམས་པའི་འོ་ཆུ་འདྲེས་ན།།
རྩམ་སྐྱ་ཆུ་ལ་བཏབ་ནས།། བཏུང་ཡང་དེ་ལས་མངར་བ།།
           ༥
ཚིག་རྒྱའི་མདོ་རྩའི་མདུད་པ།།དར་མ་ལྕེ་ཡིས་མ་ཁྲོལ།།                                            
སེམས་གཏམ་རུས་རྐང་ཞུན་མའི།། དྭངས་མ་སྨྱུག་རྩེར་བསྐྱིལ་ཡོད།།
སུ་ཡིན་གང་ལ་མ་འདྲི།། མེ་ལོང་ནང་ལ་ལྟོས་དང་།།
རང་ལྡོག་མཛེས་ཞལ་གཡས་ན།། ནས་འབྲུ་སྲེག་མའི་ཤུལ་ཡོད།།
བུ་མོ་ཨ་མཚར་མ་སྐྱེས།། དུང་བའི་འཛུམ་ཞིག་སྟོན་དང་།།
ཉི་ཟླའི་རྣ་ཆ་ཟུང་དང་།། སྐར་མའི་དོ་ཤལ་བསྒྲིགས་ཡོད།།
སེམས་པའི་སྒམ་ལ་ཉར་བའི།།སྙིང་གཏམ་མུ་ཏིག་ཟེགས་མ།།
འཛུམ་པའི་འོད་ཀྱིས་ཕྱེ་སྟེ།།ཐང་ལ་ཐོར་ཏུ་མ་འཇུག  །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚིག་གསུམ་ལྷོད་ཤ་ཅན་པོ།

2013-01-07 རིན་ཆེན་རྡོ་རྗེ།༼མཚོ་སྔོན་མི་ར ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།