ང་དང་སྒྲོལ་མའི་དུངས་པ།


སྒྲོལ་མའི་དུངས་པ་ཁྱེར་ནས། །
རེབ་གོང་གཞུང་ལ་སླེབས་ཡོད།།
བདག་གི་མིག་ཟུང་གཉོམ་པོ།  །
སྒྲོལ་མའི་བརླ་ན་ལུས་ཡོད།  །
 
དོ་ནུབ་གློག་སྒྲོན་འོག་ནས། །
མིག་ཟུང་བཙན་གྱིས་བཙུམ་ཡང་། །
བྲང་གི་མྱོས་བུམ་ཟུང་གཅིག །
སྒོམ་ན་ཆགས་པ་རྒྱས་འདུག །
 
རྨི་ལམ་ཐུན་གཉིས་ནང་ན ། །
སྒྲོལ་མའི་ལག་ཟུང་གཉིས་ཀའི། །
བདག་གི་འགྲམ་པའི་མཁུར་ཚོས། །
ཧུར་གྱིས་འོ་ཞིག་བྱེད་ཐལ། །
རྨི་ལམ་ཐ་མའི་ཆ་ལ། །
དགའ་བདེ་དཀྱིལ་འཁོར་ནང་དུ། །
གཡོས་རྒྱུ་སྦོམ་པོ་ཞིག་གིས། །
ཆོས་ཀྱི་འཁོར་ལོ་བསྐོར་ཡོད། །
 
 ཉི་གཞོན་རྩེ་ནས་འཆར་དུས། །
གྱེས་ཁའི་བདེ་མོ་བཞག་ན། །
གསེར་གཞོང་ཐང་གི་གསར་བུ། །
མགྱོགས་མོ་རླུང་ལ་བཞོན་སོང་། །
ཚན་པ་གཉིས་པ།
ཁང་ཁྱིམ་དྲོད་མོའི་ནང་ནས། །
འོ་ཇ་མངར་མོ་འཐུང་ཞོར།  །
སེམས་ཀྱི་སྒྲོལ་མ་སྒོམ་ན། །
ལག་འཛིན་སྐད་རིན་ཆད་འདུག །
 
དྲན་པའི་མ་བཟོད་སྐབས་ལ། །
ཁྱིམ་སྤྱོད་ཁ་པར་ནང་ལ། །
ཆ་མེད་ཨང་གྲངས་ཤིག་གིས། །
བསྟུན་མར་བརྡ་ཞིག་བཏང་ཐལ། །
 
ཕྱིར་དུ་བསྣན་མ་ཐག་ཏུ། །
སྐང་ངག་གཉོམ་པོ་ཞིག་གིས། །
གསེར་གཞོང་གསར་བུ་ཡིན་ནམ། །
ཟེར་བའི་འདྲི་གཞི་གནང་ཐལ། །
 
ཡིན་མིན་སྐད་ལན་མ་བྱིན། །
སྐད་ལ་ཞིབ་ཏུ་བརྟག་ན། །
སྒྲོལ་མ་ལོས་ཡིན་བསམ་གི །
སེམས་དོགས་མ་སེལ་གོང་ལ། །
 
དེ་དགོང་ཨེ་ཁོམ་འདྲི་གི །
ལོས་ཁོམ་སྙིང་གི་དགའ་ལོ། །
ཁྱེད་རང་ཡོང་བ་བསམ་ན། །
ཚ་ཐབ་བརྫངས་ནས་སྒུག་ཡོད། །
 
ལོས་ཡོང་སེམས་པའི་གཅེས་ལོ། །
དྲིན་ཆེན་གཉིད་ལ་ཤོར་དུས། །
སྟབས་བདེ་ལག་གློག་ཁྱེར་ར། །
མི་འགོར་རེམ་མ་ཐོན་ན། །
 
སྒྲོལ་མ་ཡོང་བ་བསམ་ནས། །
སྒོ་དང་སྒེའུ་ཁུང་ཕྱེས་ཡོད། །
སྒྲོལ་མ་ཡོང་ནི་མ་སྒོས། །
ཐབ་ཀྱི་བ་མ་རྐུས་སོང་། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་དང་སྒྲོལ་མའི་དུངས་པ།

2013-01-06 མགར་འཇམ་བསམ། ཀློག་གྲངས། མཆན ཡོད།


སྒྲོལ་མའི་དུངས་པ་ཁྱེར་ནས། །
རེབ་གོང་གཞུང་ལ་སླེབས་ཡོད།།
བདག་གི་མིག་ཟུང་གཉོམ་པོ།  །
སྒྲོལ་མའི་བརླ་ན་ལུས་ཡོད།  །
 
དོ་ནུབ་གློག་སྒྲོན་འོག་ནས། །
མིག་ཟུང་བཙན་གྱིས་བཙུམ་ཡང་། །
བྲང་གི་མྱོས་བུམ་ཟུང་གཅིག །
སྒོམ་ན་ཆགས་པ་རྒྱས་འདུག །
 
རྨི་ལམ་ཐུན་གཉིས་ནང་ན ། །
སྒྲོལ་མའི་ལག་ཟུང་གཉིས་ཀའི། །
བདག་གི་འགྲམ་པའི་མཁུར་ཚོས། །
ཧུར་གྱིས་འོ་ཞིག་བྱེད་ཐལ། །
རྨི་ལམ་ཐ་མའི་ཆ་ལ། །
དགའ་བདེ་དཀྱིལ་འཁོར་ནང་དུ། །
གཡོས་རྒྱུ་སྦོམ་པོ་ཞིག་གིས། །
ཆོས་ཀྱི་འཁོར་ལོ་བསྐོར་ཡོད། །
 
 ཉི་གཞོན་རྩེ་ནས་འཆར་དུས། །
གྱེས་ཁའི་བདེ་མོ་བཞག་ན། །
གསེར་གཞོང་ཐང་གི་གསར་བུ། །
མགྱོགས་མོ་རླུང་ལ་བཞོན་སོང་། །
ཚན་པ་གཉིས་པ།
ཁང་ཁྱིམ་དྲོད་མོའི་ནང་ནས། །
འོ་ཇ་མངར་མོ་འཐུང་ཞོར།  །
སེམས་ཀྱི་སྒྲོལ་མ་སྒོམ་ན། །
ལག་འཛིན་སྐད་རིན་ཆད་འདུག །
 
དྲན་པའི་མ་བཟོད་སྐབས་ལ། །
ཁྱིམ་སྤྱོད་ཁ་པར་ནང་ལ། །
ཆ་མེད་ཨང་གྲངས་ཤིག་གིས། །
བསྟུན་མར་བརྡ་ཞིག་བཏང་ཐལ། །
 
ཕྱིར་དུ་བསྣན་མ་ཐག་ཏུ། །
སྐང་ངག་གཉོམ་པོ་ཞིག་གིས། །
གསེར་གཞོང་གསར་བུ་ཡིན་ནམ། །
ཟེར་བའི་འདྲི་གཞི་གནང་ཐལ། །
 
ཡིན་མིན་སྐད་ལན་མ་བྱིན། །
སྐད་ལ་ཞིབ་ཏུ་བརྟག་ན། །
སྒྲོལ་མ་ལོས་ཡིན་བསམ་གི །
སེམས་དོགས་མ་སེལ་གོང་ལ། །
 
དེ་དགོང་ཨེ་ཁོམ་འདྲི་གི །
ལོས་ཁོམ་སྙིང་གི་དགའ་ལོ། །
ཁྱེད་རང་ཡོང་བ་བསམ་ན། །
ཚ་ཐབ་བརྫངས་ནས་སྒུག་ཡོད། །
 
ལོས་ཡོང་སེམས་པའི་གཅེས་ལོ། །
དྲིན་ཆེན་གཉིད་ལ་ཤོར་དུས། །
སྟབས་བདེ་ལག་གློག་ཁྱེར་ར། །
མི་འགོར་རེམ་མ་ཐོན་ན། །
 
སྒྲོལ་མ་ཡོང་བ་བསམ་ནས། །
སྒོ་དང་སྒེའུ་ཁུང་ཕྱེས་ཡོད། །
སྒྲོལ་མ་ཡོང་ནི་མ་སྒོས། །
ཐབ་ཀྱི་བ་མ་རྐུས་སོང་། །

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།