ང་དང་སྙན་ངག

བདག་གི་སྙིང་གི་དཀྱིལ་ན་འཕྱོ་བའི་དམར་ཆུང་སེམས་ན་སྙན་ངག་ལྡིང་།།
ཡ་ཐོད་སྤྱན་གྱི་ཁྲ་ཆུང་མིག་གཉིས་ཧུར་གྱིས་ཅེར་ནས་སྙན་ངག་བལྟས།།
མགྲིན་པའི་དབྱངས་ཀྱི་བུ་ག་ཕྲ་མོའི་གྲེ་འགྱུར་བར་ནས་སྙན་ངག་གྱེར།།
ཕྱག་ཟུང་སོར་བཅུའི་འདུ་བཀོད་ཡངས་མོ་གར་དུ་རྩེན་དུས་་སྙན་ངག་བྲིས།།
 
འདས་པའི་ལོ་ཟླའི་ཀྱག་་ཀྱག་ངོགས་ནས་སྙན་ངག་ངེད་གཉིས་མཉམ་ཏུ་སོན།།
ད་ལྟའི་འཁྲུགས་ཆའི་དུས་ཚོད་རྒོད་པོ་སྙན་ངག་ངེད་གཉིས་མཉམ་ཏུ་འགྲོ།།
མ་འོངས་ཕུག་བསམ་རིང་མོ་བཞུར་རྒྱུན་ང་དང་སྙན་ངག་མཉམ་ཏུ་རྒས་།།
མི་ཚེའི་ཕྲ་མོ་ཕྲེང་ཐག་རིང་མོ་སྙན་ངག་ངེད་གཉིེས་མཉམ་བཞུད།།
 
དབྱར་གསུམ་ཁུ་ལོ་གསུང་སྐད་སྒྲོག་དུས་སེམས་ལ་ཤར་བ་སྙན་ངག་རེད།།
དགུན་དུས་ས་གཞི་གོས་ཀྱི་གཡོགས་དུས་ཡིད་ལ་འཆར་བ་སྙན་ངག་རེད།།
སྟོན་དུས་ཞིང་ཚུགས་ལོ་ལེགས་འབྲེགས་དུས་སེམས་ལ་སྒོམ་པ་སྙན་ངག་རེད།།
དཔྱིད་གསུམ་ཕྱུགས་རིགས་སྤང་ལ་བཀྲམ་དུས་སྐྱིད་ཀྱི་སེམས་གླུ་སྙན་ངག་རེད།།
 
མཚན་མའི་སྨག་རིམ་མཐུག་པོའི་ཁྲོད་ནས་རོགས་ལོ་བཙལ་དུས་སྙན་ངག་གླེང་།།
ན་མཉམ་སྤུན་ཟླའི་གྲལ་ལ་ཚོགས་ནས་ཝུ་ཆང་འཐུང་དུས་སྙན་ངག་གླེང་།།
སིམ་སིམ་མཚན་མོའི་གློག་སྒྲོན་འོག་ནས་སྙིང་གཏམ་བཤད་དུས་སྙན་ངག་གླེང་།
ལྡེམ་ལྡེམ་འཁྱུགས་རྩལ་ཞབས་བྲོའི་གར་སྟབས་རྩལ་གྱིས་ངོམས་དུས་་སྙན་ངག་གླེང་།།
 
དགྲ་ལ་རྒོལ་བའི་མཚོན་ཆ་ཉག་གཅིག་རལ་གྲི་ངར་མ་སྙན་ངག་ཡིན།།
གཉེན་ལ་མཐུན་པའི་སེམས་ཀྱི་བྱམས་སྐྱོང་ཤེལ་ཀྱི་སྒོང་ང་སྙན་ངག་ཡིན།།
གྲོགས་ལ་འཕྲད་པའི་ཡིད་ཀྱི་དགའ་སྟོན་བདུད་རྩི་ཆང་དཀར་སྙན་ངག་ཡིན།།
མཛའ་མོ་འཐམ་དུས་དྲོད་ཀྱི་རླངས་བ་མེ་ཡི་འོད་གོར་སྙན་ངག་ཡིན།།
 
ཁེར་རྐྱང་ལོ་ཟླའི་སྐྱོ་ངོགས་རིང་མོ་འདུག་རོགས་བྱེད་མཁན་སྙན་ངག་ཡིན།།
འཛོམས་པའི་སྐྱིད་ཀྱི་གླུ་ཆུང་ལེན་ཉིན་སེམས་ཀྱི་དགའ་ཚོར་སྙན་ངག་ཡིན།།
དུང་བའི་སྙིང་གཏམ་མི་ལ་བཤད་ཉིན་ཡིད་ཀྱི་ཚོར་འདུ་སྙན་ངག་ཡིན།།
འདས་མ་ད་ཡི་ལུས་སེམས་འདི་ན་མཉམ་ཏུ་རྩེན་པ་སྙན་ངག་ཡིན།།
 
            ༢༠༡༢་༡༢་༦་ཉིན་རང་ཤག་ནས་བྲིས་།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་དང་སྙན་ངག

2013-01-06 སོག་མདའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།