ཨ་མ་དྲན་གླུ།

བར་ཐག་ལེ་དབར་ཁྲི་ཡི་རྒྱང་ཆོད་ན་བཞུགས་པའི།།
བཀའ་དྲིན་གཞལ་མཐའ་བྲལ་བའི་དྲིན་ཆེན་གྱི་མ་ལོ།།
དྲན་པ་སེམས་ཀྱི་ངོས་སུ་ཡང་ཡང་དུ་ཤར་དུས།།
གདུང་དབྱངས་ངག་ནས་སྐྱོ་གླུ་དབང་མེད་དུ་ཤོར་སོང་།།
 
དྭངས་གཙང་དྲི་མེད་སེམས་ཀྱི་བརྩེ་བ་ཡི་གཉོར་ཞིང་།།
དཀར་འཇམ་གོས་གྱི་ལྭ་བ་གང་ཡག་དེ་གཡོགས་ནས།།
གང་ཞིམ་ཟས་ཀྱི་བསྐྱངས་བའི་དྲིན་ཆེན་གྱི་མ་ལོ།།
དྲན་དྲན་བུ་ངའི་སེམས་ཀྱི་གཏིང་རུམ་ནས་དྲན་སོང་།།
 
དཀའ་བརྩེགས་ལོ་ཟླའི་རི་མོ་ལ་ཐོད་ལ་བཟུང་ནས།།
དུས་བཞིའི་ལས་ཚེགས་ལྗི་མོ་རྒྱབ་ལྟག་ཏུ་གཡུགས་ནས།།
བུ་ལོ་བདེ་སྡུག་བསམ་པའི་དྲིན་ཆེན་གྱི་མ་ལོ།།

ཐུལ་དཀར་འབྲི་མོ་བཞོས་བའི་དྭངས་གཙང་ཀྱི་འོ་མ།།
མ་ལོ་ཕྱག་གིས་བཟོས་པའི་གསེར་འོད་གྱི་མར་ལོ།།
ཞིམ་མངར་བཅུད་ཟས་གནང་པའི་དྲིན་ཆེན་གྱི་མ་ལོ།།
དྲན་དྲན་བུ་ངའི་སེམས་ཀྱི་གཏིང་རུམ་ནས་དྲན་སོང་།
 
ཞིམ་མངར་བཅུད་ཀྱི་ཕྱུགས་པའི་ཤ་ཐུད་དང་རྩམ་པ།།
ཟས་གྱི་དྭངས་མ་གང་ཞིམ་གང་ཡག་ཅིག་ཡོད་ན།།
ཕངས་མེད་ང་ལ་སྤྲད་པའི་དྲིན་ཆེན་གྱི་མ་ལོ།།
དྲན་དྲན་བུ་ངའི་སེམས་ཀྱི་གཏིང་རུམ་ནས་དྲན་བྱུང་།།
 
འཇའ་དྲུག་གོས་ཀྱི་ཕྲུག་ལ་བུ་ཆུང་ང་གཡོགས་ཞིང་།།
དགུ་བརྩེགས་ལྷན་པ་བརྒྱབ་པའི་ལྭ་རྙིང་དེ་གོན་ནས།།
ཚིམས་པའི་ཡིད་ལ་སྤྲོ་སྟེར་དྲིན་ཆེན་གྱི་མ་ལོ།།

དབྱར་གྱི་ཆར་ཆུའི་ཁྲོད་ཀྱི་ལྕི་འདམ་གྱི་ནང་ནས།།
དཀའ་ལས་ལུས་ཀྱི་རྔུལ་ཆུ་ཕྱག་སོར་གྱིས་ཕྱེས་ནས།།
ཁྱིམ་གྱི་ཡོད་ཚད་ཁུར་བའི་དྲིན་ཆེན་མ་ལོ།།
དྲན་དྲན་བུ་ལོ་སེམས་ཀྱི་གཏིང་རུམ་ནས་དྲན་བྱུང་།།
 
དཔྱིད་གསུམ་སོས་དལ་མེད་པའི་ཉིན་ཞག་གྱི་ཁྲོད་ནས།།
ཐག་འཐག་བལ་འཁེལ་སྣ་མང་ལས་ཀ་ལ་བྲེལ་དེ།།
ཇ་ཧུབ་འཐུང་ཁོམ་མེད་པའི་དྲིན་ཆེན་གྱི་མ་ལོ།།

སྟོན་གསུམ་འབྲུ་དྲུག་ལོ་ལེགས་སྡུད་པ་ལ་བྲེལ་ནས།།
ཞོགས་པའི་ཉི་གཞོན་ཤར་ནས་འཚམས་སྤྲིན་གྱི་བར་དུ།།
ཞིང་ཚུགས་གྲུ་བཞིའི་ནང་གི་དྲིན་ཆེན་གྱི་མ་ལོ།།
དྲན་དྲན་བུ་ངའི་སེམས་གྱི་གཏིང་རུམ་ནས་དྲན་བྱུང་།།
 
དགུན་གསུམ་གྲང་རག་རྣོ་པོ་ལུས་པོ་ཀུན་གཙེས་ཀྱང།།
ནོར་ལྷས་གོར་མོ་ནང་ནས་ལྕེ་འཁྱགས་ཀུན་འཐུས་པས།།
སེམས་པ་འཁྱགས་ཀྱི་མེད་པའི་དྲིན་ཆེན་གྱི་མ་ལོ།།

ཤེས་རིག་ནོར་བའི་སློབ་གླིང་ཡངས་པོ་རུ་འགྲིམས་དུས།།
བུ་ལོ་ལྟོགས་ཀྱིས་དོགས་ནས་གང་མཁོ་གི་བྲོ་ཟས།།
མར་ཆུར་ཆད་མེད་བསྐུར་་བའི་དྲིན་ཆེན་གྱི་མ་ལོ།།

བུ་ཡུག་ཞག་གི་གནམ་གཤིས་ཇེ་འཁྱགས་ལ་འགྲོ་དུས།།
བུ་ལོ་གྲང་གི་དོགས་ནས་གོས་ཚར་རྣམས་བསྣམས་ནས།།
སློབ་གྲྭའི་རྭ་བར་སླེབས་པའི་དྲིན་ཆེན་གྱི་ཨ་མ།།

བུ་ང་གང་དུ་འགྲོ་བའི་ལམ་ཆས་ཞིག་བྱས་ན།
སེམས་ཀྱི་ཀུན་བླངས་བའི་ཞིམ་མངར་གྱི་འོ་་དེ།།
དཔྲལ་བའི་ཐོག་ལ་བསྐྱལ་བའི་དྲིན་ཆེན་གྱི་མ་ལོ།།

སྐྱབས་གསུམ་གསོལ་འདེབས་བྱས་ན་བུ་ངའི་ཆེད་ཡིན་ཞིང་།།
མཆོད་གསུམ་ལྷ་བཅོལ་ན་བུ་ངའི་ཆེད་ཡིན་པས།།
མི་ཡུལ་འཇིག་རྟེན་འདི་ཡི་དྲིན་ཆེན་གྱི་མ་ལོ།།

མ་ཐུག་ལོ་ཟླའི་སྐྱོ་ངོགས་རིང་མོ་ཡི་ཁྲོད་ནས།།
མ་ལོའི་ནག་སྣུམ་སྐྲ་ལོ་ཁ་བ་ཡི་ཟོས་པས་།།
སེམས་པ་ཁྱེད་ཕྱོགས་འཕུར་ཡོད་དྲིན་ཆེན་གྱི་མ་ལོ།།
བུ་ལོ་མཇལ་བ་སྒུག་དང་་གང་མགྱོགས་ངང་སླེབས།།
 
མ་ཐུག་ལོ་ཟླའི་རིང་མོ་སྐྱོ་ངོགས་གསེང་ནས་།།
དཔྲལ་བའི་ཐོད་ལ་མི་འདོད་གཉེར་མ་ཡི་ཁེངས་དུས།།
སེམས་པ་གཤོག་ཐོག་ཨ་མའི་ས་ཕྱོགས་དེ་འཕུར་ནས།།
ཨ་མ་ལྷན་གཅིག་མཇལ་བའི་ཐུགས་རྗེ་རེ་གཟིགས་རོགས།།
 
སྤྲིན་པ་དཀར་བོ་བང་རིམ་དལ་དལ་གྱིས་ངང་ནས།
ས་འཛིན་ཨ་མ་བཞུགས་པའི་གནས་ཡུལ་དེ་བསྐྱོད་ན།།
རང་སེམས་ཨ་མ་དྲན་པའི་སྐྱོ་དབྱངས་འགྱུར་ཁུག།།
བོད་ཀྱི་ཡུལ་ན་བཞུགས་པའི་མ་ཡུམ་ལ་གསུངས་རོགས།།
        ༢༠༡༢་༡༢་༢༨་ཉིན་རང་ཤག་ནས་བྲིས།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མ་དྲན་གླུ།

2012-12-22 སོག་མདའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།