ཨ་ཁུ་བན་ལོག་ང་འབྲུག་ཡུལ་གཞུང་ན་ཡོད།༼ཞར་བཀོད་གཅིག་ཡོད༽


ཨ་ཁུ་བན་ལོག་ང་འབྲུག་ཡུལ་གཞུང་ན་ཡོད།།
ཧ་ཅང་ཆུང་ཆུང་གི་བཙུན་མའི་དགེ་རྒན་ཡིན།།
ཨ་ཅེ་འབྲུག་མོ་ཚོ་བརྩེ་རོགས་འདུག་རོགས་ཡིན།།
ཧ་ལམ་མི་ཕྱེད་འདི་ས་མཐའི་ཡུལ་ནས་རྫོགས།།

ས་གཞི་རེབ་གོང་གི་ཡུལ་ནས་སྐྱེས་མོད་ཀྱང་།།
ཤ་མར་ཐུད་གསུམ་གྱི་བྲོ་བ་བརྗེད་ཐབས་བྲལ།།
ལ་ལུང་རྒྱལ་ཁམས་ནི་འགྲིམས་ནས་ཡུན་རིང་འགོར།།
ར་ཤ་བྱ་ཤ་ནི་སྤངས་ནས་ཡུན་རིང་འགོར།།

ཡ་རབས་ཀུན་སྤྱོད་ཀྱི་གཤིས་རྒྱུད་འདི་ན་མཆིས།།
འ་འུར་ཆོས་སྤྱོད་ཀྱི་ཞལ་འདོན་འདི་ན་འདུག
ཟ་མ་བཟང་ངན་གྱི་ལེགས་ཉེས་འདི་ན་མེད།།
ཞྭ་དམར་བསྟན་པ་ལ་དད་མཁན་ཤིན་ཏུ་མང་།།

ཝ་ལེར་ཕ་ཡུལ་དེ་དྲན་ན་མིག་ཆུ་འཁྱིལ།།
ཛ་རེ་ཛོ་རེ་ཡི་འཕྲིན་ཡིག་ཁ་ཤས་བྲིས།།
ཚ་བ་ཆེ་དུས་སུ་ལྷག་ཏུ་ཕ་ཡུལ་དྲན།།
ཙ་རི་དབེན་གནས་འདིར་བསྡད་ཀྱང་སྙིང་པོ་ཅི།།

མ་རབས་པྲ་ཚགས་ངང་དབྱིན་མོའི་ལྐུབ་ལ་རྒྱུགས།།
བ་ལང་དུད་འགྲོ་ལྟར་མོ་མཚན་ལྕེ་ཡིས་བལྡགས།།
ཕ་རོལ་ཁྱིམ་མཚེས་ཀྱི་རྒན་མོའི་རུམ་དུ་འཛུལ།།
པ་ལོ་སྐྲ་མེད་ཀྱི་ཨ་ནེའི་སྡོམ་པ་རྫོགས།།

ན་ཆུང་མཛེས་མ་ཚོ་ཉིན་བརྗེ་མཚན་བརྗེ་བྱས།།
ད་དུང་གཞང་ཁང་ནང་ཉིན་རྒྱུགས་མཚན་རྒྱུགས་བྱས།།
ཐ་ཤལ་མ་རབས་འགའ་འགྲོགས་ནས་ཆང་ནག་འཐུངས།།
ཏ་ལེན་རྒྱབ་ཁུག་དེ་སྟོང་བ་ཡིན་ལས་ཆེ།།

ཉ་སྟུ་ཆེ་ཆུང་དང་ཡག་ཙོག་མི་བལྟ་བར།།
ཇ་ཡུན་ཙམ་ཞིག་ལ་འཁྲིད་ལས་བུད་འགྲོ་ནོ།།
ཆ་མེད་མི་ཞིག་གིས་རིག་ན་སྐྲག་འགྲོ་བ།།
ཅ་ལག་རྙིང་བ་དེ་བདག་གི་རྒྱན་ཞིག་ཡིན།།

ང་ལ་དགོས་པ་དེ་བཙུན་མོའི་དབུ་མཛད་ཡིན།།
ག་ས་གང་ནས་ཀྱང་མཐོང་ན་སེམས་ཤོར་གི།
ཁ་སང་དཔེ་ཁྲིད་སྐབས་ཟུར་མིག་ཐེངས་གཅིག་བལྟས།།
ཀྭ་ཡེ་དོ་དགོང་ཁྱེད་འདི་རུ་ཨེ་ཡོང་ངམ།།
                         2012.1.12 ཉིན་འབྲུག་ཡུལ་ནས།
 

       ཨ་ཁུ་བན་ལོག་གི་སྐྱོ་གླུ།

ཨ་ཁུ་བན་ལོག་ང་འབྲུག་ཡུལ་སླེབས་དུས་ན།།
ཨ་ནེ་མཁའ་འགྲོ་མ་གཞན་གྱི་ལག་ཏུ་ཤོར།།
ཧ་ཅང་ཐག་རིང་གི་ནུབ་ཕྱོགས་ཡུལ་གྲུ་རུ།།
ཧ་ལམ་ཟླ་གཉིས་ཀྱི་སྔོན་ལ་བུད་སོང་ཟེར།།

ས་འདིའི་བུ་མོ་ཚོ་བློ་གཏད་མི་འདུག་ཨང་།།
ཤ་རུས་བརྩེ་དུང་འདི་སྙིང་པོ་མི་འདུག་ཨང་།།
ལ་རྒྱའི་དམ་ཚིག་ལ་བདག་པོ་མི་འདུག་ཨང་།།
ར་རོའི་ཆགས་སེམས་འདི་འགོག་ཐབས་མི་འདུག་ཨང་།།

ཡ་གིའི་བལ་མོ་དེའི་སེམས་པ་ཆུ་ལ་བསྐུར།།
འ་ཅག་རྒྱ་བཟའ་དེའི་རེ་འདོད་རླུང་ལ་བསྐུར།།
ཟ་ཧོར་མཛེས་མ་དེའི་ཟུར་མིག་ཐང་ལ་བཞག།
ཞྭ་སེར་བསྟན་བདག་གི་ཨ་ནེ་གང་དུ་བཞུད།།

ཝ་ལེར་འཆར་བ་ཡི་ཁོ་མོའི་སྣང་བརྙན་དེ།།
ཛ་ལང་ཁེངས་དྲེགས་ཀྱིས་ལན་གཅིག་སྟོར་ན་བསམ།།
ཚ་གྲང་འཐབ་པ་ཡི་སྨྱོ་ནད་འཕར་དུས་སུ།།
ཙ་རིར་གནས་སྐོར་ལ་ལན་གཅིག་འགྲོ་ན་བསམ།།

མ་རབས་ཨ་ནེ་འགའི་ལྐོག་ནས་ཟུར་མིག་འཕེན།།
བ་ལང་དུད་འགྲོ་ལྟར་མདུན་ནས་འགྲོ་ལམ་བཀག།
ཕ་རོལ་སྡོམ་པ་དེ་རྫོགས་པའི་སྐད་གྲགས་ཆེ།།
པ་ལོ་སྐྲ་ལོ་ཚོ་ངོ་མ་སྙིང་རེ་རྗེ།།

ན་ནིང་མི་འགྱུར་གྱི་དམ་བཅའ་བྲག་ལ་བརྐོས།།
ད་ལོ་ཕྱི་གླིང་གི་མགོ་སེར་རྗེས་སུ་འབྲངས།།
ཐ་ཤལ་བན་ལོག་ངའི་ཞེ་སེམས་སྡུག་གིས་བཀང་།།
ཏ་ཐཱའི་བསྟན་པ་ལ་ཡང་བསྐྱར་ཞུགས་ན་བསམ།།

ཉ་མ་ཆུང་ཆུང་དེ་སེམས་ནས་བརྗེད་ཐབས་དཀའ།།
ཇ་ཆང་སྐྱིད་རོལ་གྱི་འཚོ་བ་མིག་ལ་འཆར།།
ཆ་བྱད་སྒེག་ལྡན་གྱི་མཛེས་ཉམས་སྙིང་ལ་ཟུག།
ཅ་ཅོའི་ངུ་ངག་གི་ཆགས་སྐད་རྣ་ལ་འཁོར།།

ང་ཡི་སེམས་ཁོང་གི་ཨ་ནེ་མཁའ་འགྲོ་མ།།
ག་ནས་བལྟས་ཀྱང་རུང་ངོ་མ་མཛེས་སྡུག་ལྡན།།
ཁ་ཐག་རིང་ཡུལ་དེར་བདེ་སྐྱིད་ལྡན་པའི་ཆེད།།
ཀྭ་ཡེ་དཀོན་མཆོག་གིས་ཐུགས་རྗེས་བཟུང་དུ་གསོལ།།
       
                                 2012.11.29 ཉིན་འབྲུག་ཡུལ་ཐོམ་པུ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཁུ་བན་ལོག་ང་འབྲུག་ཡུལ་གཞུང་ན་ཡོད།༼ཞར་བཀོད་གཅིག་ཡོད༽

2012-12-21 བན་ལོག ཀློག་གྲངས། མཆན ཡོད།


ཨ་ཁུ་བན་ལོག་ང་འབྲུག་ཡུལ་གཞུང་ན་ཡོད།།
ཧ་ཅང་ཆུང་ཆུང་གི་བཙུན་མའི་དགེ་རྒན་ཡིན།།
ཨ་ཅེ་འབྲུག་མོ་ཚོ་བརྩེ་རོགས་འདུག་རོགས་ཡིན།།
ཧ་ལམ་མི་ཕྱེད་འདི་ས་མཐའི་ཡུལ་ནས་རྫོགས།།

ས་གཞི་རེབ་གོང་གི་ཡུལ་ནས་སྐྱེས་མོད་ཀྱང་།།
ཤ་མར་ཐུད་གསུམ་གྱི་བྲོ་བ་བརྗེད་ཐབས་བྲལ།།
ལ་ལུང་རྒྱལ་ཁམས་ནི་འགྲིམས་ནས་ཡུན་རིང་འགོར།།
ར་ཤ་བྱ་ཤ་ནི་སྤངས་ནས་ཡུན་རིང་འགོར།།

ཡ་རབས་ཀུན་སྤྱོད་ཀྱི་གཤིས་རྒྱུད་འདི་ན་མཆིས།།
འ་འུར་ཆོས་སྤྱོད་ཀྱི་ཞལ་འདོན་འདི་ན་འདུག
ཟ་མ་བཟང་ངན་གྱི་ལེགས་ཉེས་འདི་ན་མེད།།
ཞྭ་དམར་བསྟན་པ་ལ་དད་མཁན་ཤིན་ཏུ་མང་།།

ཝ་ལེར་ཕ་ཡུལ་དེ་དྲན་ན་མིག་ཆུ་འཁྱིལ།།
ཛ་རེ་ཛོ་རེ་ཡི་འཕྲིན་ཡིག་ཁ་ཤས་བྲིས།།
ཚ་བ་ཆེ་དུས་སུ་ལྷག་ཏུ་ཕ་ཡུལ་དྲན།།
ཙ་རི་དབེན་གནས་འདིར་བསྡད་ཀྱང་སྙིང་པོ་ཅི།།

མ་རབས་པྲ་ཚགས་ངང་དབྱིན་མོའི་ལྐུབ་ལ་རྒྱུགས།།
བ་ལང་དུད་འགྲོ་ལྟར་མོ་མཚན་ལྕེ་ཡིས་བལྡགས།།
ཕ་རོལ་ཁྱིམ་མཚེས་ཀྱི་རྒན་མོའི་རུམ་དུ་འཛུལ།།
པ་ལོ་སྐྲ་མེད་ཀྱི་ཨ་ནེའི་སྡོམ་པ་རྫོགས།།

ན་ཆུང་མཛེས་མ་ཚོ་ཉིན་བརྗེ་མཚན་བརྗེ་བྱས།།
ད་དུང་གཞང་ཁང་ནང་ཉིན་རྒྱུགས་མཚན་རྒྱུགས་བྱས།།
ཐ་ཤལ་མ་རབས་འགའ་འགྲོགས་ནས་ཆང་ནག་འཐུངས།།
ཏ་ལེན་རྒྱབ་ཁུག་དེ་སྟོང་བ་ཡིན་ལས་ཆེ།།

ཉ་སྟུ་ཆེ་ཆུང་དང་ཡག་ཙོག་མི་བལྟ་བར།།
ཇ་ཡུན་ཙམ་ཞིག་ལ་འཁྲིད་ལས་བུད་འགྲོ་ནོ།།
ཆ་མེད་མི་ཞིག་གིས་རིག་ན་སྐྲག་འགྲོ་བ།།
ཅ་ལག་རྙིང་བ་དེ་བདག་གི་རྒྱན་ཞིག་ཡིན།།

ང་ལ་དགོས་པ་དེ་བཙུན་མོའི་དབུ་མཛད་ཡིན།།
ག་ས་གང་ནས་ཀྱང་མཐོང་ན་སེམས་ཤོར་གི།
ཁ་སང་དཔེ་ཁྲིད་སྐབས་ཟུར་མིག་ཐེངས་གཅིག་བལྟས།།
ཀྭ་ཡེ་དོ་དགོང་ཁྱེད་འདི་རུ་ཨེ་ཡོང་ངམ།།
                         2012.1.12 ཉིན་འབྲུག་ཡུལ་ནས།
 

       ཨ་ཁུ་བན་ལོག་གི་སྐྱོ་གླུ།

ཨ་ཁུ་བན་ལོག་ང་འབྲུག་ཡུལ་སླེབས་དུས་ན།།
ཨ་ནེ་མཁའ་འགྲོ་མ་གཞན་གྱི་ལག་ཏུ་ཤོར།།
ཧ་ཅང་ཐག་རིང་གི་ནུབ་ཕྱོགས་ཡུལ་གྲུ་རུ།།
ཧ་ལམ་ཟླ་གཉིས་ཀྱི་སྔོན་ལ་བུད་སོང་ཟེར།།

ས་འདིའི་བུ་མོ་ཚོ་བློ་གཏད་མི་འདུག་ཨང་།།
ཤ་རུས་བརྩེ་དུང་འདི་སྙིང་པོ་མི་འདུག་ཨང་།།
ལ་རྒྱའི་དམ་ཚིག་ལ་བདག་པོ་མི་འདུག་ཨང་།།
ར་རོའི་ཆགས་སེམས་འདི་འགོག་ཐབས་མི་འདུག་ཨང་།།

ཡ་གིའི་བལ་མོ་དེའི་སེམས་པ་ཆུ་ལ་བསྐུར།།
འ་ཅག་རྒྱ་བཟའ་དེའི་རེ་འདོད་རླུང་ལ་བསྐུར།།
ཟ་ཧོར་མཛེས་མ་དེའི་ཟུར་མིག་ཐང་ལ་བཞག།
ཞྭ་སེར་བསྟན་བདག་གི་ཨ་ནེ་གང་དུ་བཞུད།།

ཝ་ལེར་འཆར་བ་ཡི་ཁོ་མོའི་སྣང་བརྙན་དེ།།
ཛ་ལང་ཁེངས་དྲེགས་ཀྱིས་ལན་གཅིག་སྟོར་ན་བསམ།།
ཚ་གྲང་འཐབ་པ་ཡི་སྨྱོ་ནད་འཕར་དུས་སུ།།
ཙ་རིར་གནས་སྐོར་ལ་ལན་གཅིག་འགྲོ་ན་བསམ།།

མ་རབས་ཨ་ནེ་འགའི་ལྐོག་ནས་ཟུར་མིག་འཕེན།།
བ་ལང་དུད་འགྲོ་ལྟར་མདུན་ནས་འགྲོ་ལམ་བཀག།
ཕ་རོལ་སྡོམ་པ་དེ་རྫོགས་པའི་སྐད་གྲགས་ཆེ།།
པ་ལོ་སྐྲ་ལོ་ཚོ་ངོ་མ་སྙིང་རེ་རྗེ།།

ན་ནིང་མི་འགྱུར་གྱི་དམ་བཅའ་བྲག་ལ་བརྐོས།།
ད་ལོ་ཕྱི་གླིང་གི་མགོ་སེར་རྗེས་སུ་འབྲངས།།
ཐ་ཤལ་བན་ལོག་ངའི་ཞེ་སེམས་སྡུག་གིས་བཀང་།།
ཏ་ཐཱའི་བསྟན་པ་ལ་ཡང་བསྐྱར་ཞུགས་ན་བསམ།།

ཉ་མ་ཆུང་ཆུང་དེ་སེམས་ནས་བརྗེད་ཐབས་དཀའ།།
ཇ་ཆང་སྐྱིད་རོལ་གྱི་འཚོ་བ་མིག་ལ་འཆར།།
ཆ་བྱད་སྒེག་ལྡན་གྱི་མཛེས་ཉམས་སྙིང་ལ་ཟུག།
ཅ་ཅོའི་ངུ་ངག་གི་ཆགས་སྐད་རྣ་ལ་འཁོར།།

ང་ཡི་སེམས་ཁོང་གི་ཨ་ནེ་མཁའ་འགྲོ་མ།།
ག་ནས་བལྟས་ཀྱང་རུང་ངོ་མ་མཛེས་སྡུག་ལྡན།།
ཁ་ཐག་རིང་ཡུལ་དེར་བདེ་སྐྱིད་ལྡན་པའི་ཆེད།།
ཀྭ་ཡེ་དཀོན་མཆོག་གིས་ཐུགས་རྗེས་བཟུང་དུ་གསོལ།།
       
                                 2012.11.29 ཉིན་འབྲུག་ཡུལ་ཐོམ་པུ་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།