མ་ཡུམ་སློབ་གྲྭར་ཕུལ་བའི་ཀ་རྩོམ།


ཀ་ཁའི་དབྱངས་རྟ་སྙན་མོ་རབ་སྦྲེང་ཞིང་། །
ཁ་ལས་རླུང་རྟའི་བསོད་ནམས་རབ་འཕེལ་བ། །
ག་དུས་ངེས་མེད་སྙན་གྲགས་རབ་འབར་བའི། །
ང་ཚོའི་མ་ཡུམ་སློབ་གྲྭར་རབ་ཏུ་བསྟོད། །
ཅ་ཅོའི་བྱེའུའི་གདངས་དབྱངས་གང་སར་ཁྱབ། །
ཆ་ལུགས་ཀུམ་མཚུངས་སློབ་རའི་རྒྱན་དུ་ཤར། །
ཇ་ཁའི་མདོག་ལྡན་དགོང་ཁའི་ཉི་ཟེར་ཡང་། །
ཉ་རའི་ཕྱོགས་བཞིའི་ཁོར་ཡུག་ཀུན་ཏུ་འཕྲོ། །
ཏ་ཀུ་ཐོགས་པའི་ཁུ་ཞང་ཀླུ་སྒྲུབ་ཀྱིས། །
ཐ་སྐོར་སྤང་གིས་བཟུང་བའི་ཡུལ་གྲུ་འདིར། །
ད་ལན་ཁྱུང་མཆུ་སློབ་འབྲིང་བཙུགས་པ་ནས། །
ན་ལོ་ཕྲ་བའི་རིག་པའི་མྱུ་གུ་འབུས། །
པ་ཏྲ་འཁྱིལ་འདྲའི་རྐ་གཞོངས་རིང་མོའི་ངོགས། །
ཕ་མཐའ་བྲལ་བའི་རྩྭ་ཐང་ཡངས་བོ་ལྟེམས། །
བ་སོ་ལྟར་དཀར་གངས་རི་ལྷུན་པོས་བརྗིད། །
མ་བསྐྲུན་རང་བྱོན་རིག་པའི་གནས་འདི་ཆགས། །
ཙ་རིའི་སྨྱུག་མའི་གཤིས་ལྡན་སློབ་མའི་ཚོགས། །
ཚ་རུའི་གོང་ལྟར་འཇམ་པའི་ཀུན་སྤྱོད་ལེགས། །
ཛ་ལང་སྤྱོད་དང་བྲལ་བའི་མང་ཚོགས་ཀུན། །
ལྦ་མོས་ཤ་མཐོང་ལྟ་བུར་ཀུན་གྱིས་བསྔགས། །
ཞ་ལ་ཉེན་པའི་རིགས་ཀྱི་གོང་འཕེལ་དེ། །
ཟ་བར་དོགས་པའི་སྲིན་པོའི་སོ་ཁ་ནས། །
འ་ཅག་བསམ་ལ་མཁས་པའི་ཡོན་ཏན་ཚོགས། །
ཡ་མཚན་རིག་པའི་རྩལ་གྱིས་ལེགས་པར་བླངས། །
ར་རིའི་དྲི་དང་བྲལ་བའི་གཤིས་ཆོས་ལ། །
ལ་ལས་ཕྲག་དོག་ང་རྒྱལ་བྱེད་ན་ཡང་། །
ཤ་ཚ་ཆེ་བའི་བཤེས་གཉེན་རྗེས་འབྲིངས་ནས། །
ས་གཞི་པདྨོའི་སྟེང་ནས་ལང་ཚོ་ངོམས། །
ཧ་ཅང་བརྗོད་པར་སྤོབས་པས་ཚིག་གི་ཕྲེང་། །
ཨ་མཚར་མིན་པར་དགེ་བའི་རྒྱུ་རུ་བསྔོ།།
ཧ་ཅང་ཡིད་ཆེས་བརྟན་པོས་སློབ་གླིང་འདིར། །
ཨ་ཤེ་ཐོགས་ཏེ་ཕེབས་པར་དགའ་བས་བསུ། །
   ༼རྩོམ་འདིའི་རྩོམ་པ་པོ་ནི་ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཡིན༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མ་ཡུམ་སློབ་གྲྭར་ཕུལ་བའི་ཀ་རྩོམ།

2012-12-21 ཐུབ་པ། ཀློག་གྲངས། མཆན ཡོད།


ཀ་ཁའི་དབྱངས་རྟ་སྙན་མོ་རབ་སྦྲེང་ཞིང་། །
ཁ་ལས་རླུང་རྟའི་བསོད་ནམས་རབ་འཕེལ་བ། །
ག་དུས་ངེས་མེད་སྙན་གྲགས་རབ་འབར་བའི། །
ང་ཚོའི་མ་ཡུམ་སློབ་གྲྭར་རབ་ཏུ་བསྟོད། །
ཅ་ཅོའི་བྱེའུའི་གདངས་དབྱངས་གང་སར་ཁྱབ། །
ཆ་ལུགས་ཀུམ་མཚུངས་སློབ་རའི་རྒྱན་དུ་ཤར། །
ཇ་ཁའི་མདོག་ལྡན་དགོང་ཁའི་ཉི་ཟེར་ཡང་། །
ཉ་རའི་ཕྱོགས་བཞིའི་ཁོར་ཡུག་ཀུན་ཏུ་འཕྲོ། །
ཏ་ཀུ་ཐོགས་པའི་ཁུ་ཞང་ཀླུ་སྒྲུབ་ཀྱིས། །
ཐ་སྐོར་སྤང་གིས་བཟུང་བའི་ཡུལ་གྲུ་འདིར། །
ད་ལན་ཁྱུང་མཆུ་སློབ་འབྲིང་བཙུགས་པ་ནས། །
ན་ལོ་ཕྲ་བའི་རིག་པའི་མྱུ་གུ་འབུས། །
པ་ཏྲ་འཁྱིལ་འདྲའི་རྐ་གཞོངས་རིང་མོའི་ངོགས། །
ཕ་མཐའ་བྲལ་བའི་རྩྭ་ཐང་ཡངས་བོ་ལྟེམས། །
བ་སོ་ལྟར་དཀར་གངས་རི་ལྷུན་པོས་བརྗིད། །
མ་བསྐྲུན་རང་བྱོན་རིག་པའི་གནས་འདི་ཆགས། །
ཙ་རིའི་སྨྱུག་མའི་གཤིས་ལྡན་སློབ་མའི་ཚོགས། །
ཚ་རུའི་གོང་ལྟར་འཇམ་པའི་ཀུན་སྤྱོད་ལེགས། །
ཛ་ལང་སྤྱོད་དང་བྲལ་བའི་མང་ཚོགས་ཀུན། །
ལྦ་མོས་ཤ་མཐོང་ལྟ་བུར་ཀུན་གྱིས་བསྔགས། །
ཞ་ལ་ཉེན་པའི་རིགས་ཀྱི་གོང་འཕེལ་དེ། །
ཟ་བར་དོགས་པའི་སྲིན་པོའི་སོ་ཁ་ནས། །
འ་ཅག་བསམ་ལ་མཁས་པའི་ཡོན་ཏན་ཚོགས། །
ཡ་མཚན་རིག་པའི་རྩལ་གྱིས་ལེགས་པར་བླངས། །
ར་རིའི་དྲི་དང་བྲལ་བའི་གཤིས་ཆོས་ལ། །
ལ་ལས་ཕྲག་དོག་ང་རྒྱལ་བྱེད་ན་ཡང་། །
ཤ་ཚ་ཆེ་བའི་བཤེས་གཉེན་རྗེས་འབྲིངས་ནས། །
ས་གཞི་པདྨོའི་སྟེང་ནས་ལང་ཚོ་ངོམས། །
ཧ་ཅང་བརྗོད་པར་སྤོབས་པས་ཚིག་གི་ཕྲེང་། །
ཨ་མཚར་མིན་པར་དགེ་བའི་རྒྱུ་རུ་བསྔོ།།
ཧ་ཅང་ཡིད་ཆེས་བརྟན་པོས་སློབ་གླིང་འདིར། །
ཨ་ཤེ་ཐོགས་ཏེ་ཕེབས་པར་དགའ་བས་བསུ། །
   ༼རྩོམ་འདིའི་རྩོམ་པ་པོ་ནི་ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཡིན༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།