གྲོགས་ཀྱི་ཚབ་ཏུ། ཁོ་མོར་ཆང་འཐུང་རོགས་བྱ་དུས།


སེམས་ཀྱི་བརྩེ་དྲོད་ཕྱི་རུ་བཞུར་བས་ཝུ་རག་ལྟར།།
འཛུམ་གྱི་དྭངས་མ་ང་ལ་གཏད་པས་སྒྲོལ་སྐུ་བཞིན།།
བརྩེ་བའི་སྙིང་གཏམ་ཤུབ་ཤུབ་སྨྲ་བའི་ཁུ་བྱུག་མ།།
དེ་རིང་ང་ཡི་ཆང་མ་ཡིན་ནམ་ཆུང་མ་ཡིན།།

རྒྱ་ལྕང་སྐྲ་ལོ་ཕྲག་ཏུ་དཔྱངས་པས་མིག་མདའ་འཐུ།།
ཞལ་མཛེས་པད་མ་གསར་དུ་བཞད་པས་ཡིད་དབང་འཕྲོག།
ངག་འཇམ་ཚིག་གི་སྦྲང་ཆར་འདི་ལ་བཟི་ཁ་བཙན།།
དེ་རིང་ང་ལ་མིག་བརྡ་གཅིག་གི་ལོངས་སྤྱོད་སྩལ།།

མཛེས་མ་ཕོར་བའི་ནང་དུ་ཡོད་དུས་བཟི་ཁ་བཙན།།
མཛེས་མ་གླུ་ཡི་དབྱངས་སུ་སུམ་དུས་སྙན་ཆ་རྫོགས།།
མཛེས་མ་ཚོར་བའི་གཏིང་དུ་ལྷུང་དུས་སེམས་རྩ་དྲོ།།
མཛེས་མ་མིག་གི་དཔྱིད་དུ་འཇོ་དུས་རྣམ་ཤེས་འབོར།།

བརྩེ་བའི་མིག་ཟུང་ང་ལ་གཏད་པའི་སྐར་ཆེན་འདི།།
ང་ཡི་སྙིང་གི་རྐུན་པོ་མིན་པའི་ངེས་པ་མེད།།
མཛའ་བརྩེའི་རི་མོ་ཤར་ཤར་འཇོ་བའི་འཛུམ་ཆུང་འདི།།
ང་རང་བསླུ་བའི་གཏམ་རྒྱུད་ཅིག་ཏུ་ངེས་ཀྱང་སྲིད།།

དགའ་རོགས་ཡོད་མེད་ང་ལ་དྲིས་པའི་ཡང་སྙིང་དུ།།
ང་ལ་གོ་བརྡ་གཞན་ཞིག་སྤྲད་མིན་མི་ཤེས་མོད།།
མིག་ཟུང་སྐད་ཆ་རང་འཇོ་ལྟ་བུའི་ཕྱི་ལོགས་ན།།
ང་ལ་མཛའ་བརྩེ་གཞན་ཞིག་ཡོད་པའི་ངེས་པ་རྙེད།།

གྲོགས་ཀྱི་ཆུང་མ་ང་ཡི་ཆང་མ་ཡིན་པའི་ལོར།།
ང་ཡི་རྩ་དོན་རླུང་གིས་འཁུར་མདོག་གིས།།
དགོད་སྒྲ་འདྲེས་མ་ཆང་གི་བཟི་ཁ་བཙན་པོ་བཞིན།།
ལྷུང་ལྷུང་འབབ་པ་ཨེ་མིན་གྲོགས་ལ་འདྲི་འདང་ཡོད།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོགས་ཀྱི་ཚབ་ཏུ། ཁོ་མོར་ཆང་འཐུང་རོགས་བྱ་དུས།

2012-12-11 ངུར་སྒྲ། ཀློག་གྲངས། མཆན ཡོད།


སེམས་ཀྱི་བརྩེ་དྲོད་ཕྱི་རུ་བཞུར་བས་ཝུ་རག་ལྟར།།
འཛུམ་གྱི་དྭངས་མ་ང་ལ་གཏད་པས་སྒྲོལ་སྐུ་བཞིན།།
བརྩེ་བའི་སྙིང་གཏམ་ཤུབ་ཤུབ་སྨྲ་བའི་ཁུ་བྱུག་མ།།
དེ་རིང་ང་ཡི་ཆང་མ་ཡིན་ནམ་ཆུང་མ་ཡིན།།

རྒྱ་ལྕང་སྐྲ་ལོ་ཕྲག་ཏུ་དཔྱངས་པས་མིག་མདའ་འཐུ།།
ཞལ་མཛེས་པད་མ་གསར་དུ་བཞད་པས་ཡིད་དབང་འཕྲོག།
ངག་འཇམ་ཚིག་གི་སྦྲང་ཆར་འདི་ལ་བཟི་ཁ་བཙན།།
དེ་རིང་ང་ལ་མིག་བརྡ་གཅིག་གི་ལོངས་སྤྱོད་སྩལ།།

མཛེས་མ་ཕོར་བའི་ནང་དུ་ཡོད་དུས་བཟི་ཁ་བཙན།།
མཛེས་མ་གླུ་ཡི་དབྱངས་སུ་སུམ་དུས་སྙན་ཆ་རྫོགས།།
མཛེས་མ་ཚོར་བའི་གཏིང་དུ་ལྷུང་དུས་སེམས་རྩ་དྲོ།།
མཛེས་མ་མིག་གི་དཔྱིད་དུ་འཇོ་དུས་རྣམ་ཤེས་འབོར།།

བརྩེ་བའི་མིག་ཟུང་ང་ལ་གཏད་པའི་སྐར་ཆེན་འདི།།
ང་ཡི་སྙིང་གི་རྐུན་པོ་མིན་པའི་ངེས་པ་མེད།།
མཛའ་བརྩེའི་རི་མོ་ཤར་ཤར་འཇོ་བའི་འཛུམ་ཆུང་འདི།།
ང་རང་བསླུ་བའི་གཏམ་རྒྱུད་ཅིག་ཏུ་ངེས་ཀྱང་སྲིད།།

དགའ་རོགས་ཡོད་མེད་ང་ལ་དྲིས་པའི་ཡང་སྙིང་དུ།།
ང་ལ་གོ་བརྡ་གཞན་ཞིག་སྤྲད་མིན་མི་ཤེས་མོད།།
མིག་ཟུང་སྐད་ཆ་རང་འཇོ་ལྟ་བུའི་ཕྱི་ལོགས་ན།།
ང་ལ་མཛའ་བརྩེ་གཞན་ཞིག་ཡོད་པའི་ངེས་པ་རྙེད།།

གྲོགས་ཀྱི་ཆུང་མ་ང་ཡི་ཆང་མ་ཡིན་པའི་ལོར།།
ང་ཡི་རྩ་དོན་རླུང་གིས་འཁུར་མདོག་གིས།།
དགོད་སྒྲ་འདྲེས་མ་ཆང་གི་བཟི་ཁ་བཙན་པོ་བཞིན།།
ལྷུང་ལྷུང་འབབ་པ་ཨེ་མིན་གྲོགས་ལ་འདྲི་འདང་ཡོད།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།