ཤིག

 

 

ཚེ་འདིར་ཡོང་དུས་དགའ་སྤྲོ་ཁེངས།།
ཕྱི་མར་བཞུད་ཁར་སྡུག་བསྔལ་སྨྲེ།།
དགའ་སྡུག་འདྲ་མཉམ་བྱ་བ་དེ།།
ཁྱེད་དང་འུ་གཉིས་ཡོད་པ་མཚུངས།།
 
ཁྱེད་ཉིད་བདག་གི་ཤ་ཁྲག་འཐུང་།།
བདག་གིས་ཁྱེད་ཉིད་སྲོག་རྩ་གཅོད།།
འདྲ་མཉམ་བྱ་བ་དེ་དག་ནི།།
ཁྱེད་དང་འུ་གཉིས་སྔོན་ལས་རེད།།
 
ཚེ་སྔོན་ཆད་པའི་ཤ་འཁོན་འདི།།
ད་ལྟ་འདི་ནས་སྤྲོད་པ་ཡིན།།
ཕྱི་མའི་དུས་སུ་ཡང་བསྐྱར་ཡང་།།
འུ་གཉིས་གཅིག་བཟའ་གཅིག་གསོད་བྱེད།།
 
བདག་གིས་ཁ་ཆེམས་ཁྱིམ་མིར་བཤད།།
ཁྱེད་ཀྱི་ཁ་ཆེམས་ཆོས་རྒྱལ་ཤོད།།
ཁ་ཆེམས་མཐུན་གཏམ་ཅན་ཡིན་ན།།
ཕྱི་མ་འུ་གཉིས་རྩོད་དྲ་མེད།།
 
ད་ལྟ་ཁྱེད་ཀྱི་ཕུང་བོ་འདི།།
རོང་སྨྱོན་གྲྭ་རྒན་མཐེ་བར་ནས།།
གློག་དམར་ལྟ་བུའི་སྐད་ཅིག་གིས།།
ཕྱི་མའི་གྲོང་དུ་ལྷུང་བ་ཡིན།།
 
འདུས་བྱའི་ཐམས་ཅད་མི་རྟག་སྟེ།།
ཁྱེད་ཀྱི་ཕུང་བོ་དེ་བཞིན་དུ།།
འབྱུང་བཞིར་ཐིམ་པའི་དུས་ལ་བབས།།
བདེ་བར་གཟིམས་དང་ཤིག་རྒན་ཁྱོད།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤིག

2013-07-12 སྒོ་དམར་ཨ་ཤར། ཀློག་གྲངས། མཆན ཡོད།

 

 

ཚེ་འདིར་ཡོང་དུས་དགའ་སྤྲོ་ཁེངས།།
ཕྱི་མར་བཞུད་ཁར་སྡུག་བསྔལ་སྨྲེ།།
དགའ་སྡུག་འདྲ་མཉམ་བྱ་བ་དེ།།
ཁྱེད་དང་འུ་གཉིས་ཡོད་པ་མཚུངས།།
 
ཁྱེད་ཉིད་བདག་གི་ཤ་ཁྲག་འཐུང་།།
བདག་གིས་ཁྱེད་ཉིད་སྲོག་རྩ་གཅོད།།
འདྲ་མཉམ་བྱ་བ་དེ་དག་ནི།།
ཁྱེད་དང་འུ་གཉིས་སྔོན་ལས་རེད།།
 
ཚེ་སྔོན་ཆད་པའི་ཤ་འཁོན་འདི།།
ད་ལྟ་འདི་ནས་སྤྲོད་པ་ཡིན།།
ཕྱི་མའི་དུས་སུ་ཡང་བསྐྱར་ཡང་།།
འུ་གཉིས་གཅིག་བཟའ་གཅིག་གསོད་བྱེད།།
 
བདག་གིས་ཁ་ཆེམས་ཁྱིམ་མིར་བཤད།།
ཁྱེད་ཀྱི་ཁ་ཆེམས་ཆོས་རྒྱལ་ཤོད།།
ཁ་ཆེམས་མཐུན་གཏམ་ཅན་ཡིན་ན།།
ཕྱི་མ་འུ་གཉིས་རྩོད་དྲ་མེད།།
 
ད་ལྟ་ཁྱེད་ཀྱི་ཕུང་བོ་འདི།།
རོང་སྨྱོན་གྲྭ་རྒན་མཐེ་བར་ནས།།
གློག་དམར་ལྟ་བུའི་སྐད་ཅིག་གིས།།
ཕྱི་མའི་གྲོང་དུ་ལྷུང་བ་ཡིན།།
 
འདུས་བྱའི་ཐམས་ཅད་མི་རྟག་སྟེ།།
ཁྱེད་ཀྱི་ཕུང་བོ་དེ་བཞིན་དུ།།
འབྱུང་བཞིར་ཐིམ་པའི་དུས་ལ་བབས།།
བདེ་བར་གཟིམས་དང་ཤིག་རྒན་ཁྱོད།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།