ཕྱིར་དྲན་གྱི་ལོ་ཟླ།

 
         འདས་སོང་ལྷན་འཛོམས་ཀྱི་ལོ་དང་ཟླ་བ།།
         དགའ་སྤྲོས་རྩེད་འཇོ་དང་མཛའ་བརྩེའི་གཏམ་གླེང་།
         འདས་ཟིན་བྱ་བ་དག་དྲན་ཐེང་རེ་ལ།།
         ད་ལྟའི་སེམས་པ་འདི་སྐྱོ་བས་བཟི་འགྲོ།།
 
         ཡིད་འོང་ཁྱེད་རང་གི་མཛེས་སྡུག་དེ་དང་།
         མ་ཟད་རིན་བྲལ་གྱི་ཀུན་སྤྱོད་དེ་དག།
         ས་སྟེང་མི་ཡུལ་ལ་དཀོན་པ་རྟོག་དུས།།
         ཁྱེད་ཉིད་དྲན་གདུང་དེ་བཟོད་པ་དཀའ་འདུག།
 
         ཉི་འོད་དམར་སེར་དེ་ནུབ་རི་བཞུད་ཁར།།
         རླུང་འཁོར་འབབ་ཚུགས་གི་ས་ཆ་དེ་ནས།།
         འབྲལ་ཁའི་མིག་ཆུ་དེ་ཡིད་ལ་དྲན་དུས།།
         འདུལ་འབྲལ་སྐྱོ་གདུང་འདི་སངས་དུས་ཡོད་དམ།།
 
         ཚེ་ཡི་དར་སྐུད་འདི་མ་ཆད་སོང་ན།།
         ལྷན་འཛོམས་ཉི་འོད་དེ་མ་འཕྲོ་བར་དུ།།
         རང་སེམས་ཡ་ཆུང་གི་དྲན་པའི་དཀྱིལ་ནས།།
         སྲོག་གི་དུམ་བུ་ཁྱོད་བརྗེད་ཐབས་མི་འདུག

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱིར་དྲན་གྱི་ལོ་ཟླ།

2013-07-12 ལོ་མ་སེར་པོ། ཀློག་གྲངས། མཆན ཡོད།

 
         འདས་སོང་ལྷན་འཛོམས་ཀྱི་ལོ་དང་ཟླ་བ།།
         དགའ་སྤྲོས་རྩེད་འཇོ་དང་མཛའ་བརྩེའི་གཏམ་གླེང་།
         འདས་ཟིན་བྱ་བ་དག་དྲན་ཐེང་རེ་ལ།།
         ད་ལྟའི་སེམས་པ་འདི་སྐྱོ་བས་བཟི་འགྲོ།།
 
         ཡིད་འོང་ཁྱེད་རང་གི་མཛེས་སྡུག་དེ་དང་།
         མ་ཟད་རིན་བྲལ་གྱི་ཀུན་སྤྱོད་དེ་དག།
         ས་སྟེང་མི་ཡུལ་ལ་དཀོན་པ་རྟོག་དུས།།
         ཁྱེད་ཉིད་དྲན་གདུང་དེ་བཟོད་པ་དཀའ་འདུག།
 
         ཉི་འོད་དམར་སེར་དེ་ནུབ་རི་བཞུད་ཁར།།
         རླུང་འཁོར་འབབ་ཚུགས་གི་ས་ཆ་དེ་ནས།།
         འབྲལ་ཁའི་མིག་ཆུ་དེ་ཡིད་ལ་དྲན་དུས།།
         འདུལ་འབྲལ་སྐྱོ་གདུང་འདི་སངས་དུས་ཡོད་དམ།།
 
         ཚེ་ཡི་དར་སྐུད་འདི་མ་ཆད་སོང་ན།།
         ལྷན་འཛོམས་ཉི་འོད་དེ་མ་འཕྲོ་བར་དུ།།
         རང་སེམས་ཡ་ཆུང་གི་དྲན་པའི་དཀྱིལ་ནས།།
         སྲོག་གི་དུམ་བུ་ཁྱོད་བརྗེད་ཐབས་མི་འདུག

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།