སྟོན་མཇུག་གི་སེམས་པ།༼ཞར་བཀོད་གཅིག་ཡོད༽

སྔོ་ལྗང་ལོ་འདབ་སྙིང་རྩ་གྲང་རླུང་གིས་བཅོམས་པས། །

ཕྱེ་ལེབ་བུང་བའི་མགྲིན་སྒྲ་ས་མཐའ་རུ་གྱར་སོང་། །

གྲང་ལྷགས་འུར་འུར་སྒྲོག་པའི་ན་ཟུག་གི་འཁུན་སྒྲ །

ཁེར་པོར་ལུས་པའི་སྟོན་འཇུག་སེམས་པ་དང་འདྲ་བྱུང་། །
 
ས་སྲོད་མུན་པའི་དགྲ་བོས་མགོ་ཐོག་ནས་མནན་ཅིང་། །

མཛེས་ལྡན་སྣང་བའི་ཞིང་ས་ཡུལ་གྱར་དུ་ཆས་ཚེ། །
ནུབ་ཕྱོགས་མཚམས་སྤྲིན་དམར་པོའི་ཁེར་དགོད་ལ་གཅེར་མཁན། །

ན་ཟུག་འཁྱགས་ཀྱིས་བཅིངས་པའི་སྦྲང་བུ་དང་ང་གཉིས། །
 
ཉི་མའི་འོད་སྣང་ནུབ་ཕྱོགས་ཆུ་ལྷ་རུ་གཤེགས་པས། །
ཟླ་འོད་མིག་ཆུས་འཛིན་མའི་ཕང་བ་དག་བརླན་བྱུང་། །

ལྷིང་འཇགས་ཁ་ཁུ་སིམ་པའི་ས་སྲོད་ཀྱི་དུས་འདིར། །

ཟླ་འོད་གོར་མོའི་མིག་ཆུ་འཐུང་སྙིང་རེ་འདོད་ཀྱིས། །
 
འཆར་ཡན་སྟོང་ཕྲག་འཛིང་པའི་ས་སྲོད་ཀྱི་དུས་འདིར། །

སྟོང་བསམ་མཐུག་པོའི་མལ་ཆས་རྒལ་པ་རུ་གྱོན་ནས། །

བསམ་གཞིགས་མང་པོའི་རྔས་མགོ་མགོ་འོག་ཏུ་བཅུག་སྟེ། །
མཚམས་སྤྲིན་དམར་པོ་ལྡིང་བའི་ཞིང་ཁམས་ལ་ཆས་འགྲོ །

        བསླུ་བྲིད།
ལྡོག་མེད་ལས་དབང་བཙན་པོའི་བསླུ་བྲིད་ཀྱིས།།
ཡུན་ཐུང་བརྩེ་སེམས་པད་མོ་བཞད་ནའང་།
།
རླུང་དམར་བུ་ཡུག་གཅིག་གི་འདུ་འགོད་ལས།
།
དྭངསས་གཙང་སེམས་པ་འཁྱགས་པའི་སྒྲོམ་བུར་བཅུག

ཐོག་མར་ང་གཉིས་ཕྲད་སའི་ལྡུམ་ར་དེར།།
མི་ཁ་རུམ་གང་ཁྱེར་བའི་བུ་ཆུང་ངས།
།
སྡུག་ངལ་དུག་ཆུས་གཙེས་པའི་སེམས་པ་དེ།།
ན་ཟུག་སྦས་ནས་བཙན་གྱིས་ཁོག་ལ་མིད། །
 
སྦས་དོན་རྟོགས་པར་དཀའ་བའི་འཛུམ་ཆུང་རེ།
།
དྲན་ཤེས་དམར་པོའི་སྲང་ན་ད་དུང་རྒྱུ།།
མཆོག་གསུམ་དཔང་པོར་བཞག་པའི་དམ་བཅའི་སྒྲ།།
སྒྲ་འཛིན་བུ་གའི་མདུན་ན་ད་དུང་གྲགས།
 
བརྩེ་དུང་གླུ་རུ་ལེན་པའི་ཉིན་མོ་དང་།
།
ཁ་པར་རྣ་བས་སྲུང་བའི་མཚན་མོ་རུ།
།
བསམ་རྒྱུ་མང་བའི་གཡོ་ཅན་འདྲེ་མོ་དེས།།
སྙིང་དམར་ཁོག་ལས་བླངས་པ་གྲངས་མེད་ཡིན།
 
མ་ཤི་གསོན་བྲལ་མེད་པའི་དམ་བཅའ་དང་།།
སེམས་པ་འོ་ཆུ་འདྲེས་པའི་གཏམ་རྙོག་སོགས།
།
འབྱོར་ལྡན་སྲས་པོའི་དངུལ་ལོར་མེ་ལྕེའི་ནང་།།
དགོད་འཛུམ་ཁེར་མ་ཞིག་དང་མཉམ་དུ་བསྲེགས།
 
བདེན་པའི་ཁོག་ན་ལྡིང་བའི་སྙིང་ཆུང་ལ།
།
གེགས་བར་ཕམ་ཁའི་སེར་ཁ་ཐེངས་གཅིག་ཤོར།།
།
དྲོད་འཁོལ་ཡལ་བའི་སྙིང་གི་ན་ཟུག་དེ།
།
དགུང་གི་ཟླ་བའི་ལྷ་མོར་གཏད་ནས་བཤད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོན་མཇུག་གི་སེམས་པ།༼ཞར་བཀོད་གཅིག་ཡོད༽

2013-06-09 ཤར་ཚ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།