མཐོང་ཐོས་དྲན་རེག་གི་ཐོལ་བྱུང་གཏམ།

ཤོ་ཤར་ཚེ་རིང་རྒྱལ་པོ།༼ལྷོ་ཁ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-05-26


ཆོས་ལྡན་གངས་ཅན་ལྗོངས་ཀྱི་ཡུལ་གྲུ་རུ།།
ཡོད་ཚད་འདྲེ་ཡིས་གནོད་པའི་བབ་ཅོལ་འདི།།
ཅལ་འདྲོགས་རི་བོང་མང་པོའི་ཚོགས་དབུས་སུ།།
རྫུན་རྐྱལ་མོ་པ་མང་པོའི་འཚོ་རྟེན་ཆགས།།

རྩམ་པའི་བྲོ་བ་ལྕེ་ཡིས་མྱོང་འདོད་མེད།།
ཟབ་ཡངས་ལྔ་རིག་ཡིད་ཀྱི་སྦུག་ན་མེད།།
སྙན་འཇེབས་བོད་སྐད་ངག་ལ་མེད་པ་འདི།།
བུ་མོའི་བགྲོད་སྟངས་ཤོར་བའི་སྔ་ལྟས་ཡིན།།

ཨོ་ལོའི་སེམས་པ་བུ་མོའི་ཕྱོགས་ལ་ཤོར།།
བུ་མོའི་སེམས་པ་གསེར་དངུལ་རྒྱན་ཆར་ཆགས།།
ཨོ་ལོ་བུ་མོའི་བར་གྱི་བརྩེ་དུང་འདི།།
རྒྱུ་ནོར་ཡོད་མེད་གཅིག་གིས་རྒྱང་དུ་བྲལ།།

བྲག་ཟུར་འུག་པའི་སྐད་ངན་མཚན་མོར་ཐོས།།
ལྕང་གླིང་འཇོལ་མོའི་གྲེ་འགྱུར་ཉི་མོར་སྙན།།
འུག་པ་འཇོལ་མོའི་འཚོ་སྟངས་མི་འདྲ་བ།།
རྣམ་སྨིན་ལས་ཀྱི་འབྲས་བུ་ཡིན་པར་ངེས།།


གནག་སྣུམ་དབུ་སྐྲ་བ་མོས་མཐུག་པོར་གཡོག།།
གཞོན་ཤའི་བཞིན་རས་ཤུར་ཁའི་རི་མོས་ཁེངས།།
དྲོང་དྲོང་སྐུ་ལུས་དུས་ཀྱི་གཤིན་པོས་དཀུག།།
དྲིན་ཆེན་ཡབ་ཡུམ་འདི་ལྟར་རྒས་ནས་འདུག།།

ཕྱི་རུ་ཟང་ཟིང་རྒྱུ་ནོར་རི་མོས་ཁེངས།།
ནང་གི་གཟུངས་བཞུགས་ཤེས་བྱ་སྟོང་སེ་སྟོང་།།
ཕྱི་རྫིག་ནང་སྟོང་སྐྱིད་ལ་རེ་བ་འདི།།
གསེར་བུམ་སྟོང་པར་ཟད་པའི་སྔ་ལྟས་ཡིན།།

ལས་མེད་ཆོས་ཡོང་སྙམ་ནས་ཆོས་བཞུགས་དང་།།
ཆོས་མེད་འཇིག་རྟེན་སྐྱིད་སྙམ་སྡོམ་ཤོར་གཉིས།།
འདྲེན་བྱེད་ཟུང་དུ་ཐ་དད་སྣང་ན་ཡང་།།
དོན་དུ་གཉིས་ཀར་ཐར་པ་མེད་མཉམ་ཡིན།།

སྐྱབས་མིན་སྐྱབས་གནས་མིག་ཆུ་འཁོར་བཞིན་བརྟེན།།
དད་མིན་དད་ཕྱག་ཅལ་འདྲོགས་ཚུལ་དུ་འཚལ།།
ཆོས་མིན་ཆོས་ཀྱིས་ཐར་པ་ཐོབ་ལ་རེ།།
དེ་འདྲ་ཤཀྱའི་དབང་པོས་གསུངས་པ་མེད།།

ལས་མེད་སློང་ལངས་ཤོར་བའི་སློང་མོ་བ།།
ལྷ་སའི་ཁྲོམ་སྲང་གང་སར་འཁྱམ་ཞིང་མྱུལ།།
རེ་བའི་དམིགས་ཐག་ཆད་པའི་རྒྱབ་འཁུར་བུ།།
གཉིད་ཉལ་རྨི་ལམ་ནང་ན་ཧོབ་སད་བྱེད།།

གླིང་སྐོར་ཨ་མ་གྲངས་ཀའི་ཆེད་དུ་རྒྱུག།།
ཞབས་སྐོར་ཕོ་མོ་བརྩེ་དུང་གླེང་གྱིན་བསྐོར།།
ཆོས་མར་ཚོང་མཁན་དགེ་བར་སྐུལ་ཁུལ་ཙམ།།
ཆོས་ལྡན་ཞིང་དུ་ཆོས་མིན་བྱ་བ་མང་།།

ཡར་ཀླུང་གཙང་ཆབ་འཁུན་སྒྲའི་བཞུར་སྒྲ་སྒྲོགས།།
ཇོ་མོ་གླང་མ་ཚ་གདུང་རྔུལ་ཆུ་བཞུར།།
ཆུ་ཕྲན་ཀུ་ཅོ་བྱེ་མའི་ཐང་རུ་ཡལ།།
ས་གཞི་གོ་ལར་ཚ་བའི་ནད་ཡམས་ལྕི།།

སྒྱིད་ལུགས་ཕག་པ་ཟས་ཀྱི་དོན་དུ་རྒྱུག།།
ཡར་ཐོན་དེ་ཕོས་ཐོ་རངས་ནམ་ལངས་ཤེས།།
འདོགས་ཁྱི་ངར་པོས་བདག་པོར་མཇུག་མ་ཧྲིལ།།
དེ་འདྲའི་དུད་འགྲོ་མགོ་ནག་མིའམ་སྙམ།།

བསང་གི་དུ་བ་རི་བོའི་སྤོ་ནས་འཕྱུར།།
རླུང་རྟའི་དར་ཚོན་རི་བོའི་རྩེ་ནས་གཡོ།།
ཀྭི་ཀྭི་བསོ་བསོ་ནམ་མཁའི་དབྱིངས་སུ་གྲགས།།
ཆོས་ཀྱི་སྙིང་པོ་བྱང་སེམས་རུས་སྦལ་སྤུ།།

གནག་སྣུམ་སྐྲ་ལོ་སྤྲེལ་གྱི་སྤུ་ལ་འགྲན།།
མཛེས་པའི་བཞིན་རས་རྫས་འགྱུར་ཚོས་ཀྱིས་བཏུམས།།
ངག་གི་སྐད་ཆར་ཕུང་གསུམ་ཐ་སྙད་མང་།།
དེ་འདྲའི་གཞོན་ནུ་གདོན་འདྲེའི་ཁྱུར་ཡང་མིན།།

རྣར་སྙན་བསྟོད་ར་གཅིག་གིས་ཁེངས་པ་སྐྱེས།།
ཤ་ཚའི་སྨད་ར་གཅིག་གིས་དཔའ་ཞུམ་གྱུར།།
རྣར་སྙན་ཤ་ཚའི་དགེ་སྐྱོན་མི་ཤེས་པའི་།།
དེང་དུས་གཞོན་ནུ་གྲོགས་མའི་ཚོགས་ལས་མང་།།

ལྦུ་ཆང་ཉོ་དུས་འཇུངས་པའི་གཡའ་དང་བྲལ།།
སྐྱུག་པ་སྐྱུགས་སྐྱུགས་བར་དུ་འཐུང་དགོས་ཟེར།།
ནད་མནར་སྨན་བཅོས་སྨན་རིན་མཐོ་སོང་ཞེས།།
སེར་སྣ་བྱེད་ལུགས་མི་ཤེས་གླེན་པ་ཁྱུ།།

གང་ལྟར་ཅི་བྱས་ལས་ཀྱི་འབྲས་བུར་འགྱུར།།
ལས་ཀྱི་བདག་པོ་རང་ཉིད་ཁོ་ན་ཡིན།།
རྒྱུ་མེད་རྐྱེན་མེད་བདེ་དང་སྡུག་བསྔལ་མེད།།
བདེ་སྡུག་ལས་ལས་བྱུང་བས་རིག་པ་འགྲིམས།།


ནོར་དག་གསོག་པ་བདེ་བའི་ཆེད་དུ་ཡིན།།
ཆོག་ཤེས་མེད་པར་སྡུག་བསྔལ་མྱོང་ན་ནི།།
བདེ་བའི་ཆེད་དུ་རྒྱུ་ནོར་གསོག་པ་ཡང་།།
སྙིང་པོ་མེད་པའི་ལོ་གསུམ་བྱིས་པའི་རྩེད།།

ཆུ་སློག་ས་ཡོམ་ནད་ཡམས་འཆི་རྐྱེན་མང་།།
འཚོ་རྐྱེན་གཅིག་པུའི་ཟས་ཀྱང་རྫས་འགྱུར་འབག།།
རང་བཞིན་རྒས་ནས་ཤི་བ་རེ་རེའི་དུས།།
ཐ་མལ་ནད་མེད་གནས་གྱུར་དང་དོད་གྱིས།།

ཆུ་འདི་ཚེ་སྲོག་ཀུན་གྱི་རྩ་བ་ཡིན།།
འཐུང་ཆུ་དྭངས་གཙང་གནས་པ་དོན་པོ་ཡིན།།
སྔོན་བྱོན་བྷོ་ཊའི་ཡུལ་གྱི་མཁས་པ་ཚོས།།
ཆུ་ཡིས་ཕན་གནོད་སྨན་དུག་མིན་ཞེས་ཟེར།།

གནམ་སྔོན་སྤྲིན་དཀར་རྒྱུ་བ་བོད་ཀྱི་ཡུལ།།
གཏེར་ཆུ་རང་དགར་བཞུར་བ་བོད་ཀྱི་ཡུལ།།
མཁའ་དབུགས་དྭངས་གཙང་གནས་པ་བོད་ཀྱི་ཡུལ།།
བོད་ཡུལ་གཏན་དུ་འདི་ལྟར་གནས་པར་ཤོག།།
ཤོ་ཤར་ཚེ་རིང་རྒྱལ་པོས་་་་་་་༢༠༡༣ལོའི་ཟྮལ་བ་༤པར་ལྷ་སར་མགྲོན་ཁང་ཞིག་ཏུ་སུག་བྲི་བྱས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཐོང་ཐོས་དྲན་རེག་གི་ཐོལ་བྱུང་གཏམ།

2013-05-26 ཤོ་ཤར་ཚེ་རིང་རྒྱལ་པོ།༼ལྷོ་ཁ༽ ཀློག་གྲངས། མཆན ཡོད།


ཆོས་ལྡན་གངས་ཅན་ལྗོངས་ཀྱི་ཡུལ་གྲུ་རུ།།
ཡོད་ཚད་འདྲེ་ཡིས་གནོད་པའི་བབ་ཅོལ་འདི།།
ཅལ་འདྲོགས་རི་བོང་མང་པོའི་ཚོགས་དབུས་སུ།།
རྫུན་རྐྱལ་མོ་པ་མང་པོའི་འཚོ་རྟེན་ཆགས།།

རྩམ་པའི་བྲོ་བ་ལྕེ་ཡིས་མྱོང་འདོད་མེད།།
ཟབ་ཡངས་ལྔ་རིག་ཡིད་ཀྱི་སྦུག་ན་མེད།།
སྙན་འཇེབས་བོད་སྐད་ངག་ལ་མེད་པ་འདི།།
བུ་མོའི་བགྲོད་སྟངས་ཤོར་བའི་སྔ་ལྟས་ཡིན།།

ཨོ་ལོའི་སེམས་པ་བུ་མོའི་ཕྱོགས་ལ་ཤོར།།
བུ་མོའི་སེམས་པ་གསེར་དངུལ་རྒྱན་ཆར་ཆགས།།
ཨོ་ལོ་བུ་མོའི་བར་གྱི་བརྩེ་དུང་འདི།།
རྒྱུ་ནོར་ཡོད་མེད་གཅིག་གིས་རྒྱང་དུ་བྲལ།།

བྲག་ཟུར་འུག་པའི་སྐད་ངན་མཚན་མོར་ཐོས།།
ལྕང་གླིང་འཇོལ་མོའི་གྲེ་འགྱུར་ཉི་མོར་སྙན།།
འུག་པ་འཇོལ་མོའི་འཚོ་སྟངས་མི་འདྲ་བ།།
རྣམ་སྨིན་ལས་ཀྱི་འབྲས་བུ་ཡིན་པར་ངེས།།


གནག་སྣུམ་དབུ་སྐྲ་བ་མོས་མཐུག་པོར་གཡོག།།
གཞོན་ཤའི་བཞིན་རས་ཤུར་ཁའི་རི་མོས་ཁེངས།།
དྲོང་དྲོང་སྐུ་ལུས་དུས་ཀྱི་གཤིན་པོས་དཀུག།།
དྲིན་ཆེན་ཡབ་ཡུམ་འདི་ལྟར་རྒས་ནས་འདུག།།

ཕྱི་རུ་ཟང་ཟིང་རྒྱུ་ནོར་རི་མོས་ཁེངས།།
ནང་གི་གཟུངས་བཞུགས་ཤེས་བྱ་སྟོང་སེ་སྟོང་།།
ཕྱི་རྫིག་ནང་སྟོང་སྐྱིད་ལ་རེ་བ་འདི།།
གསེར་བུམ་སྟོང་པར་ཟད་པའི་སྔ་ལྟས་ཡིན།།

ལས་མེད་ཆོས་ཡོང་སྙམ་ནས་ཆོས་བཞུགས་དང་།།
ཆོས་མེད་འཇིག་རྟེན་སྐྱིད་སྙམ་སྡོམ་ཤོར་གཉིས།།
འདྲེན་བྱེད་ཟུང་དུ་ཐ་དད་སྣང་ན་ཡང་།།
དོན་དུ་གཉིས་ཀར་ཐར་པ་མེད་མཉམ་ཡིན།།

སྐྱབས་མིན་སྐྱབས་གནས་མིག་ཆུ་འཁོར་བཞིན་བརྟེན།།
དད་མིན་དད་ཕྱག་ཅལ་འདྲོགས་ཚུལ་དུ་འཚལ།།
ཆོས་མིན་ཆོས་ཀྱིས་ཐར་པ་ཐོབ་ལ་རེ།།
དེ་འདྲ་ཤཀྱའི་དབང་པོས་གསུངས་པ་མེད།།

ལས་མེད་སློང་ལངས་ཤོར་བའི་སློང་མོ་བ།།
ལྷ་སའི་ཁྲོམ་སྲང་གང་སར་འཁྱམ་ཞིང་མྱུལ།།
རེ་བའི་དམིགས་ཐག་ཆད་པའི་རྒྱབ་འཁུར་བུ།།
གཉིད་ཉལ་རྨི་ལམ་ནང་ན་ཧོབ་སད་བྱེད།།

གླིང་སྐོར་ཨ་མ་གྲངས་ཀའི་ཆེད་དུ་རྒྱུག།།
ཞབས་སྐོར་ཕོ་མོ་བརྩེ་དུང་གླེང་གྱིན་བསྐོར།།
ཆོས་མར་ཚོང་མཁན་དགེ་བར་སྐུལ་ཁུལ་ཙམ།།
ཆོས་ལྡན་ཞིང་དུ་ཆོས་མིན་བྱ་བ་མང་།།

ཡར་ཀླུང་གཙང་ཆབ་འཁུན་སྒྲའི་བཞུར་སྒྲ་སྒྲོགས།།
ཇོ་མོ་གླང་མ་ཚ་གདུང་རྔུལ་ཆུ་བཞུར།།
ཆུ་ཕྲན་ཀུ་ཅོ་བྱེ་མའི་ཐང་རུ་ཡལ།།
ས་གཞི་གོ་ལར་ཚ་བའི་ནད་ཡམས་ལྕི།།

སྒྱིད་ལུགས་ཕག་པ་ཟས་ཀྱི་དོན་དུ་རྒྱུག།།
ཡར་ཐོན་དེ་ཕོས་ཐོ་རངས་ནམ་ལངས་ཤེས།།
འདོགས་ཁྱི་ངར་པོས་བདག་པོར་མཇུག་མ་ཧྲིལ།།
དེ་འདྲའི་དུད་འགྲོ་མགོ་ནག་མིའམ་སྙམ།།

བསང་གི་དུ་བ་རི་བོའི་སྤོ་ནས་འཕྱུར།།
རླུང་རྟའི་དར་ཚོན་རི་བོའི་རྩེ་ནས་གཡོ།།
ཀྭི་ཀྭི་བསོ་བསོ་ནམ་མཁའི་དབྱིངས་སུ་གྲགས།།
ཆོས་ཀྱི་སྙིང་པོ་བྱང་སེམས་རུས་སྦལ་སྤུ།།

གནག་སྣུམ་སྐྲ་ལོ་སྤྲེལ་གྱི་སྤུ་ལ་འགྲན།།
མཛེས་པའི་བཞིན་རས་རྫས་འགྱུར་ཚོས་ཀྱིས་བཏུམས།།
ངག་གི་སྐད་ཆར་ཕུང་གསུམ་ཐ་སྙད་མང་།།
དེ་འདྲའི་གཞོན་ནུ་གདོན་འདྲེའི་ཁྱུར་ཡང་མིན།།

རྣར་སྙན་བསྟོད་ར་གཅིག་གིས་ཁེངས་པ་སྐྱེས།།
ཤ་ཚའི་སྨད་ར་གཅིག་གིས་དཔའ་ཞུམ་གྱུར།།
རྣར་སྙན་ཤ་ཚའི་དགེ་སྐྱོན་མི་ཤེས་པའི་།།
དེང་དུས་གཞོན་ནུ་གྲོགས་མའི་ཚོགས་ལས་མང་།།

ལྦུ་ཆང་ཉོ་དུས་འཇུངས་པའི་གཡའ་དང་བྲལ།།
སྐྱུག་པ་སྐྱུགས་སྐྱུགས་བར་དུ་འཐུང་དགོས་ཟེར།།
ནད་མནར་སྨན་བཅོས་སྨན་རིན་མཐོ་སོང་ཞེས།།
སེར་སྣ་བྱེད་ལུགས་མི་ཤེས་གླེན་པ་ཁྱུ།།

གང་ལྟར་ཅི་བྱས་ལས་ཀྱི་འབྲས་བུར་འགྱུར།།
ལས་ཀྱི་བདག་པོ་རང་ཉིད་ཁོ་ན་ཡིན།།
རྒྱུ་མེད་རྐྱེན་མེད་བདེ་དང་སྡུག་བསྔལ་མེད།།
བདེ་སྡུག་ལས་ལས་བྱུང་བས་རིག་པ་འགྲིམས།།


ནོར་དག་གསོག་པ་བདེ་བའི་ཆེད་དུ་ཡིན།།
ཆོག་ཤེས་མེད་པར་སྡུག་བསྔལ་མྱོང་ན་ནི།།
བདེ་བའི་ཆེད་དུ་རྒྱུ་ནོར་གསོག་པ་ཡང་།།
སྙིང་པོ་མེད་པའི་ལོ་གསུམ་བྱིས་པའི་རྩེད།།

ཆུ་སློག་ས་ཡོམ་ནད་ཡམས་འཆི་རྐྱེན་མང་།།
འཚོ་རྐྱེན་གཅིག་པུའི་ཟས་ཀྱང་རྫས་འགྱུར་འབག།།
རང་བཞིན་རྒས་ནས་ཤི་བ་རེ་རེའི་དུས།།
ཐ་མལ་ནད་མེད་གནས་གྱུར་དང་དོད་གྱིས།།

ཆུ་འདི་ཚེ་སྲོག་ཀུན་གྱི་རྩ་བ་ཡིན།།
འཐུང་ཆུ་དྭངས་གཙང་གནས་པ་དོན་པོ་ཡིན།།
སྔོན་བྱོན་བྷོ་ཊའི་ཡུལ་གྱི་མཁས་པ་ཚོས།།
ཆུ་ཡིས་ཕན་གནོད་སྨན་དུག་མིན་ཞེས་ཟེར།།

གནམ་སྔོན་སྤྲིན་དཀར་རྒྱུ་བ་བོད་ཀྱི་ཡུལ།།
གཏེར་ཆུ་རང་དགར་བཞུར་བ་བོད་ཀྱི་ཡུལ།།
མཁའ་དབུགས་དྭངས་གཙང་གནས་པ་བོད་ཀྱི་ཡུལ།།
བོད་ཡུལ་གཏན་དུ་འདི་ལྟར་གནས་པར་ཤོག།།
ཤོ་ཤར་ཚེ་རིང་རྒྱལ་པོས་་་་་་་༢༠༡༣ལོའི་ཟྮལ་བ་༤པར་ལྷ་སར་མགྲོན་ཁང་ཞིག་ཏུ་སུག་བྲི་བྱས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།