གོམ་པ་དང་པོ་འདི་ནས་སྤོ།

ང་དང་ཁྱེད་ལ་ལོ་ཟླས་རྨས་པའི་རྨ་ཁ་ཞིག།
ཁྱེད་དང་ང་ལ་བླ་སྲོག་སྟོར་བའི་ན་ཟུག་ཅིག།
ང་ཚོའི་མདུན་ན་ཤི་མ་གསོན་གྱི་མི་རིགས་ཤིག།
ཁྱེད་ཀྱིས་སོམས་དང་གོམ་པ་དང་པོ་གང་ནས་སྤོ།།

ང་དང་ཁྱེད་ལ་སྤྱི་དོན་མི་རིག་མིག་དབང་ཞིག།
ཁྱེད་དང་ང་ལ་རང་དོན་རྐྱང་བའི་བསམ་བློ་ཞིག།
ང་ཚོའི་གཞུག་ན་ལག་ཟུང་སྟོང་བའི་བུ་ཚ་ཞིག།

ང་དང་ཁྱེད་ལ་འགོ་རྔ་མི་གཅིག་ཨ་གསར་ཞིག།
ཁྱེད་དང་ང་ལ་ཤོག་སྒོར་ཁོ་ནའི་འདུན་པ་ཞིག།
ང་ཚོའི་འོག་ན་གསོན་སྙིང་བྲུས་པའི་གོ་ལ་ཞིག།

ང་དང་ཁྱེད་ལ་ཕྱི་ནང་མི་མཚུངས་མི་གཤིས་ཤིག།
ཁྱེད་དང་ང་ལ་ལད་མོ་ཟློ་བའི་ལོབས་ཕྱོགས་ཤིག།
ང་ཚོའི་ས་ན་གཉིད་དུ་ཡུར་བའི་རིག་གནས་ཤིག།

ང་དང་ཁྱེད་ལ་མགྲིན་པ་ཁོ་ནའི་ལ་རྒྱ་ཞིག།
ཁྱེད་དང་ང་ལ་ངོ་ལྐོག་མི་གཅིག་ངོ་རིས་ཤིག།
ང་ཚོའི་སེམས་ན་གད་སྙིགས་འདུས་པའི་ལྟ་བ་ཞིག།

ང་ཡིས་ཁྱེད་ལ་རང་ཚུགས་ཟུངས་ཅེས་ཀི་ཞིག་འདེབས།།
ཁྱེད་ཀྱིས་ང་ལ་ཡོན་ཏན་སློབ་ཅེས་གསལ་ཞིག་ཐོབས།།
ང་ཚོ་ལྷན་དུ་མི་རིགས་ཤིག་གི་སྲོག་ལ་འཇུ།།
བཙན་པོ་ཞིག་གི་གདུང་རྒྱུད་ཡིན་པ་ཤེས་སུ་འཇུག།
                                                               ༢༠༡༣་༡་༡༧

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གོམ་པ་དང་པོ་འདི་ནས་སྤོ།

2013-05-10 མདའ་མེ་ལྕེ། ཀློག་གྲངས། མཆན ཡོད།

ང་དང་ཁྱེད་ལ་ལོ་ཟླས་རྨས་པའི་རྨ་ཁ་ཞིག།
ཁྱེད་དང་ང་ལ་བླ་སྲོག་སྟོར་བའི་ན་ཟུག་ཅིག།
ང་ཚོའི་མདུན་ན་ཤི་མ་གསོན་གྱི་མི་རིགས་ཤིག།
ཁྱེད་ཀྱིས་སོམས་དང་གོམ་པ་དང་པོ་གང་ནས་སྤོ།།

ང་དང་ཁྱེད་ལ་སྤྱི་དོན་མི་རིག་མིག་དབང་ཞིག།
ཁྱེད་དང་ང་ལ་རང་དོན་རྐྱང་བའི་བསམ་བློ་ཞིག།
ང་ཚོའི་གཞུག་ན་ལག་ཟུང་སྟོང་བའི་བུ་ཚ་ཞིག།
ཁྱེད་ཀྱིས་སོམས་དང་གོམ་པ་དང་པོ་གང་ནས་སྤོ།།

ང་དང་ཁྱེད་ལ་འགོ་རྔ་མི་གཅིག་ཨ་གསར་ཞིག།
ཁྱེད་དང་ང་ལ་ཤོག་སྒོར་ཁོ་ནའི་འདུན་པ་ཞིག།
ང་ཚོའི་འོག་ན་གསོན་སྙིང་བྲུས་པའི་གོ་ལ་ཞིག།
ཁྱེད་ཀྱིས་སོམས་དང་གོམ་པ་དང་པོ་གང་ནས་སྤོ།།

ང་དང་ཁྱེད་ལ་ཕྱི་ནང་མི་མཚུངས་མི་གཤིས་ཤིག།
ཁྱེད་དང་ང་ལ་ལད་མོ་ཟློ་བའི་ལོབས་ཕྱོགས་ཤིག།
ང་ཚོའི་ས་ན་གཉིད་དུ་ཡུར་བའི་རིག་གནས་ཤིག།
ཁྱེད་ཀྱིས་སོམས་དང་གོམ་པ་དང་པོ་གང་ནས་སྤོ།།

ང་དང་ཁྱེད་ལ་མགྲིན་པ་ཁོ་ནའི་ལ་རྒྱ་ཞིག།
ཁྱེད་དང་ང་ལ་ངོ་ལྐོག་མི་གཅིག་ངོ་རིས་ཤིག།
ང་ཚོའི་སེམས་ན་གད་སྙིགས་འདུས་པའི་ལྟ་བ་ཞིག།
ཁྱེད་ཀྱིས་སོམས་དང་གོམ་པ་དང་པོ་གང་ནས་སྤོ།།

ང་ཡིས་ཁྱེད་ལ་རང་ཚུགས་ཟུངས་ཅེས་ཀི་ཞིག་འདེབས།།
ཁྱེད་ཀྱིས་ང་ལ་ཡོན་ཏན་སློབ་ཅེས་གསལ་ཞིག་ཐོབས།།
ང་ཚོ་ལྷན་དུ་མི་རིགས་ཤིག་གི་སྲོག་ལ་འཇུ།།
བཙན་པོ་ཞིག་གི་གདུང་རྒྱུད་ཡིན་པ་ཤེས་སུ་འཇུག།
                                                               ༢༠༡༣་༡་༡༧

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།