སྒྱུ་མའི་མཚོན་རིས།


མི་སེམས་བཅོས་མའི་བརྩེ་བ་ཙམ་པོ་སྒྱུ་མའི་གྲོང་ན་མངོན་པའི་ཚེ།།
ཉམ་ཐག་སྲོག་གི་མཛེས་པ་དེ་ཡང་འཁོར་བ་འདི་ཡི་མཚོན་རིས་ཤིག།

མདོག་མེད་དཔྱིད་ཀྱི་དུས་ཚིགས་སྐྱ་བོའི་ཁ་དོག་སེམས་ལ་ཐོགས་པ་ན།།
ཟང་ཟིང་སྒྱུ་མའི་རོལ་བ་མངར་མོ་འདི་ཕྱི་འགྲིམས་པའི་ལམ་གྲོ་ཉིད།།

ཁ་མཚར་འཇམ་པོའི་གཤིས་སུ་གྲུབ་པ་གཞན་སེམས་བསླུ་བའི་སྒྱུ་མ་དེ།།
བདག་གི་འཛིན་པ་རྟག་པར་རློམ་པའི་སོ་སྐྱེ་ཕལ་བའི་ངང་ཚུལ་ཡིན།

གྲོགས་ཀྱིས་བསླུས་དང་མཛའ་མོས་བསླུ་བ་མི་རྟག་འཁོར་བའི་ཆོས་ཉིད་དེ།།
དགའ་སྐྱོ་འདྲེས་མའི་འཚོ་བ་འདི་ཡང་ལས་ཀྱི་ཐོབ་བསྐལ་ཡིན་པ་འདྲ།།

ཉམ་ཆུང་བྲན་ལ་རྒྱུགས་པའི་ཁ་ཟས་སྒྱུ་མའི་མཚོན་རིས་ཡིན་པ་དང་།།
ཕྱུག་པོའི་ལོངས་སྤྱོད་མོད་པོ་དེ་ཡང་སྒྱུ་མའི་མཚོན་རིས་ཡིན་པ་མཚུངས།།

ལང་ཚོའི་མཛེས་པ་སྒྱུ་མས་བསླུས་ནས་མི་ཚེ་ཕྱེད་ཀ་རྫོགས་པ་ན།།
འཇིག་རྟེན་སྒྱུ་མའི་མཚོན་རིས་འདོ་གོ་རང་ལ་འགྲོགས་པའི་གྲིབ་མ་འདྲ།།

རང་གི་སྣང་བ་མཐོ་རུ་བཏེགས་ནས་སྒྱུ་མའི་གྲོང་ལ་ཞུགས་པའི་ཚེ།།
ཆ་རྒྱུས་མེད་པའི་མི་ངོ་དེ་ཚོ་སྒྱུ་མའི་ཁམས་ཀྱི་རྩེད་གྲོགས་ཡིན།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྱུ་མའི་མཚོན་རིས།

2013-04-29 མགར་ཚང་དར་རྒྱས། ཀློག་གྲངས། མཆན ཡོད།


མི་སེམས་བཅོས་མའི་བརྩེ་བ་ཙམ་པོ་སྒྱུ་མའི་གྲོང་ན་མངོན་པའི་ཚེ།།
ཉམ་ཐག་སྲོག་གི་མཛེས་པ་དེ་ཡང་འཁོར་བ་འདི་ཡི་མཚོན་རིས་ཤིག།

མདོག་མེད་དཔྱིད་ཀྱི་དུས་ཚིགས་སྐྱ་བོའི་ཁ་དོག་སེམས་ལ་ཐོགས་པ་ན།།
ཟང་ཟིང་སྒྱུ་མའི་རོལ་བ་མངར་མོ་འདི་ཕྱི་འགྲིམས་པའི་ལམ་གྲོ་ཉིད།།

ཁ་མཚར་འཇམ་པོའི་གཤིས་སུ་གྲུབ་པ་གཞན་སེམས་བསླུ་བའི་སྒྱུ་མ་དེ།།
བདག་གི་འཛིན་པ་རྟག་པར་རློམ་པའི་སོ་སྐྱེ་ཕལ་བའི་ངང་ཚུལ་ཡིན།

གྲོགས་ཀྱིས་བསླུས་དང་མཛའ་མོས་བསླུ་བ་མི་རྟག་འཁོར་བའི་ཆོས་ཉིད་དེ།།
དགའ་སྐྱོ་འདྲེས་མའི་འཚོ་བ་འདི་ཡང་ལས་ཀྱི་ཐོབ་བསྐལ་ཡིན་པ་འདྲ།།

ཉམ་ཆུང་བྲན་ལ་རྒྱུགས་པའི་ཁ་ཟས་སྒྱུ་མའི་མཚོན་རིས་ཡིན་པ་དང་།།
ཕྱུག་པོའི་ལོངས་སྤྱོད་མོད་པོ་དེ་ཡང་སྒྱུ་མའི་མཚོན་རིས་ཡིན་པ་མཚུངས།།

ལང་ཚོའི་མཛེས་པ་སྒྱུ་མས་བསླུས་ནས་མི་ཚེ་ཕྱེད་ཀ་རྫོགས་པ་ན།།
འཇིག་རྟེན་སྒྱུ་མའི་མཚོན་རིས་འདོ་གོ་རང་ལ་འགྲོགས་པའི་གྲིབ་མ་འདྲ།།

རང་གི་སྣང་བ་མཐོ་རུ་བཏེགས་ནས་སྒྱུ་མའི་གྲོང་ལ་ཞུགས་པའི་ཚེ།།
ཆ་རྒྱུས་མེད་པའི་མི་ངོ་དེ་ཚོ་སྒྱུ་མའི་ཁམས་ཀྱི་རྩེད་གྲོགས་ཡིན།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།