བརྩེ་བ་གྱེར་བའི་གླུ


མི་སེམས་ཤོག་དཀར་མེ་ལོང་ངོས་ལ།།
བརྩེ་བའི་རི་མོ་སྔོན་ནས་བྲིས་པ།།
སུས་ཀྱང་ཀློག་འགྲེལ་བྱེད་ཐབས་བྲལ་བའི།།
སྙན་ངག་ཅིག་གི་དོ་ཟླ་མིན་འགྲོ།
 
འདྲིས་ཤིང་འགྲོགས་པའི་ལོ་དང་ཟླ་བ།།
དུས་ཀྱི་རླུང་བུས་ཕར་ལ་བདས་ཀྱང་།།
ད་ལྟ་དྲན་པའི་གཞུ་ལ་འགུག་དུས།།
གདུང་བའི་མདའ་མོ་སྙིང་ལ་ཟུག་འགྲོ།
 
ཁྱོད་དང་ང་གཉིས་འཕྲད་པའི་ས་སྲོད།།
ང་ཡི་བློ་ལ་གློག་བརྙན་ཤར་འདྲ།།
ང་ཡི་ཚིག་དག་ཁྱོད་ཀྱི་རྣ་བར།།
གཞས་དང་མཚུངས་ཞེས་ཁྱོད་ཀྱང་ཟེར་བྱུང་།།
 
གཞོན་པའི་བློ་བྲིད་ཡིན་ནམ་ཅི་ཞིག།
སྙིང་ཐུབ་སྙིང་གི་ཚི་ལུ་འདྲ་བོར།།
བརྩེ་སེམས་ཆུ་ལ་འོ་མ་བཞིན་དུ།།
ཐུན་གཅིག་རྨི་ལམ་འདྲ་ཞིག་མིན་ཤོག།
 
བར་ཐག་རི་དང་གཙང་བོས་བཅད་ཀྱང་།།
སེམས་པས་ཁྱོད་ལ་ཡང་སྐོར་བསྐྱར་སྐོར།།
མི་འདོད་རྐྱེན་ངན་སད་དང་སེར་བས།།
བརྩེ་བའི་འདབ་མ་རྙིད་ཐབས་མི་འདུག།
 
བརྩེ་བའི་ལྷ་ཆེན་སེམས་ཤིག་ཡོད་ན།།
བརྩེ་བ་གྱེར་བའི་གླུ་གཞས་གཉོམ་པོར།།
བརྩེ་བའི་དབྱངས་ཀྱིས་རམ་འདེགས་མཛད་ནས།།
བརྩེ་ལྡན་གང་གི་སྙན་དུ་སྒྲོན་རོགས།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་བ་གྱེར་བའི་གླུ

2013-04-29 སྨྱུག་སྲས། ཀློག་གྲངས། མཆན ཡོད།


མི་སེམས་ཤོག་དཀར་མེ་ལོང་ངོས་ལ།།
བརྩེ་བའི་རི་མོ་སྔོན་ནས་བྲིས་པ།།
སུས་ཀྱང་ཀློག་འགྲེལ་བྱེད་ཐབས་བྲལ་བའི།།
སྙན་ངག་ཅིག་གི་དོ་ཟླ་མིན་འགྲོ།
 
འདྲིས་ཤིང་འགྲོགས་པའི་ལོ་དང་ཟླ་བ།།
དུས་ཀྱི་རླུང་བུས་ཕར་ལ་བདས་ཀྱང་།།
ད་ལྟ་དྲན་པའི་གཞུ་ལ་འགུག་དུས།།
གདུང་བའི་མདའ་མོ་སྙིང་ལ་ཟུག་འགྲོ།
 
ཁྱོད་དང་ང་གཉིས་འཕྲད་པའི་ས་སྲོད།།
ང་ཡི་བློ་ལ་གློག་བརྙན་ཤར་འདྲ།།
ང་ཡི་ཚིག་དག་ཁྱོད་ཀྱི་རྣ་བར།།
གཞས་དང་མཚུངས་ཞེས་ཁྱོད་ཀྱང་ཟེར་བྱུང་།།
 
གཞོན་པའི་བློ་བྲིད་ཡིན་ནམ་ཅི་ཞིག།
སྙིང་ཐུབ་སྙིང་གི་ཚི་ལུ་འདྲ་བོར།།
བརྩེ་སེམས་ཆུ་ལ་འོ་མ་བཞིན་དུ།།
ཐུན་གཅིག་རྨི་ལམ་འདྲ་ཞིག་མིན་ཤོག།
 
བར་ཐག་རི་དང་གཙང་བོས་བཅད་ཀྱང་།།
སེམས་པས་ཁྱོད་ལ་ཡང་སྐོར་བསྐྱར་སྐོར།།
མི་འདོད་རྐྱེན་ངན་སད་དང་སེར་བས།།
བརྩེ་བའི་འདབ་མ་རྙིད་ཐབས་མི་འདུག།
 
བརྩེ་བའི་ལྷ་ཆེན་སེམས་ཤིག་ཡོད་ན།།
བརྩེ་བ་གྱེར་བའི་གླུ་གཞས་གཉོམ་པོར།།
བརྩེ་བའི་དབྱངས་ཀྱིས་རམ་འདེགས་མཛད་ནས།།
བརྩེ་ལྡན་གང་གི་སྙན་དུ་སྒྲོན་རོགས།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།