དྲན་སྣང་།

ཆུ་སྐྱེས་སྒྲོལ་མ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-04-14

ཤར་རི་བོའི་རྩེ་ནས་རྟ་བདུན་གྱི་དཀྱིལ་འཁོར།།
མདངས་དམར་སེར་ཚོན་གྱིས་འཛུམ་ཟེར་དེ་བཀྱེ་བས།།
མཛེས་སྐྱེད་ཚལ་ལྡུམ་རྭའི་ཆུ་སྐྱེས་ཀྱི་ཞལ་རས།།
དགའ་ངོམས་མེད་ཕྱོགས་བཞི་མཚམས་བརྒྱད་ནས་གྲོལ་བྱུང༌།།

གཞོན་རྐང་དྲུག་སྦྲང་རྩིའི་སྙིང་ཁུ་ལ་ཆགས་ནས།།
དུས་ཉིན་མཚན་མ་ཤེས་ལས་བྲེལ་དེ་ཆེ་བས།།
སྙན་གླུ་དབྱངས་ལེན་པ་ཕྱོགས་མཐའ་ཡི་བུ་མོའི།།
སྙན་རྣ་བར་འཇེབས་པ་བརྗེད་ཐབས་རང་མི་འདུག།

སྒྲ་ཤང་ཤང་སྙན་པའི་ཆུ་མོ་ཡི་ནང་ནས།།
འཁྱུག་རྩལ་དྲུག་ངོམ་པའི་ཉ་ཆུང་གི་འཁོར་ཚོགས།།
སྐྱིད་ཡར་མཆོང་མར་རྒྱུག་སྤྲོ་སྣང་དེ་མཐོང་དུས།།
འདྲིས་ཆུང་འདྲིས་བྱམས་པའི་ཞལ་ཟླ་དེ་དྲན་བྱུང༌།།

སྨན་བུ་མོ་བདག་གི་དམར་ཆུང་གི་སེམས་པ།།
གནས་འཁོར་བའི་ཡུལ་ལ་ཡང་ཡང་དུ་ཆགས་ནས།།
དོན་གཤའ་མའི་ཆོས་ཞིག་ཡོང་རེ་དེ་དཀོན་པས།།
སེམས་སྨུག་པས་དཀྲིགས་པ་དྭངས་ཐབས་རང་མི་འདུག།

སྔོན་དམ་པའི་སྐྱེས་བུའི་དཀའ་སྤྱད་ཀྱི་མཛད་རྣམ།།
ཡངས་འདྲེན་བྱེད་སྒོར་མོའི་ལྟད་མོ་ལ་ཆས་སྐབས།།
དད་སྤུ་ལོང་གཡོ་བ་སྤྲིན་དཀར་དང་འགྲོགས་ནས།།
དད་མཆི་མའི་ཆར་གྱིས་བྲང་གཞི་རང་བརླན་སོང༌།།

རྗེ་མི་ལ་རས་པའི་རྣམ་ཐར་དེ་མཇལ་ནས།།
ཡིད་དད་པ་སྐྱེས་པ་བརྗོད་ཐབས་རང་མེད་ཀྱང༌།།
རང་རྨོངས་གཉིད་སྟུག་པོའི་ལས་དབང་ལ་བསམ་ནས།།
ཞེ་སེམས་པའི་སྟེང་ནས་སྐྱོ་བ་རང་སྐྱེས་བྱུང༌།།

ཤར་སྤང་རིའི་སྟེང་གི་ཤ་བ་དེ་མཐོང་ནས།།
སྙན་ཁུ་བྱུག་གཞོན་ནུའི་གླུ་དབྱངས་དེ་གོ་ནས།།
མཛེས་བཅོ་ལྔའི་བསིལ་ཟེར་ཞལ་རས་དེ་ངོམ་དུས།།
བྱམས་ཨ་མའི་ལུས་ངག་ཡིད་གསུམ་དེ་དྲན་བྱུང༌།།

དྲན་སེམས་པའི་གཏིང་ནས་དྲན་པ་ཡི་མ་ལོ།།
རྒས་སོ་དཀར་ན་སོ་མ་རྫོགས་པའི་སྔོན་ནས།།
གདུག་གཤིན་རྗེའི་ཞགས་པས་བཙན་ཐབས་ཀྱིས་འཁྲིད་པའི།།
ལས་ངང་ཚུལ་བསམ་ནས་སེམས་པ་དེ་སྐྱོ་བྱུང༌།།

གནས་གཞན་ཡུལ་ས་མཐར་འཚོ་བ་ཡི་ལས་དབང༌།།
ཚོན་ཁ་མདོག་མེད་པའི་ཁ བཤད་ཀྱིས་དོན་སྟོང༌།།
བལྟས་ཕྱི་རྫིག་ནང་སྟོང་བྱས་ཉེས་ཀྱི་ལས་སྣེར།།
ཡིད་སྙིང་ཁོང་རུང་གཏིང་ན་ཟུག་དེ་ཆེ་བ།།

ཕ་བྱམས་སེམས་ཅན་གྱི་བཀའ་དྲིན་དེ་ཆེ་ཡང༌།།
དྲིན་མཇལ་བསྐལ་མ་མཆིས་དུས་རླབས་ཀྱིས་བཅོམ་ནས།།
གནས་ངེས་མེད་ས་མཐར་འཁྱམས་པ་ཡི་ངང་ཚུལ།།
ལས་རྒྱུ་འབྲས་མེད་པའི་བུ་མོ་ང་སྐྱོ་བྱུང༌།།

མདངས་བརྩེ་བ་ཅན་གྱི་གཅེན་པོ་དེ་ཉིད་ཀྱང༌།།
རྗེ་གཤིན་རྗེའི་ཕོ་ཉར་འཁྲིད་པ་ཡི་ལས་ངན།།
འཁོར་ཡིད་ལ་འཁོར་བའི་སྡུག་བསྔལ་དེ་ལྕི་མོ།།
དུས་དེ་རིང་བཤད་ཀྱང་རྫོགས་ཐབས་ཤིག་མི་འདུག།

སྐྱིད་མི་ཚེ་རིང་པོའི་འཁོར་བ་ཡི་གནས་ལ།།
སྡུག་ཁུར་པོ་ལྕི་མོའི་ལས་དབང་གི་བཀའ་རྒྱས།།
གནོན་འགྲོ་དྲུག་སེམས་ཅན་རང་དབང་དེ་བྲལ་ནས།།
དུས་ཉིན་མཚན་བྲེལ་བའི་ངང་ཚུལ་ཡང་སྐྱོ་བྱུང༌།།

དྲིན་བཀའ་དྲིན་ཅན་གྱི་བཤེས་གཉེན་དེ་དམ་པའི།།
ཟབ་གདམས་ངག་རིན་ཆེན་གནང་བ་ཡི་བཀའ་ལན།།
མཇལ་གོ་སྐབས་བྲལ་བའི་ཉམ་ཆུང་གི་བུ་མོའི།།
ཞེ་སེམས་པའི་གཏིང་ནས་འགྱོད་པ་དེ་སྐྱོ་བྱུང༌།།

རང་ཡིད་ལ་གང་ཤར་བྲིས་པ་ཡི་སྐྱོ་གདུང༌།།
དོན་འབྲས་བུས་སྟོངས་པ་དེ་བདེན་ཡང༌།།
ཡིད་སྡུག་བསྔལ་སེལ་ཆེད་ཁོ་ན་དེ་ལགས་པས།།
ཀློག་མཁན་པོ་དག་ཚོས་དགོངས་བཞེས་རེ་གནང་རོགས།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་སྣང་།

2013-04-14 ཆུ་སྐྱེས་སྒྲོལ་མ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།