ལས་འབྲས་སྨིན་པའི་རྣམ་སྨིན།

ཁྱུང་མཆུའི་བརྒྱ་བྱིན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-04-04


ཟ་ཟིའི་སྨིག་རྒྱུས་དུད་སྤྲིན་སྒང་ལ་འཁུར་བ་འཆོར་སྒེག་ནུ་ལྡན་མ་ཡི་བྲང་གཞུང་སང་རེས་གཡོགས་འདྲས་སྒྲུབ་ཕུག་མདུན་ངོའི་སྟོན་ཟླ་རྒྱས་པས་ནང་གི་བཏང་སྙོམས་རབ་ཏུ་དཀྲུགས།།
རི་ཤོད་ཆུ་འཛིན་འཁྲུག་པས་རི་དྭགས་ཕོ་མོའི་མཁུན་སྒྲས་ཁེངས་བས་ཏིང་འཛིན་སེམས་ཀྱིས་མ་བཏང་མ་ལྟར་བརྩེ་བའི་སྒྲོལ་མས་མ་གཟིགས་དགའ་མ་མ་ཐོངས་བར་དུ་ལུ་གུ་རྩེ། །
སྒོམ་གྲུབ་རྟོགས་གྲོལ་སྐྱེ་མེད་མཁའ་ལ་ཆོས་སྙིང་རྨི་ལམ་ནང་གི་པད་མོ་བཞིན་དུ་མ་བཞད་རི་བོང་ར་ཅོ་འཚོལ་འདོད་མ་ཡིན་སེམས་ཀྱིས་བསྒྲུབ་དེ་ལས་ཀྱི་འགྲུབ་དགོས་བྱུང་།།
འཁོར་བ་སྡུག་བསྔལ་རྒྱ་མཚོར་སེམས་ཀྱང་བརྩེ་བ་རྒྱུད་ནས་མི་ཐོངས་མཚམས་རེར་ནུ་ལྡན་མ་དེ་ཞག་ཉལ་ཙམ་གྱིས་སྐལ་བརྒྱའི་ཉེས་མིག་འཁུར་ཡང་འགྱོད་པ་ནམ་མཁའི་པད་མོར་བཅོལ།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལས་འབྲས་སྨིན་པའི་རྣམ་སྨིན།

2013-04-04 ཁྱུང་མཆུའི་བརྒྱ་བྱིན། ཀློག་གྲངས། མཆན ཡོད།


ཟ་ཟིའི་སྨིག་རྒྱུས་དུད་སྤྲིན་སྒང་ལ་འཁུར་བ་འཆོར་སྒེག་ནུ་ལྡན་མ་ཡི་བྲང་གཞུང་སང་རེས་གཡོགས་འདྲས་སྒྲུབ་ཕུག་མདུན་ངོའི་སྟོན་ཟླ་རྒྱས་པས་ནང་གི་བཏང་སྙོམས་རབ་ཏུ་དཀྲུགས།།
རི་ཤོད་ཆུ་འཛིན་འཁྲུག་པས་རི་དྭགས་ཕོ་མོའི་མཁུན་སྒྲས་ཁེངས་བས་ཏིང་འཛིན་སེམས་ཀྱིས་མ་བཏང་མ་ལྟར་བརྩེ་བའི་སྒྲོལ་མས་མ་གཟིགས་དགའ་མ་མ་ཐོངས་བར་དུ་ལུ་གུ་རྩེ། །
སྒོམ་གྲུབ་རྟོགས་གྲོལ་སྐྱེ་མེད་མཁའ་ལ་ཆོས་སྙིང་རྨི་ལམ་ནང་གི་པད་མོ་བཞིན་དུ་མ་བཞད་རི་བོང་ར་ཅོ་འཚོལ་འདོད་མ་ཡིན་སེམས་ཀྱིས་བསྒྲུབ་དེ་ལས་ཀྱི་འགྲུབ་དགོས་བྱུང་།།
འཁོར་བ་སྡུག་བསྔལ་རྒྱ་མཚོར་སེམས་ཀྱང་བརྩེ་བ་རྒྱུད་ནས་མི་ཐོངས་མཚམས་རེར་ནུ་ལྡན་མ་དེ་ཞག་ཉལ་ཙམ་གྱིས་སྐལ་བརྒྱའི་ཉེས་མིག་འཁུར་ཡང་འགྱོད་པ་ནམ་མཁའི་པད་མོར་བཅོལ།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།