ཀ་ཕྲེང་བརྩེ་བའི་མགུར་གླུ།

ཀ་ཡེ་སྙིང་གི་ལོ་ལོས།།
ཀ་ཁ་ངག་རུ་འཁྱེར་ནས།།
ཀ་རའི་རོ་དང་མཚུངས་པའི།།
ཀ་དག་སྙིང་གཏམ་བརྡོལ་བྱུང།།
ཁ་ཁར་འཚོ་དགོས་བྱུང་ཡང།།
ཁ་དང་ཁོག་པའི་བར་ནས།།
ཁ་ཁོག་ཉ་ཆུའི་ཚུལ་བཞིན།།ཁ་དན་དམ་བཅའ་བཞག་ཡོད།།
ག་ལེར་ཁ་ཁར་གྱེས་དུས།།ག་དུས་གང་དུ་སླེབས་ཀྱང།།
ག་ཡིན་འདི་ཡིན་མེད་པར།།
ག་ནས་ཁྱེད་རང་དྲན་གི།།
ང་སེངས་དབུལ་སུ་ཟུག་པའི།།ང་ཡི་འཛུམ་ཆུང་སྙིང་གྲོགས།།
ང་ཡི་ཡིད་རྟོན་བཅོལ་ས།།
ང་ཡི་རེ་བཞག་བསྐྱིལ་ས།།

ཅ་ཅོ་འབེལ་བའི་ཡུལ་ནས།།
ཅ་དངོས་མང་བའི་གྲོང་ནས།།
ཅ་དག་སེམས་ཁ་དག་མ།།
ཅ་ཅོ་གང་ལའང་མ་ཤོར།།
ཆ་རྒྱུས་མངའ་བའི་ཡུལ་ན།།
ཆ་མིན་ཁེར་རྐྱང་རོལ་བཞིན།།
ཆ་མེད་གྲོང་ན་གནས་པའི།།
ཆ་རྒྱུས་ཅན་ཁྱེད་དྲན་བྱུང།།


ཇ་ཆུ་འདྲེས་འདྲེས་བྱུང་ན།།
ཇ་དེ་ང་ཡི་ཚུལ་དུ།།ཇ་མིན་ཆུ་དེ་ཁྱེད་དང།།
ཇ་ཆུ་ལྟར་འདྲེས་ངེད་གཉིས།།

ཉ་མོ་ཆུ་ལ་བརྩེ་བ།།
ཉ་མོ་ཆུ་ལ་དུང་བ།།
ཉ་ཆུའི་ངང་ཚུལ་འགྲན་པའི།།ཉ་ཆུ་འདྲ་བ་ངེད་གཉིས།།

ཐ་མག་ཁ་རུ་རྔུབ་དུས།།
ཐ་ཆད་བུ་སྡུག་ཟེར་ཡང།།
ཐ་མའི་མཐའ་རེད་ལབ་ཀྱང།།
ཐ་མའི་སུན་སྣང་སེལ་འགྲོ།།


ད་སྐབས་འུ་གཉིས་མཐུན་མཐུན།།ད་དོ་སང་ལོ་ནངས་ལོ།།
ད་རུང་མུ་ནས་མཐུན་ཤོག།།
ད་ལས་ཇེ་མཐུན་ཡོང་ཤོག།།

ན་སོ་གཞོན་པའི་དུས་དེར།།
ན་ནིང་ཞིག་ནས་འགྲོགས་པའི།།ན་ཆུང་སྙིང་གི་བུ་མོས།།
ན་ཟུག་བྱིན་གྱིན་མ་སྡོད།།

པ་ཕ་བོས་ཀྱིན་ཡོང་དུས།།
པ་སྡེ་སྦྱངས་བསྐལ་ཐོབ་དུས།།
པ་བ་གཅེན་གཅུང་ཚུལ་དུ།།
པ་བའི་འབྱུང་ཡུལ་ཕ་མ།།


ཕ་མ་ཟུང་གི་བུ་ཕྲུག།།
ཕ་མའི་སྙིང་གི་ཚི་ལུ།།
ཕ་མའི་རེ་ལྟོས་བཅོལ་ས།།
ཕ་མའི་སེམས་ཁུར་བྱེད་ས།།


བ་མོའི་ཡུལ་ལྗོངས་བཀབ་འདུག།།
བ་གླང་འཁྱགས་ཀྱིས་བསྡམས་གདའ།།
བ་མོ་བཞུ་བ་འགྱོགས་སོང།།
བ་གླང་ད་རུང་མ་ལངས།།


མ་བཅོས་རང་སེམས་ཀ་བ།།
མ་ལྷད་གསེར་ནག་བརྒྱུད་པ།།
མ་གསང་སྙིང་གཏམ་ཤབ་ཤུབ།།
མ་ལོ་མ་བཤད་ཁྱེད་བཤད།།


ཙ་རི་བྱིན་རླབས་ཆེ་སྐད།།
ཙ་རི་ཁ་ཐག་རིང་བཤགས།།
ཙ་རིའི་ཕན་དང་འགྲན་པའི།།
ཙ་རི་འདྲ་བ་ཁྱེད་ཉིད།།


ཚ་དམྱལ་འཇིགས་པ་ཆེ་ཟེར།།
ཚ་གདུང་བཟོད་ཐབས་མེད་སྐད།།
ཚ་བོའི་མལ་དུ་འཛུལ་རོགས།།
ཚ་འཇོམས་སྙིང་སྡུག་ཁྱེད་ཡིན།།


རྫ་མགོ་གངས་ཀྱི་བཟུང་དུས།།
རྫ་འདབས་གངས་ལྷ་མེ་ཏོག།།
རྫ་ཞོལ་འགྲོ་དབང་མེད་ཀྱང།།
དྲན་གདུང་ཁྱེད་ཕྱོགས་འཁོར་ཡོད།།

ཝ་མོ་འགྲོ་འགྲོ་མ་བ།།ཝ་མོ་གཡོ་སྒྱུ་ཆེ་བ།།
ཝ་མོའི་གཤིས་དང་མི་འགྲོགས།།
ཝ་ཞྭ་མགོ་ལ་མི་གྱོན།།


ཞྭ་ཐོག་ཞྭ་ནག་གྱོན་པའི།།
ཞོ་འཐུང་བོད་པའི་བུ་ཕྲུག།།ཞྭ་ར་དམུས་ལོང་འདྲ་བའི།།ཞེ་སྡང་མི་ཤེས་ང་ཚོ།།


ཟ་ཤོག་འཐུང་ཤོག་ཟེར་གི།།
ཟ་རོགས་རོགས་ལོ་མང་གི།
ཟ་རྒྱུ་ཟ་རོགས་མངའ་ཡང།།ཟ་བྱར་བྲོ་བ་མེད་ཀི།།
འོ་མ་རྒྱ་མཚོ་བསྐྱིལ་ཡོད།།འོ་མཆོད་ཁྱེད་ལ་ཕུལ་འདོད།།འ་ཆད་འུ་རུ་ཐུག་ཀྱང།།
འོ་མཚོར་ཁྲག་ཐིགས་མ་རྒྱག།།


ཡ་ཆུང་དྲན་པའི་ཁུག་སོར།།
ཡ་ཐོད་ཀླད་པའི་ནང་དུ།།
ཡ་རབས་གུས་ལུགས་མངའ་བའི།།ཡ་མཚན་ཅན་ཁྱེད་འཁོར་ཡོད།།


ར་བཟིའི་སྨྱོ་གཏམ་མ་ཟེར།།
ར་སྤུའི་འུར་རྡོ་མ་ལབ།།ར་ཤ་མ་བཟས་གོང་ན།།
ར་དྲི་མ་འགོས་གནང་རོགས།།
ལ་ལུང་གྲངས་མེད་ཆས་རུང།།
ལ་ཆའི་གཤིས་དང་མ་འགྲོགས།།ལ་ལུང་གང་དུ་སླེབས་ཀྱང།།ལ་རྒྱའི་ཕྱི་ཐག་བརྟན་དགོས།།


ཤ་ཞིམ་རུས་གསེབ་ཡོད་སྐད།།
ཤ་འདོད་ཅན་གྱིས་མ་ལོན།།ཤ་ཚའི་གཏམ་གྱི་རྣ་ཚ།།
ཤ་ཚ་ཆེ་ཡང་ཉན་བཀའ།།

ས་འོག་འབུ་ལ་འབུ་རོགས།།
ས་སྟེང་མི་ལ་མི་རོགས།།
ས་སྟེང་ང་ཡི་ཚེ་རོགས།།
ས་ཐག་རིང་བའི་ཡུལ་ན།།

ཧ་ཅང་དགའ་བའི་མཛའ་མོར།།
ཧ་ཅང་དྲན་པའི་ངང་ནས།།
ཧ་ལས་ཚིག་སྦྱོར་དབེན་ཡང།།
ཧ་ཧེའི་དགོད་གཏམ་མ་སྒྲོག།།

ཨ་ཕའི་སྙིང་སྟོབས་རུམ་ཡོད།།
ཨ་མའི་གཤིས་བཟང་འཁྱེར་ཡོད།།
ཨ་གསར་ས་བོན་མི་འདེབས།།ཨ་མཚར་མེ་ཏོག་མི་དགའ།།
                                         བོད་རྒྱལ་ལོ་༢༠༡༣ལོ་ཟླ༢ཚེས༩ཉིན་འདམ་གཞུང་རྗོང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀ་ཕྲེང་བརྩེ་བའི་མགུར་གླུ།

2013-03-30 འབྲོག་ཁ་མང་། ཀློག་གྲངས། མཆན ཡོད།

ཀ་ཡེ་སྙིང་གི་ལོ་ལོས།།
ཀ་ཁ་ངག་རུ་འཁྱེར་ནས།།
ཀ་རའི་རོ་དང་མཚུངས་པའི།།
ཀ་དག་སྙིང་གཏམ་བརྡོལ་བྱུང།།
ཁ་ཁར་འཚོ་དགོས་བྱུང་ཡང།།
ཁ་དང་ཁོག་པའི་བར་ནས།།
ཁ་ཁོག་ཉ་ཆུའི་ཚུལ་བཞིན།།ཁ་དན་དམ་བཅའ་བཞག་ཡོད།།
ག་ལེར་ཁ་ཁར་གྱེས་དུས།།ག་དུས་གང་དུ་སླེབས་ཀྱང།།
ག་ཡིན་འདི་ཡིན་མེད་པར།།
ག་ནས་ཁྱེད་རང་དྲན་གི།།
ང་སེངས་དབུལ་སུ་ཟུག་པའི།།ང་ཡི་འཛུམ་ཆུང་སྙིང་གྲོགས།།
ང་ཡི་ཡིད་རྟོན་བཅོལ་ས།།
ང་ཡི་རེ་བཞག་བསྐྱིལ་ས།།

ཅ་ཅོ་འབེལ་བའི་ཡུལ་ནས།།
ཅ་དངོས་མང་བའི་གྲོང་ནས།།
ཅ་དག་སེམས་ཁ་དག་མ།།
ཅ་ཅོ་གང་ལའང་མ་ཤོར།།
ཆ་རྒྱུས་མངའ་བའི་ཡུལ་ན།།
ཆ་མིན་ཁེར་རྐྱང་རོལ་བཞིན།།
ཆ་མེད་གྲོང་ན་གནས་པའི།།
ཆ་རྒྱུས་ཅན་ཁྱེད་དྲན་བྱུང།།


ཇ་ཆུ་འདྲེས་འདྲེས་བྱུང་ན།།
ཇ་དེ་ང་ཡི་ཚུལ་དུ།།ཇ་མིན་ཆུ་དེ་ཁྱེད་དང།།
ཇ་ཆུ་ལྟར་འདྲེས་ངེད་གཉིས།།

ཉ་མོ་ཆུ་ལ་བརྩེ་བ།།
ཉ་མོ་ཆུ་ལ་དུང་བ།།
ཉ་ཆུའི་ངང་ཚུལ་འགྲན་པའི།།ཉ་ཆུ་འདྲ་བ་ངེད་གཉིས།།

ཐ་མག་ཁ་རུ་རྔུབ་དུས།།
ཐ་ཆད་བུ་སྡུག་ཟེར་ཡང།།
ཐ་མའི་མཐའ་རེད་ལབ་ཀྱང།།
ཐ་མའི་སུན་སྣང་སེལ་འགྲོ།།


ད་སྐབས་འུ་གཉིས་མཐུན་མཐུན།།ད་དོ་སང་ལོ་ནངས་ལོ།།
ད་རུང་མུ་ནས་མཐུན་ཤོག།།
ད་ལས་ཇེ་མཐུན་ཡོང་ཤོག།།

ན་སོ་གཞོན་པའི་དུས་དེར།།
ན་ནིང་ཞིག་ནས་འགྲོགས་པའི།།ན་ཆུང་སྙིང་གི་བུ་མོས།།
ན་ཟུག་བྱིན་གྱིན་མ་སྡོད།།

པ་ཕ་བོས་ཀྱིན་ཡོང་དུས།།
པ་སྡེ་སྦྱངས་བསྐལ་ཐོབ་དུས།།
པ་བ་གཅེན་གཅུང་ཚུལ་དུ།།
པ་བའི་འབྱུང་ཡུལ་ཕ་མ།།


ཕ་མ་ཟུང་གི་བུ་ཕྲུག།།
ཕ་མའི་སྙིང་གི་ཚི་ལུ།།
ཕ་མའི་རེ་ལྟོས་བཅོལ་ས།།
ཕ་མའི་སེམས་ཁུར་བྱེད་ས།།


བ་མོའི་ཡུལ་ལྗོངས་བཀབ་འདུག།།
བ་གླང་འཁྱགས་ཀྱིས་བསྡམས་གདའ།།
བ་མོ་བཞུ་བ་འགྱོགས་སོང།།
བ་གླང་ད་རུང་མ་ལངས།།


མ་བཅོས་རང་སེམས་ཀ་བ།།
མ་ལྷད་གསེར་ནག་བརྒྱུད་པ།།
མ་གསང་སྙིང་གཏམ་ཤབ་ཤུབ།།
མ་ལོ་མ་བཤད་ཁྱེད་བཤད།།


ཙ་རི་བྱིན་རླབས་ཆེ་སྐད།།
ཙ་རི་ཁ་ཐག་རིང་བཤགས།།
ཙ་རིའི་ཕན་དང་འགྲན་པའི།།
ཙ་རི་འདྲ་བ་ཁྱེད་ཉིད།།


ཚ་དམྱལ་འཇིགས་པ་ཆེ་ཟེར།།
ཚ་གདུང་བཟོད་ཐབས་མེད་སྐད།།
ཚ་བོའི་མལ་དུ་འཛུལ་རོགས།།
ཚ་འཇོམས་སྙིང་སྡུག་ཁྱེད་ཡིན།།


རྫ་མགོ་གངས་ཀྱི་བཟུང་དུས།།
རྫ་འདབས་གངས་ལྷ་མེ་ཏོག།།
རྫ་ཞོལ་འགྲོ་དབང་མེད་ཀྱང།།
དྲན་གདུང་ཁྱེད་ཕྱོགས་འཁོར་ཡོད།།

ཝ་མོ་འགྲོ་འགྲོ་མ་བ།།ཝ་མོ་གཡོ་སྒྱུ་ཆེ་བ།།
ཝ་མོའི་གཤིས་དང་མི་འགྲོགས།།
ཝ་ཞྭ་མགོ་ལ་མི་གྱོན།།


ཞྭ་ཐོག་ཞྭ་ནག་གྱོན་པའི།།
ཞོ་འཐུང་བོད་པའི་བུ་ཕྲུག།།ཞྭ་ར་དམུས་ལོང་འདྲ་བའི།།ཞེ་སྡང་མི་ཤེས་ང་ཚོ།།


ཟ་ཤོག་འཐུང་ཤོག་ཟེར་གི།།
ཟ་རོགས་རོགས་ལོ་མང་གི།
ཟ་རྒྱུ་ཟ་རོགས་མངའ་ཡང།།ཟ་བྱར་བྲོ་བ་མེད་ཀི།།
འོ་མ་རྒྱ་མཚོ་བསྐྱིལ་ཡོད།།འོ་མཆོད་ཁྱེད་ལ་ཕུལ་འདོད།།འ་ཆད་འུ་རུ་ཐུག་ཀྱང།།
འོ་མཚོར་ཁྲག་ཐིགས་མ་རྒྱག།།


ཡ་ཆུང་དྲན་པའི་ཁུག་སོར།།
ཡ་ཐོད་ཀླད་པའི་ནང་དུ།།
ཡ་རབས་གུས་ལུགས་མངའ་བའི།།ཡ་མཚན་ཅན་ཁྱེད་འཁོར་ཡོད།།


ར་བཟིའི་སྨྱོ་གཏམ་མ་ཟེར།།
ར་སྤུའི་འུར་རྡོ་མ་ལབ།།ར་ཤ་མ་བཟས་གོང་ན།།
ར་དྲི་མ་འགོས་གནང་རོགས།།
ལ་ལུང་གྲངས་མེད་ཆས་རུང།།
ལ་ཆའི་གཤིས་དང་མ་འགྲོགས།།ལ་ལུང་གང་དུ་སླེབས་ཀྱང།།ལ་རྒྱའི་ཕྱི་ཐག་བརྟན་དགོས།།


ཤ་ཞིམ་རུས་གསེབ་ཡོད་སྐད།།
ཤ་འདོད་ཅན་གྱིས་མ་ལོན།།ཤ་ཚའི་གཏམ་གྱི་རྣ་ཚ།།
ཤ་ཚ་ཆེ་ཡང་ཉན་བཀའ།།

ས་འོག་འབུ་ལ་འབུ་རོགས།།
ས་སྟེང་མི་ལ་མི་རོགས།།
ས་སྟེང་ང་ཡི་ཚེ་རོགས།།
ས་ཐག་རིང་བའི་ཡུལ་ན།།

ཧ་ཅང་དགའ་བའི་མཛའ་མོར།།
ཧ་ཅང་དྲན་པའི་ངང་ནས།།
ཧ་ལས་ཚིག་སྦྱོར་དབེན་ཡང།།
ཧ་ཧེའི་དགོད་གཏམ་མ་སྒྲོག།།

ཨ་ཕའི་སྙིང་སྟོབས་རུམ་ཡོད།།
ཨ་མའི་གཤིས་བཟང་འཁྱེར་ཡོད།།
ཨ་གསར་ས་བོན་མི་འདེབས།།ཨ་མཚར་མེ་ཏོག་མི་དགའ།།
                                         བོད་རྒྱལ་ལོ་༢༠༡༣ལོ་ཟླ༢ཚེས༩ཉིན་འདམ་གཞུང་རྗོང་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།