ནང་སེམས་ལས་འཕྲོས་པའི་གཏམ།


གཡུ་ཡི་ཁུ་བའི་བཞུར་འདྲའི་སྤང་རྩྭ་དག།
འཁྱག་ཁྲོད་མི་ཡུལ་གྱེས་ནས་ས་མཐར་བཞུད།།
སེར་ལ་སྐྱ་བའི་ཡུལ་ལྫོངས་རྣམ་པ་དེ།།
ལུས་ལ་གཅོང་གནད་ཕོག་པའི་མི་དང་མཉམ།།

ཁ་བ་བུ་ཡུག་ཚུབ་པའི་གནམ་གཤིས་འོག།
ཉམ་ཆུང་སེམས་པ་ཁ་བའི་འདབ་མ་བཞིན།།
བརྟན་ཚུགས་མེད་པར་གང་སར་གཡོ་བའི་དུས།།
རྣམ་ཤེས་རང་ཡུལ་ཕྱོགས་ལ་ལན་བརྒྱར་འཁྱམས།།

གྲང་རླུང་བཙན་པོས་བཙན་འཛུལ་བྱེད་ཐེངས་རེར།།
དམར་ཆུང་སྙིང་ཁར་འཁྱག་པའི་ཞགས་པས་བཅིངས།།
ལུས་སེམས་གཅིག་ལ་མ་གནས་སོ་སོར་གྱེས།།
རང་ཡུལ་སྐྱིད་པའི་ཚལ་དེ་སེམས་ལ་དྲན།།

རྒྱུས་མེད་མི་ཡི་ལུང་པར་འཚོ་བའི་དུས།།
དགའ་ཉེ་སྤུན་དང་བྲལ་ནས་སེམས་པ་སྐྱོ།།
ནམ་ཟླའི་འཁྱག་གྲང་སྡུག་རྩུབ་གནམ་གཤིས་དེས།།
དྲོད་ཁོལ་ལྡན་པའི་རང་ཁྱིམ་དེ་རང་དྲན།།


ལས་ཀྱི་བསྐོས་པའི་ན་ཆུང་བུ་མོ་དེ།།
ལེ་དབར་སྟོང་གི་ཆོད་ནས་ལུས་པའི་དུས།།
སེམས་པ་གཉིས་ལ་འབུས་པའི་དྲན་གདུང་དག།
གཅིག་པོར་སྐྱུར་ཁ་ཀློག་ནས་ཡིད་རེ་སྐྱོ།།
       ༢༠༡༢ལོའི་༡༢པའི་༣༠ཉིན་མལ་ཁང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནང་སེམས་ལས་འཕྲོས་པའི་གཏམ།

2013-02-06 སྟོབས་རྒྱས། ཀློག་གྲངས། མཆན ཡོད།


གཡུ་ཡི་ཁུ་བའི་བཞུར་འདྲའི་སྤང་རྩྭ་དག།
འཁྱག་ཁྲོད་མི་ཡུལ་གྱེས་ནས་ས་མཐར་བཞུད།།
སེར་ལ་སྐྱ་བའི་ཡུལ་ལྫོངས་རྣམ་པ་དེ།།
ལུས་ལ་གཅོང་གནད་ཕོག་པའི་མི་དང་མཉམ།།

ཁ་བ་བུ་ཡུག་ཚུབ་པའི་གནམ་གཤིས་འོག།
ཉམ་ཆུང་སེམས་པ་ཁ་བའི་འདབ་མ་བཞིན།།
བརྟན་ཚུགས་མེད་པར་གང་སར་གཡོ་བའི་དུས།།
རྣམ་ཤེས་རང་ཡུལ་ཕྱོགས་ལ་ལན་བརྒྱར་འཁྱམས།།

གྲང་རླུང་བཙན་པོས་བཙན་འཛུལ་བྱེད་ཐེངས་རེར།།
དམར་ཆུང་སྙིང་ཁར་འཁྱག་པའི་ཞགས་པས་བཅིངས།།
ལུས་སེམས་གཅིག་ལ་མ་གནས་སོ་སོར་གྱེས།།
རང་ཡུལ་སྐྱིད་པའི་ཚལ་དེ་སེམས་ལ་དྲན།།

རྒྱུས་མེད་མི་ཡི་ལུང་པར་འཚོ་བའི་དུས།།
དགའ་ཉེ་སྤུན་དང་བྲལ་ནས་སེམས་པ་སྐྱོ།།
ནམ་ཟླའི་འཁྱག་གྲང་སྡུག་རྩུབ་གནམ་གཤིས་དེས།།
དྲོད་ཁོལ་ལྡན་པའི་རང་ཁྱིམ་དེ་རང་དྲན།།


ལས་ཀྱི་བསྐོས་པའི་ན་ཆུང་བུ་མོ་དེ།།
ལེ་དབར་སྟོང་གི་ཆོད་ནས་ལུས་པའི་དུས།།
སེམས་པ་གཉིས་ལ་འབུས་པའི་དྲན་གདུང་དག།
གཅིག་པོར་སྐྱུར་ཁ་ཀློག་ནས་ཡིད་རེ་སྐྱོ།།
       ༢༠༡༢ལོའི་༡༢པའི་༣༠ཉིན་མལ་ཁང་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།