བར་མ་བར་ན།

 

 

ཕྱི་ནང་ཆོས་ལུགས་བར་ན་རྩོད་པ་ཞིག།
བན་བོན་བཀའ་འགྱུར་བར་ན་ཡ་མཚན་ཞིག།
གསར་རྙིང་གྲུབ་མཐའི་བར་ན་ལ་རྒྱ་ཞིག།
གནའ་དེང་རིག་གནས་བར་ན་འགལ་འདུ་ཞིག།
 
ཤར་ནུབ་གོམས་སྲོལ་བར་ན་ལད་ཟློས་ཤིག།
རྒྱ་བོད་འཚོ་བའི་བར་ན་འཕྱ་སྨོད་ཅིག།
བླ་སློབ་དད་པའི་བར་ན་ཕྱོགས་ཞེན་ཞིག།
མཐོ་དམན་འདུག་སྟེགས་བར་ན་བརྙས་བཅོས་ཤིག།
 
མཁས་པ་མཁས་པའི་བར་ན་ཕྲག་དོག་ཅིག།
བླུན་པོ་བླུན་པོའི་བར་ན་ཨུ་ཚུགས་ཤིག།
དཔོན་པོ་དཔོན་པོའི་བར་ན་འགྲན་རྩོད་ཅིག།
འབངས་མི་འབངས་མིའི་བར་ན་བསླུ་སྟངས་ཤིག།
 
སྐྱ་སེར་གྲྭ་གྲོང་བར་ན་དགག་སྒྲུབ་ཅིག།
རོང་འབྲོག་རྩྭ་ཆུའི་བར་ན་ཁྲག་དྲི་ཞིག།
མདོ་དབུས་སྐད་ཆའི་བར་ན་འདང་རྒྱག་ཅིག།
གཞིས་ཕྱིས་བོད་མིའི་བར་ན་དོགས་པ་ཞིག།
 
དྲང་ལྡོག་བསམ་བློའི་བར་ན་འཕེལ་འགྲིབ་ཅིག།
བདེན་རྫུན་ཁ་ལྕེའི་བར་ན་གོ་ནོར་ཞིག།
མཁྲེགས་འཛིན་གློ་མཆིན་བར་ན་མིག་ཆུ་ཞིག།
ཨ་གསར་གཡམ་རྒྱུགས་བར་ན་འགྱོད་པ་ཞིག།
       ༢༠༡༣་༨་༢༢སྔ་དྲོར་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བར་མ་བར་ན།

2013-12-12 མདའ་མེ་ལྕེ། ཀློག་གྲངས། མཆན ཡོད།

 

 

ཕྱི་ནང་ཆོས་ལུགས་བར་ན་རྩོད་པ་ཞིག།
བན་བོན་བཀའ་འགྱུར་བར་ན་ཡ་མཚན་ཞིག།
གསར་རྙིང་གྲུབ་མཐའི་བར་ན་ལ་རྒྱ་ཞིག།
གནའ་དེང་རིག་གནས་བར་ན་འགལ་འདུ་ཞིག།
 
ཤར་ནུབ་གོམས་སྲོལ་བར་ན་ལད་ཟློས་ཤིག།
རྒྱ་བོད་འཚོ་བའི་བར་ན་འཕྱ་སྨོད་ཅིག།
བླ་སློབ་དད་པའི་བར་ན་ཕྱོགས་ཞེན་ཞིག།
མཐོ་དམན་འདུག་སྟེགས་བར་ན་བརྙས་བཅོས་ཤིག།
 
མཁས་པ་མཁས་པའི་བར་ན་ཕྲག་དོག་ཅིག།
བླུན་པོ་བླུན་པོའི་བར་ན་ཨུ་ཚུགས་ཤིག།
དཔོན་པོ་དཔོན་པོའི་བར་ན་འགྲན་རྩོད་ཅིག།
འབངས་མི་འབངས་མིའི་བར་ན་བསླུ་སྟངས་ཤིག།
 
སྐྱ་སེར་གྲྭ་གྲོང་བར་ན་དགག་སྒྲུབ་ཅིག།
རོང་འབྲོག་རྩྭ་ཆུའི་བར་ན་ཁྲག་དྲི་ཞིག།
མདོ་དབུས་སྐད་ཆའི་བར་ན་འདང་རྒྱག་ཅིག།
གཞིས་ཕྱིས་བོད་མིའི་བར་ན་དོགས་པ་ཞིག།
 
དྲང་ལྡོག་བསམ་བློའི་བར་ན་འཕེལ་འགྲིབ་ཅིག།
བདེན་རྫུན་ཁ་ལྕེའི་བར་ན་གོ་ནོར་ཞིག།
མཁྲེགས་འཛིན་གློ་མཆིན་བར་ན་མིག་ཆུ་ཞིག།
ཨ་གསར་གཡམ་རྒྱུགས་བར་ན་འགྱོད་པ་ཞིག།
       ༢༠༡༣་༨་༢༢སྔ་དྲོར་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།