སློབ་གླིང་བུ་མོའི་སྐྱོ་གཞས།

ལོ་ཕྱུག་སྐལ་བཟང་དབང་མོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-12-09

རྒན་གྱི་སློབ་ཁྲིད་མི་བྲིན་འཕྲུལ་གྱི་ལྟད་མོ་བྲིན༎
དབྱངས་གསལ་སྦྱོར་ཀློག་མི་བྲིན་ཅ་ཅོ་ལབ་བརྡོལ་བྲིན༎
རིག་གཞུང་སློབ་བརྩོན་མི་བྲིན་རྣམ་གཡེང་རྩེད་འཇོ་བྲིན༎
ཤེས་རིག་རྒྱན་ཆ་མི་བྲིན་གསེར་དངུལ་གཡུ་བྱུར་བྲིན༎
སྔོན་ཐོན་ཚན་རྩལ་མི་བྲིན་ཁུ་ཚུར་མཁྲེགས་འཛིན་བྲིན༎
ཕ་མར་དྲིན་འཇལ་མི་བྲིན་ཁ་ལན་ཚིག་སློང་བྲིན༎
བགྲང་བྱ་དམ་འཛིན་མི་བྲིན་བག་མེད་རྒྱས་སྤྲོས་བྲིན༎
ཤེས་རིག་བཟོ་རྩལ་མི་བྲིན་རྨོངས་དད་རྙིང་ཞེན་བྲིན༎
མཛའ་བཤེས་དཔལ་གྲོགས་མི་བྲིན་ཐ་ཆལ་མདོ་ཤོར་བྲིན༎
ཡ་རབས་སྤྱོད་བཟང་མི་བྲིན་རྒྱན་པོའི་ཡོང་སྒོ་བྲིན༎
རྣམ་དཀར་དགེ་ཆོས་མི་བྲིན་དཀྲུགས་ཤིང་རྩོད་ཉོག་བྲིན༎
ཞི་དུལ་བབ་ཆགས་མི་བྲིན་མཆུ་དམར་ངོ་དཀར་བྲིན༎
ན་ཟླ་འཆམ་མཐུན་མི་བྲིན་ཁྱོད་ཤི་ང་གསོན་བྲིན༎
ཆེ་བཀུར་ཆུང་བྱམས་མི་བྲིན་ཆེ་འདེད་ཆུང་འཛིན་བྲིན༎
འཚེ་མེད་ཕན་བདེ་མི་བྲིན་གྱོད་གཞི་སྣ་འདྲེན་བྲིན༎
དཀར་ཟས་དམར་གཅོད་མི་བྲིན་ཤ་ཟ་ཁྲག་འཐུང་བྲིན༎
ཆ་ལུགས་ཀུན་མཐུན་མི་བྲིན་ཡ་མ་གཟུགས་ཉིད་བྲིན༎
ནང་སེམས་ལེགས་བཅོས་མི་བྲིན་ཕྱི་ཚུལ་རྫིག་མདོག་བྲིན༎
ནམ་ཕུགས་མདུན་ལམ་མི་བྲིན་འཕྲལ་མའི་ལྟོ་རྒྱབ་བྲིན༎
ཤེས་བརྩོན་ཟུང་འབྲེལ་མི་བྲིན་འདོད་ཡོན་ཆགས་ཞེན་བྲིན༎
རིག་པའི་རྗེས་འབྲངས་མི་བྲིན་ཟེར་སྒྲོས་གྲགས་འབྱོར་བྲིན༎
ཁ་བཤད་ལག་བསྟར་མི་བྲིན་ཁོ་མཐོ་ང་ཆེ་བྲིན༎
སྡོང་འཛུགས་ནགས་སྐྲུན་མི་བྲིན་ས་རྐོ་རྡོ་སློག་བྲིན༎
སྤྱི་སྙོམས་རིས་མེད་མི་བྲིན་ཕྱོགས་རིས་ངོ་དགའ་བྲིན༎
ལྟ་རྒྱ་མཐོང་བསྐྱེད་མི་བྲིན་གླེན་ཚུགས་སྙེམས་པ་བྲིན༎
དཔའ་མཛངས་རྟུལ་ཕོད་མི་བྲིན་གཞན་བརྟེན་འཁྲི་ཤིང་བྲིན༎
དྲང་བདེན་འཚོལ་སྙེག་མི་བྲིན་གཡོ་སྒྱུ་ཚུལ་འཆོས་བྲིན༎
ཤེས་ཡོན་བདུད་རྩི་མི་བྲིན་སྨྱོ་བྱེད་དུག་ཆུ་བྲིན།།
རང་འགུལ་རང་སྤེལ་མི་བྲིན་ཆུ་སྣ་གར་ཁྲིད་བྲིན༎
བཟང་བོ་རྒྱུད་ལེན་མི་བྲིན་ངན་པའི་བརྟུལ་ཞུགས་བྲིན༎
བྲིན་དང་མི་བྲིན་རྡེབ་པ་སློབ་རའི་གཙུག་གི་རྒྱན༎
འདི་འདྲའི་ནོར་འཛོལ་རྒྱན་དུ་བྲིན་པ་ཨ་ཅང་མཚར༎

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་གླིང་བུ་མོའི་སྐྱོ་གཞས།

2013-12-09 ལོ་ཕྱུག་སྐལ་བཟང་དབང་མོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།