ཁྱོད་ལ་ངས་འདི་ལྟར་བྲིས་ཡོད།

རྒན་གྱའི་ཤ་བོ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-12-05

 

ཤ་དང་རུས་པའི་གསེང་ན་རྒྱུ་བ་ཡི། །
དྲན་གདུང་སྐྱ་བོ་ཞིག་གི་སྣེ་མོ་ན། །
མདང་གི་རྨི་ལམ་ནང་བཞིན་རབ་མཛེས་པ། །
སྙིང་གི་ཚེར་མ་ཁྱོད་རང་གར་དུ་རྩེན། །

སུ་དང་གང་གིས་འགྲན་པར་མི་ནུས་པའི། །
ལྷ་མོ་མི་ཡུལ་བབས་པ་དང་མཚུངས་པ། །
ཁྱོད་ཀྱི་ལུས་ལ་མངོན་པའི་འཇོ་སྒེག་གིས། །
ཡིད་ཀྱི་བརྟན་པ་འཕྲོག་པ་བདག་གཅིག་མིན། །

སྐྲ་ལོ་རླུང་གིས་ཅུང་ཟད་སྒུལ་བའི་ཚེ། །
དྲི་ཞིམ་ཕྱོགས་སུ་མཆེད་པའི་ཁྱོད་ཞལ་ལས། །
སུ་ཡི་སྙིང་ལ་དགའ་བའི་དཔལ་སྟེར་བ། །
ཁྱོད་ལ་ལན་བརྒྱར་བལྟས་ཀྱང་ཚིམ་པ་མེད། །

ཁྱོད་ཀྱི་ཤ་དྲོད་དོན་གྱིས་མ་ཚོར་ཀྱང་། །
བྲང་སྐྱེས་ཅུང་ཟད་འབུར་བའི་གོས་དག་ལས། །
ལང་ཚོའི་མཛེས་པ་རྣམ་པར་མངོན་པའི་ཚེ། །
ལུས་ཀྱི་སྤུ་ལོང་མི་གཡོ་སུ་ལ་སྲིད། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ལ་ངས་འདི་ལྟར་བྲིས་ཡོད།

2013-12-05 རྒན་གྱའི་ཤ་བོ་ཚེ་རིང་། ཀློག་གྲངས། མཆན ཡོད།

 

ཤ་དང་རུས་པའི་གསེང་ན་རྒྱུ་བ་ཡི། །
དྲན་གདུང་སྐྱ་བོ་ཞིག་གི་སྣེ་མོ་ན། །
མདང་གི་རྨི་ལམ་ནང་བཞིན་རབ་མཛེས་པ། །
སྙིང་གི་ཚེར་མ་ཁྱོད་རང་གར་དུ་རྩེན། །

སུ་དང་གང་གིས་འགྲན་པར་མི་ནུས་པའི། །
ལྷ་མོ་མི་ཡུལ་བབས་པ་དང་མཚུངས་པ། །
ཁྱོད་ཀྱི་ལུས་ལ་མངོན་པའི་འཇོ་སྒེག་གིས། །
ཡིད་ཀྱི་བརྟན་པ་འཕྲོག་པ་བདག་གཅིག་མིན། །

སྐྲ་ལོ་རླུང་གིས་ཅུང་ཟད་སྒུལ་བའི་ཚེ། །
དྲི་ཞིམ་ཕྱོགས་སུ་མཆེད་པའི་ཁྱོད་ཞལ་ལས། །
སུ་ཡི་སྙིང་ལ་དགའ་བའི་དཔལ་སྟེར་བ། །
ཁྱོད་ལ་ལན་བརྒྱར་བལྟས་ཀྱང་ཚིམ་པ་མེད། །

ཁྱོད་ཀྱི་ཤ་དྲོད་དོན་གྱིས་མ་ཚོར་ཀྱང་། །
བྲང་སྐྱེས་ཅུང་ཟད་འབུར་བའི་གོས་དག་ལས། །
ལང་ཚོའི་མཛེས་པ་རྣམ་པར་མངོན་པའི་ཚེ། །
ལུས་ཀྱི་སྤུ་ལོང་མི་གཡོ་སུ་ལ་སྲིད། །

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།