འཁྲུལ་བའི་བརྩེ་དུང་།

 

 

མུན་པའི་འོབས་ནས་ལྡང་བའི་སྐད་ཆའི་རླུང་བུ།།
ཁ་རླངས་དྲོན་མོའི་ཟོལ་གྱིས་ལུས་ལ་འབྱར་ཚེ།།
ཡུན་རིང་སྟོང་བསླུས་བྱས་པའི་ལས་ཀྱི་རྨི་ལམ།།
སྐད་ཅིག་སྣང་བས་དཀྲོགས་འདོད་སུ་ལ་ཆེ་ཨང་།།
 
དགའ་སྐྱོའི་གཤིས་སུ་གྲུབ་པའི་བརྩེ་བ་གོང་ཆེན།།
འཁྲལ་འཁྲུལ་སྒྱུ་མའི་གྲོང་གི་ཚོང་ལ་འདྲ་དུས།།
ཚུལ་འཆོས་རྫོབ་པོས་གཏིང་ལ་རྨང་རྡོ་བྱས་པའི།།
འཇིག་རྟེན་སྣང་བའི་རྩེད་མོ་དགོད་བྲོ་རེད་འདུག།
 
ཚེ་སྔོན་བསྐོས་ཐང་བཙན་པོའི་སུ་ལ་གནང་བ།།
སེམས་པའི་རི་མོ་པ་ཏྲར་བསུབ་ཏུ་མེད་ན།།
བརྩེ་བའི་ཁུར་ཚ་འདི་ལ་ལྕི་སྣང་མི་འདུག།
ཡང་ཡང་འདོད་རིན་ཨེ་འདུག་འཁྱམ་པོའི་མགུར་མ།།
                                                
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁྲུལ་བའི་བརྩེ་དུང་།

2013-10-29 བདེན་སྙེགས། ཀློག་གྲངས། མཆན ཡོད།

 

 

མུན་པའི་འོབས་ནས་ལྡང་བའི་སྐད་ཆའི་རླུང་བུ།།
ཁ་རླངས་དྲོན་མོའི་ཟོལ་གྱིས་ལུས་ལ་འབྱར་ཚེ།།
ཡུན་རིང་སྟོང་བསླུས་བྱས་པའི་ལས་ཀྱི་རྨི་ལམ།།
སྐད་ཅིག་སྣང་བས་དཀྲོགས་འདོད་སུ་ལ་ཆེ་ཨང་།།
 
དགའ་སྐྱོའི་གཤིས་སུ་གྲུབ་པའི་བརྩེ་བ་གོང་ཆེན།།
འཁྲལ་འཁྲུལ་སྒྱུ་མའི་གྲོང་གི་ཚོང་ལ་འདྲ་དུས།།
ཚུལ་འཆོས་རྫོབ་པོས་གཏིང་ལ་རྨང་རྡོ་བྱས་པའི།།
འཇིག་རྟེན་སྣང་བའི་རྩེད་མོ་དགོད་བྲོ་རེད་འདུག།
 
ཚེ་སྔོན་བསྐོས་ཐང་བཙན་པོའི་སུ་ལ་གནང་བ།།
སེམས་པའི་རི་མོ་པ་ཏྲར་བསུབ་ཏུ་མེད་ན།།
བརྩེ་བའི་ཁུར་ཚ་འདི་ལ་ལྕི་སྣང་མི་འདུག།
ཡང་ཡང་འདོད་རིན་ཨེ་འདུག་འཁྱམ་པོའི་མགུར་མ།།
                                                
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།