གཅེར་རྒྱུགས་ཁྲི་བསུ་མ།

 

 

གངས་རིའི་ལྗོངས་ཀྱི་མཚོ་ཆེན་སྔོན་མོའི་འགྲམ།།
གངས་དཀར་འདྲ་བའི་བུ་མོ་མཚོ་མོ་འཁྲུངས།།
གངས་ཆབ་འཐུང་བའི་ལུས་ཀྱི་རྩལ་རྫོགས་པའི།།
གངས་རིའི་བུ་མོ་མཚོ་མོ་སྐྱིད་ལ་བསྟོད།།
 
ཅུང་ཟད་སྔོ་སྐྱའི་གོས་ཀྱི་སྟོད་གོས་ཅན།།
ལྔ་གསུམ་བདུན་གྱི་གྲངས་ཀ་མདུན་སྟོན་མ།།
བདུན་གསུམ་ཉེར་གཅིག་གོས་ཀྱིས་གསང་ཁེབས་ཅན།།
མཚོ་བྱང་བུ་མོ་ཁྱེད་ལ་སྙིང་ནས་བསྟོད།།
 
ཙི་ནའི་བུ་མོ་གོས་དམར་རྒྱང་བསྐྱུར་མ།།
གངས་ཆབ་ཟེགས་མ་གདོང་ན་ཐ་ཐོར་ཅན།།
སྤྱན་ཟུང་མི་གཡོ་མདུན་དུ་གཟིགས་མཁན་མ།།
རྒྱལ་ཁའི་འཛུམ་མདངས་གངས་རིའི་གཤིས་ཅན་བསྟོད།།
 
རང་ལོ་ཉེར་གཅིག་གྲངས་འདི་འདོམ་ཁུར་མ།།
གངས་མདོག་ཞབས་ལྷམ་བྱ་ཡི་གཤོག་ཟུང་ཅན།།
འབྲུ་མར་སེར་བོས་ལུས་ལ་སྟོབས་སྦྱིན་མ།།
གངས་རིའི་བུ་མོ་ཟླ་བའི་གདོང་ཅན་བསྟོད།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཅེར་རྒྱུགས་ཁྲི་བསུ་མ།

2013-10-28 ནམ་མཁའ། ཀློག་གྲངས། མཆན ཡོད།

 

 

གངས་རིའི་ལྗོངས་ཀྱི་མཚོ་ཆེན་སྔོན་མོའི་འགྲམ།།
གངས་དཀར་འདྲ་བའི་བུ་མོ་མཚོ་མོ་འཁྲུངས།།
གངས་ཆབ་འཐུང་བའི་ལུས་ཀྱི་རྩལ་རྫོགས་པའི།།
གངས་རིའི་བུ་མོ་མཚོ་མོ་སྐྱིད་ལ་བསྟོད།།
 
ཅུང་ཟད་སྔོ་སྐྱའི་གོས་ཀྱི་སྟོད་གོས་ཅན།།
ལྔ་གསུམ་བདུན་གྱི་གྲངས་ཀ་མདུན་སྟོན་མ།།
བདུན་གསུམ་ཉེར་གཅིག་གོས་ཀྱིས་གསང་ཁེབས་ཅན།།
མཚོ་བྱང་བུ་མོ་ཁྱེད་ལ་སྙིང་ནས་བསྟོད།།
 
ཙི་ནའི་བུ་མོ་གོས་དམར་རྒྱང་བསྐྱུར་མ།།
གངས་ཆབ་ཟེགས་མ་གདོང་ན་ཐ་ཐོར་ཅན།།
སྤྱན་ཟུང་མི་གཡོ་མདུན་དུ་གཟིགས་མཁན་མ།།
རྒྱལ་ཁའི་འཛུམ་མདངས་གངས་རིའི་གཤིས་ཅན་བསྟོད།།
 
རང་ལོ་ཉེར་གཅིག་གྲངས་འདི་འདོམ་ཁུར་མ།།
གངས་མདོག་ཞབས་ལྷམ་བྱ་ཡི་གཤོག་ཟུང་ཅན།།
འབྲུ་མར་སེར་བོས་ལུས་ལ་སྟོབས་སྦྱིན་མ།།
གངས་རིའི་བུ་མོ་ཟླ་བའི་གདོང་ཅན་བསྟོད།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།