ཕལ་བས་འགྲེལ་བས་མི་ཚེ།

གངས་ཤར་དགའ་བ།༼ཡུལ་ཤུལ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-11-03

རྨི་ལམ་དཔེ་རུ་བཞུར་བའི་བསམ་གཏན་གྱི་ཉིན་ངོར།། 
སྐྱོ་ཤས་མེ་ཏོག་རྐང་གཅིག་པྲ་ཚག་གིས་དགོད་ཀྱང་།།
 སྣང་བའི་པགས་ཁུག་ནང་གི་ལུས་སེམས་ཀྱི་ཇ་ལོ།། 
འཚོ་བའི་ཆུ་ལ་སྦངས་པའི་སྟ་གོན་ལས་ཅི་ཡོད།།  

བུས་པ་བསམ་ཤེས་མེད་པའི་རྩེ་རྡོ་རང་ཡིན་པའི།། 
སྣང་བའི་ན་བུན་རྫོབ་པོ་སྨིག་རྒྱུ་རུ་བཞུར་དུས།།
 ཆུ་ཤེལ་དྭངས་མས་གྲུབ་པའི་ཤེས་རབ་ཀྱི་མེ་ལོང་།། 
མཛུབ་རྩེས་རེག་པ་ཙམ་གྱིས་དུམ་བུ་རུ་འཐོར་འགྲོ།། 

 ཟླ་བ་ཁེར་འཁྱམས་ཤིག་གི་གྲང་འཁྱག་གི་ཁ་ཆུ།།
 མཚན་མོའི་སྔས་སུ་འཐོར་བའི་རྨི་ལམ་དུ་འབུས་ཚེ།། 
སྐར་མའི་ཁྲེལ་དགོད་ཡིན་པའི་འུག་པ་ཡི་འཁུན་བུས།།
 རླུང་བུའི་རྣ་རྩ་ཤད་པའི་དར་ལྕེ་ཡང་སུན་སོང་།། 

 ལས་ཀྱི་རྨ་ཁར་འཛར་བའི་ཞེ་འདང་གི་རྒྱུད་སྐུད།། 
ཁྱུ་བྲལ་ངང་མོ་སྐྱོ་བའི་དབྱངས་རྟ་ཡིས་བསྒུལ་ཚེ།། 
གངས་དང་ཆར་བར་འབབ་པའི་མི་ཚེ་ཡི་ཐ་སྙད།། 
དགག་སྒྲུབ་རླབས་ཀྱིས་བོར་བའི་མཚོ་མོ་ལ་སིམ་འགྲོ།།  

ཆུ་མོ་ཆུང་ཆུང་ཞིག་གི་བཞུར་རྒྱུན་དུ་གྲུབ་ལ། །
མེ་ཏོག་ཚོམ་བུ་ཞིག་གི་མཛེས་སྡུག་ཏུ་སྨིན་ཅིང་།།
 འདབ་ལོ་ཟིལ་བས་རླན་པའི་ནེམ་ཆ་རང་ཡིན་པ།།
 ཅི་ཞིག་ཡིན་ནམ་སུ་ཡིས་འགྲེལ་བཤད་ཅིག་ནུས་སམ།།

  མི་ཚེའི་རྙེད་པ་ཡོད་ཚད་མཛོད་ཕུགས་སུ་སྤུངས་དུས།།
 སྐད་སྒྲ་ཅི་ཡང་མེད་པའི་གླུ་ཆུང་ཞིག་མཆེད་ཅིང་།། 
འཚོ་བའི་ཟིན་ཐོ་སྨུག་པོ་དེབ་གཟུགས་སུ་པར་དུས།། 
ཐ་སྙད་ཅི་ཡང་མེད་པའི་སྙན་ཚིག་ཅིག་མངོན་བྱུང་།།  

ཨ་ཕྱིས་སྒྲོལ་མ་འདོད་པ་རླུང་བུ་ཡིས་བརྐུས་ཤིང་།།
 མཆོད་མེས་མུན་པ་ཟ་བ་ཕྱེ་ལེབ་ཀྱིས་འཛིང་བའི།། 
འབྲོག་གི་མཚན་ལྗོངས་འདི་ཡང་བྲེལ་བྲེལ་གྱིས་འགྲོ་བ།། 
ང་ནི་མི་ཁོམ་ཞེས་པའི་ཡིག་འབྲུ་འགས་གཙེས་སོང་།། 

 ཞལ་ཁ་བག་ཙམ་བྱེ་བའི་རི་འདབས་ཀྱི་མེ་ཏོག། 
གཡུ་སྦྲང་མདོ་ཤོར་ཞིག་གི་ཕྱི་རྗེས་སུ་ངུ་དུས།། 
བཞིན་རས་སྨུག་པས་བཏུམ་པའི་རྫ་རི་དེའི་མིག་ཆུ།།
 གློ་བའི་ཉིན་སྲིབ་མཚམས་ནས་སིབ་སིབ་ཏུ་བཞུར་ཡོང་།།  

ཁྱོད་ལ་ཤེད་ཀྱིས་བོས་པའི་ཨག་སྐད་དེའི་རྒྱབ་ནས།།
 ང་ལ་ལྷོད་ཀྱིས་བཞག་པའི་བག་ཆགས་ཤིག་གསོན་ཡོང་།། 
རི་བོའི་དམ་བཅའ་རྨས་པའི་ན་ཟུག་ལས་བཞུར་བ།།
 ང་དང་ཁྱོད་ལ་དབང་བའི་ལས་སྐལ་དུ་སྲིད་དམ།།  

སེམས་ཀྱི་སྐུད་པས་བཏགས་པའི་སྦྲ་ནག་གི་གོང་ཁ།། 
སྨྲེང་བ་སྒྲོ་གཤོག་ཐོགས་པའི་ཟླ་འོད་ཀྱིས་ཕྱེས་ནས།། 
དགོད་འཛུམ་དམུལ་དམུལ་བྱེད་པའི་རྒྱང་རིང་གི་སྐར་ཕྲན།།
 མི་ཚེའི་མཆོད་མེར་སྒྲོན་པའི་སྨོན་འདུན་དུ་ཤར་ཡོད།།  

རྟ་ཕོའི་རྨི་ལམ་སྲུང་བའི་རྩྭ་ཐང་གི་གཏམ་རྒྱུད།། 
འབྲི་མོས་བེའུ་ཆུང་དྲན་པའི་དུང་བ་རུ་བཞད་དུས།། 
འཇའ་ཚོན་འཚེར་པོ་ཞིག་གི་མཛེས་ཀོང་དུ་སྦས་པ།། 
ཚོ་བའི་ཕྱི་ནང་གཉིས་ཀྱི་ཡིག་འབྲུ་དེ་རེད་འདུག།                         

     (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕལ་བས་འགྲེལ་བས་མི་ཚེ།

2014-11-03 གངས་ཤར་དགའ་བ།༼ཡུལ་ཤུལ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།