མི་གཡོག (ཞར་བཀོད་གཅིག་ཡོད)

 

  ཟོལ་བཅོས་མིང་བྱང་བརྗིད་པོ།།
ཡག་པོ་གང་ཡང་མི་འདུག།
གང་བསྟན་མཛུབ་མོའི་ཕྱོགས་ལ།།
རྒྱུགས་ཤིག་ཟེར་བའི་བརྡ་རེད།།

བདེ་མོའི་གཉིད་ཅིག་མ་ཉལ།།
ལང་ཚོའི་འདབ་ལོ་རྙིད་འདུག།
ལྷོད་པོའི་གཏམ་ཞིག་མ་གློད།།
རང་ལུས་སྤྱི་ལ་བཞག་ཡོད།།

ལུས་པོའི་སྟོབས་ཤུགས་ཟད་ཀྱང་།།
ཐུགས་ཁྲལ་གནང་མཁན་མ་བྱུང་།།
ལག་ལས་དལ་ཅིག་འགྱངས་ན།།
བཙན་པོ་ཚིག་གིས་སྐུལ་བྱུང་།།

བཙན་གཏམ་ཁྲིམས་ལ་འདྲེས་ཡོད།།
ཁྲིམས་དེ་ཕོགས་ལ་བཏགས་ཡོད།།
ཟས་ཀྱི་ཕོགས་སྐལ་ཞིམ་པོ།།
གནམ་གྱི་ཆར་ཆུར་སྒུག་འདྲ།།

རྒྱུག་པ་རྟ་ཕོའི་བང་རྩལ།།
གཟེངས་སྐྱེས་མི་ཡི་ནོམ་ཆེན།།
གསོག་མཁན་སྦྲང་མ་ཁྲ་བོ།།
སྦྲང་རྩི་མི་ཡི་ལོངས་སྤྱོད།།


ལག་ཟུང་ལྕགས་ཀྱི་ཁེམ་བུས།།
མྱི་དོན་ས་རྒོད་སློག་དགོས།།
རང་ཁ་གསེར་གྱི་སྒོ་མོར།།
ཁྲིམས་ཀྱི་ཐམ་ཀ་རྒྱབ་ཡོད།།

གཡུང་མོ་སྒོ་ཕྱུགས་བྱས་ཡོད།།
རྒོད་པོ་རི་དྭགས་ལོས་ཡིན།།
མ་ཤི་གསོན་ལྤགས་བཤུ་བ།།
གཡོག་ངན་དུད་འགྲོ་འདྲ་བ།།

གཤོང་ལ་ཆར་ཆུ་བབས་ཀྱང་།།
སྒང་ལ་ཁ་བ་བབས་བྱུང་།།
མི་སྐྱིད་གྲང་ངར་ཀློང་ནས།།
བདེ་མོའི་གཞུང་ལ་བལྟས་ཡོད།།

          ༄།ད་ནི་ཡོད་ཚད་ལྷང་ལ་བུད་བཞག་ཐལ།
                    
  
----འདྲ་པར་ཞིག་མཐོང་བའི་མྱོང་སྣང་།
  གཅན་གཟན་གཟིག་གི་ལྤགས་པའི་རྔམ་ཟིལ་གྱིས།།
ཉམ་ཆུང་ཞིང་བའི་ལོ་ཏོག་ཅི་ཙམ་ཟོས།།
བརྩེ་ལྡན་གཡང་མོ་ལུག་གི་ཕྱི་ཚར་གྱིས།།
འགྲོ་རོགས་ལུག་ཆུང་གསོད་མཁས་ཨ་ཕོ་སྤྱང་།།

སྟག་མོ་ལྦ་ལ་བརྫིས་པའི་ཆོ་འཕྲུལ་གཅིག།
ལྦ་མོ་སྟག་ལ་བརྫིས་པའི་འཇིགས་པ་གཉིས།།
རང་རང་དོན་གྱི་ཁེ་ཕན་ཉི་ཚེ་དེ།།
ཅི་ཙམ་བསྒྲུབ་པ་རང་བློ་རང་ལ་གསལ།།

ཕྱི་ཚུལ་སྟོན་པའི་ན་བཟའ་གྱོན་པ་དེས།།
རང་ཅག་བཙུན་པར་མ་ཉེས་ཁ་གཡོག་བྱས།།
དོན་དམ་སྟོན་པའི་དཀོར་གཟན་བཞེས་བཞིན་དུ།།
རང་ཅག་བསྟན་པའི་བླ་རྐང་ཅི་ཙམ་བཙོང་།།

བལྟས་བལྟས་མིག་ལ་ཡག་པའི་ཁ་ཟས་དེ།།
དོན་ལྔ་སྣོད་དྲུག་རྫོད་པའི་དུག་ངན་ཏེ།།
དལ་འབྱོར་མི་ལུས་བརླག་པའི་གཏེ་བོ་གང་།།
དུག་འདིའི་དུག་ངོ་ཟིན་པར་མ་འགོར་ཅིག།

ཁ་ན་རྒྱུ་འབྲས་ཚངས་པའི་ཐིག་ཅིག་ཡོད།།
དོན་ལ་གཡོ་སྒྱུ་མུན་པའི་ཚང་ཞིག་ཡོད།།
ཕྱི་ནང་ཁ་དོན་འགལ་བའི་མི་དཔོན་ཚོ།།
བདེན་མཐའི་སྐྱ་རེངས་གསལ་བར་མི་འཇིགས་སམ།།

གདོང་ན་མི་མངོན་སྒྲིབ་ཤེལ་གྱོན་ན་ཡང་།།
སྙིང་གི་འདོད་རྔམ་འཕར་སྒྲ་གོ་ནས་བྱུང་།།
ཕྱི་ཚུལ་གསེར་གྱིས་བཏུམས་པའི་འབག་སྐུ་དེར།།
དད་པའི་ལྷ་ཕྱག་འཚལ་མཁན་མེད་དོ་ལོ།།

འདི་ན་བསྟོད་པའི་མེ་ཏོག་ལྷུག་པོར་གྲོལ།།
གན་ན་སྨད་པའི་མཆིལ་ཞག་སྣོད་དུ་བཀང་།།
མངོན་ལྐོག་དགྲ་རུ་ལངས་པའི་ཁྲམ་པ་ཁྱོད།།
འཕོང་ཚོས་ལྷང་ལ་བུད་པར་མི་ཁྲེལ་ལམ།།


ད་ནི་ཀུན་གྱི་བློ་མིག་རྒྱས་ནས་ཐལ།།
ད་ནི་ཡོད་ཚད་ལྷང་ལ་བུད་བཞག་ཐལ།།
མ་ཤེས་མ་རྟོགས་འདོད་པའི་རང་རྩིས་ཅན།།
མགོ་བོ་བསྲིང་ནས་ཕྱོགས་སུ་བལྟ་རན་རེད།

གཞན་གྱི་ཕྱི་གོས་གཙང་མ་མ་རྫོད་ཅིག།
ངེད་ཚོའི་མཚན་སྙན་གཙང་མ་མ་བརླག་ལགས།།
ཕྱི་ནང་འགལ་ན་དུང་དཀར་ཁོག་པ་ཡིན།།
རང་ཚུགས་མ་ཤོར་གཞན་སེམས་ཅི་ལ་དཀྲུགས།།

      (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་གཡོག (ཞར་བཀོད་གཅིག་ཡོད)

2014-10-26 རྫས་ལུང་ཚེ་དར། ཀློག་གྲངས། མཆན ཡོད།

 

  ཟོལ་བཅོས་མིང་བྱང་བརྗིད་པོ།།
ཡག་པོ་གང་ཡང་མི་འདུག།
གང་བསྟན་མཛུབ་མོའི་ཕྱོགས་ལ།།
རྒྱུགས་ཤིག་ཟེར་བའི་བརྡ་རེད།།

བདེ་མོའི་གཉིད་ཅིག་མ་ཉལ།།
ལང་ཚོའི་འདབ་ལོ་རྙིད་འདུག།
ལྷོད་པོའི་གཏམ་ཞིག་མ་གློད།།
རང་ལུས་སྤྱི་ལ་བཞག་ཡོད།།

ལུས་པོའི་སྟོབས་ཤུགས་ཟད་ཀྱང་།།
ཐུགས་ཁྲལ་གནང་མཁན་མ་བྱུང་།།
ལག་ལས་དལ་ཅིག་འགྱངས་ན།།
བཙན་པོ་ཚིག་གིས་སྐུལ་བྱུང་།།

བཙན་གཏམ་ཁྲིམས་ལ་འདྲེས་ཡོད།།
ཁྲིམས་དེ་ཕོགས་ལ་བཏགས་ཡོད།།
ཟས་ཀྱི་ཕོགས་སྐལ་ཞིམ་པོ།།
གནམ་གྱི་ཆར་ཆུར་སྒུག་འདྲ།།

རྒྱུག་པ་རྟ་ཕོའི་བང་རྩལ།།
གཟེངས་སྐྱེས་མི་ཡི་ནོམ་ཆེན།།
གསོག་མཁན་སྦྲང་མ་ཁྲ་བོ།།
སྦྲང་རྩི་མི་ཡི་ལོངས་སྤྱོད།།


ལག་ཟུང་ལྕགས་ཀྱི་ཁེམ་བུས།།
མྱི་དོན་ས་རྒོད་སློག་དགོས།།
རང་ཁ་གསེར་གྱི་སྒོ་མོར།།
ཁྲིམས་ཀྱི་ཐམ་ཀ་རྒྱབ་ཡོད།།

གཡུང་མོ་སྒོ་ཕྱུགས་བྱས་ཡོད།།
རྒོད་པོ་རི་དྭགས་ལོས་ཡིན།།
མ་ཤི་གསོན་ལྤགས་བཤུ་བ།།
གཡོག་ངན་དུད་འགྲོ་འདྲ་བ།།

གཤོང་ལ་ཆར་ཆུ་བབས་ཀྱང་།།
སྒང་ལ་ཁ་བ་བབས་བྱུང་།།
མི་སྐྱིད་གྲང་ངར་ཀློང་ནས།།
བདེ་མོའི་གཞུང་ལ་བལྟས་ཡོད།།

          ༄།ད་ནི་ཡོད་ཚད་ལྷང་ལ་བུད་བཞག་ཐལ།
                    
  
----འདྲ་པར་ཞིག་མཐོང་བའི་མྱོང་སྣང་།
  གཅན་གཟན་གཟིག་གི་ལྤགས་པའི་རྔམ་ཟིལ་གྱིས།།
ཉམ་ཆུང་ཞིང་བའི་ལོ་ཏོག་ཅི་ཙམ་ཟོས།།
བརྩེ་ལྡན་གཡང་མོ་ལུག་གི་ཕྱི་ཚར་གྱིས།།
འགྲོ་རོགས་ལུག་ཆུང་གསོད་མཁས་ཨ་ཕོ་སྤྱང་།།

སྟག་མོ་ལྦ་ལ་བརྫིས་པའི་ཆོ་འཕྲུལ་གཅིག།
ལྦ་མོ་སྟག་ལ་བརྫིས་པའི་འཇིགས་པ་གཉིས།།
རང་རང་དོན་གྱི་ཁེ་ཕན་ཉི་ཚེ་དེ།།
ཅི་ཙམ་བསྒྲུབ་པ་རང་བློ་རང་ལ་གསལ།།

ཕྱི་ཚུལ་སྟོན་པའི་ན་བཟའ་གྱོན་པ་དེས།།
རང་ཅག་བཙུན་པར་མ་ཉེས་ཁ་གཡོག་བྱས།།
དོན་དམ་སྟོན་པའི་དཀོར་གཟན་བཞེས་བཞིན་དུ།།
རང་ཅག་བསྟན་པའི་བླ་རྐང་ཅི་ཙམ་བཙོང་།།

བལྟས་བལྟས་མིག་ལ་ཡག་པའི་ཁ་ཟས་དེ།།
དོན་ལྔ་སྣོད་དྲུག་རྫོད་པའི་དུག་ངན་ཏེ།།
དལ་འབྱོར་མི་ལུས་བརླག་པའི་གཏེ་བོ་གང་།།
དུག་འདིའི་དུག་ངོ་ཟིན་པར་མ་འགོར་ཅིག།

ཁ་ན་རྒྱུ་འབྲས་ཚངས་པའི་ཐིག་ཅིག་ཡོད།།
དོན་ལ་གཡོ་སྒྱུ་མུན་པའི་ཚང་ཞིག་ཡོད།།
ཕྱི་ནང་ཁ་དོན་འགལ་བའི་མི་དཔོན་ཚོ།།
བདེན་མཐའི་སྐྱ་རེངས་གསལ་བར་མི་འཇིགས་སམ།།

གདོང་ན་མི་མངོན་སྒྲིབ་ཤེལ་གྱོན་ན་ཡང་།།
སྙིང་གི་འདོད་རྔམ་འཕར་སྒྲ་གོ་ནས་བྱུང་།།
ཕྱི་ཚུལ་གསེར་གྱིས་བཏུམས་པའི་འབག་སྐུ་དེར།།
དད་པའི་ལྷ་ཕྱག་འཚལ་མཁན་མེད་དོ་ལོ།།

འདི་ན་བསྟོད་པའི་མེ་ཏོག་ལྷུག་པོར་གྲོལ།།
གན་ན་སྨད་པའི་མཆིལ་ཞག་སྣོད་དུ་བཀང་།།
མངོན་ལྐོག་དགྲ་རུ་ལངས་པའི་ཁྲམ་པ་ཁྱོད།།
འཕོང་ཚོས་ལྷང་ལ་བུད་པར་མི་ཁྲེལ་ལམ།།


ད་ནི་ཀུན་གྱི་བློ་མིག་རྒྱས་ནས་ཐལ།།
ད་ནི་ཡོད་ཚད་ལྷང་ལ་བུད་བཞག་ཐལ།།
མ་ཤེས་མ་རྟོགས་འདོད་པའི་རང་རྩིས་ཅན།།
མགོ་བོ་བསྲིང་ནས་ཕྱོགས་སུ་བལྟ་རན་རེད།

གཞན་གྱི་ཕྱི་གོས་གཙང་མ་མ་རྫོད་ཅིག།
ངེད་ཚོའི་མཚན་སྙན་གཙང་མ་མ་བརླག་ལགས།།
ཕྱི་ནང་འགལ་ན་དུང་དཀར་ཁོག་པ་ཡིན།།
རང་ཚུགས་མ་ཤོར་གཞན་སེམས་ཅི་ལ་དཀྲུགས།།

      (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།