ཚ་བའི་ཆེ་བའི་ཉིན་འདི་དག

 

 

ཉི་མའི་ཟེར་མ་དག་ནི་རྐྱ་གཅིག་ཏུ།།
སྣོད་བཅུད་གཉིས་ཀྱི་ཁ་དང་མིག་ལ་འཚངས།།
རི་ལ་ཁེན་པའི་རྩྭ་རྩེའི་ཟིལ་བ་ཡང་།།
ལྷོ་མཐའི་རླུང་དང་འགྲོགས་ཏེ་ལྷོ་རུ་ཡལ།།
འཁོར་བའི་དཀྱིལ་འཁོར་འབྲི་བའི་བཟོ་བས་ཀྱང་།།
རང་གི་གྲིབ་མ་བོར་ཏེ་བྱང་དུ་གཤེགས།།
ཤོག་བུའི་དཀྱིལ་དུ་ཉལ་བའི་ཡི་གེའི་ཚོགས།།
གཅིག་རྗེས་གཅིག་གིས་སྙེག་བཞིན་ཆུ་ལ་མཆོངས།།
ཆུ་ཡི་རླབས་ནི་སྔར་བཞིན་དྲག་ཏུ་འཕྱོ།།
ཡི་གེའི་ཚོགས་དག་ཆུ་ཡི་གཏིང་དུ་བྱིང་།།
ཙད་ཆེན་ངམ་ངམ་ཤུགས་ཀྱིས་ལྡང་བ་ཡིས།།
ས་གཞིའི་སྒལ་ཚིགས་རེ་རེ་ཕྱོགས་སུ་འཐོར།།

གངས་ཀྱིས་ལ་ཐོད་དཀྲིས་ཏེ་སྤང་ལ་གཟིགས།།
མཐའ་ཡས་སྤང་གི་ཁུད་དུ་སྨིག་རྒྱུ་འཁོར།།
རི་དྭགས་ཕོ་མོ་གཉིས་ཀྱང་དེ་ན་རྩེད།།
ཕན་ཚུན་དགའ་དུང་དགོད་པའི་འགྲོས་ཀྱིས་རྩེད།།
རྩེད་མོའི་ཉམས་དེས་གངས་རི་སྨྲེང་དུ་བཅུག།
སྨྲེང་བའི་ཨུ་ཤུ་ཉི་མའི་རྣ་ལ་ལྷུང་།།
དེ་དུས་ཉི་མའི་རྩ་ལམ་སྦྲིད་གྱུར་ཏེ།།
ཟེར་མ་དག་ནི་མཆན་ཁུང་གཡོན་དུ་བསྡུས།།
མིག་ཆུ་དག་ནི་བྲང་གི་ངོས་སུ་བཞུར།།
རྐང་གི་མཆིང་དུ་བབས་པའི་དྲོད་ཐིག་དེས།།
གངས་དང་བཅས་པ་མནར་ཞིང་མནར་བ་ཡིས།།
ན་བའི་འཁུན་སྒྲ་ཞིག་ཀྱང་གང་སར་ཁྱབ།།

     2014   6   3 ཉིན་གནའ་མཁར་ཟི་ལིང་དུ།
 
    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚ་བའི་ཆེ་བའི་ཉིན་འདི་དག

2014-10-04 ཞོགས་འོད། ཀློག་གྲངས། མཆན ཡོད།

 

 

ཉི་མའི་ཟེར་མ་དག་ནི་རྐྱ་གཅིག་ཏུ།།
སྣོད་བཅུད་གཉིས་ཀྱི་ཁ་དང་མིག་ལ་འཚངས།།
རི་ལ་ཁེན་པའི་རྩྭ་རྩེའི་ཟིལ་བ་ཡང་།།
ལྷོ་མཐའི་རླུང་དང་འགྲོགས་ཏེ་ལྷོ་རུ་ཡལ།།
འཁོར་བའི་དཀྱིལ་འཁོར་འབྲི་བའི་བཟོ་བས་ཀྱང་།།
རང་གི་གྲིབ་མ་བོར་ཏེ་བྱང་དུ་གཤེགས།།
ཤོག་བུའི་དཀྱིལ་དུ་ཉལ་བའི་ཡི་གེའི་ཚོགས།།
གཅིག་རྗེས་གཅིག་གིས་སྙེག་བཞིན་ཆུ་ལ་མཆོངས།།
ཆུ་ཡི་རླབས་ནི་སྔར་བཞིན་དྲག་ཏུ་འཕྱོ།།
ཡི་གེའི་ཚོགས་དག་ཆུ་ཡི་གཏིང་དུ་བྱིང་།།
ཙད་ཆེན་ངམ་ངམ་ཤུགས་ཀྱིས་ལྡང་བ་ཡིས།།
ས་གཞིའི་སྒལ་ཚིགས་རེ་རེ་ཕྱོགས་སུ་འཐོར།།

གངས་ཀྱིས་ལ་ཐོད་དཀྲིས་ཏེ་སྤང་ལ་གཟིགས།།
མཐའ་ཡས་སྤང་གི་ཁུད་དུ་སྨིག་རྒྱུ་འཁོར།།
རི་དྭགས་ཕོ་མོ་གཉིས་ཀྱང་དེ་ན་རྩེད།།
ཕན་ཚུན་དགའ་དུང་དགོད་པའི་འགྲོས་ཀྱིས་རྩེད།།
རྩེད་མོའི་ཉམས་དེས་གངས་རི་སྨྲེང་དུ་བཅུག།
སྨྲེང་བའི་ཨུ་ཤུ་ཉི་མའི་རྣ་ལ་ལྷུང་།།
དེ་དུས་ཉི་མའི་རྩ་ལམ་སྦྲིད་གྱུར་ཏེ།།
ཟེར་མ་དག་ནི་མཆན་ཁུང་གཡོན་དུ་བསྡུས།།
མིག་ཆུ་དག་ནི་བྲང་གི་ངོས་སུ་བཞུར།།
རྐང་གི་མཆིང་དུ་བབས་པའི་དྲོད་ཐིག་དེས།།
གངས་དང་བཅས་པ་མནར་ཞིང་མནར་བ་ཡིས།།
ན་བའི་འཁུན་སྒྲ་ཞིག་ཀྱང་གང་སར་ཁྱབ།།

     2014   6   3 ཉིན་གནའ་མཁར་ཟི་ལིང་དུ།
 
    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།