ང་རང་ཁྱེད་ལ་དགའ།

 
         ---5.20ཉིན་ལ་ཐོལ་བྱུང་དུ་སྦྱར།

མགོ་ནག་ལས་དབང་གནམ་ལ་དབང་ན།།
ཉིན་རྒྱུག་མཚན་འདུར་ངལ་བས་ཅི་ཕན།།
ཞེན་བརྩེ་རིན་ཐང་གསེར་གྱིས་ཁུགས་ན།།
ཁྱོད་ལྕེབས་ང་སྨྱོས་གདུང་བས་ཅི་ཕན།།
 
འཛོམས་པའི་དགའ་བ་དགུང་གི་འཇའ་ཚོན།།
སྐད་ཅིག་མཛེས་པ་སྡུག་གི་རྒྱུ་རེད།།
བྲལ་བའི་སྐྱོ་བ་མུན་པའི་གཡང་གཟར།།
གཡང་དུ་ལྷུང་ན་འཚོ་ཐབས་མི་འདུག།
 
དེ་བས་ཡིད་འོང་ཡིད་ཀྱི་བྱམས་པ།།
སང་ཞོགས་སྐྱ་རེངས་གསལ་ཐག་ཆོད་དུས།།
ཁྱོད་རང་སྐྱིད་དེ་བདེ་ནས་འཚོ་བའི།།
སྨོན་ལམ་ཡང་ཡང་ང་ཡིས་འདེབས་སོ།།

      (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་རང་ཁྱེད་ལ་དགའ།

2014-09-12 ལྷ་མོ་ཚེ་རིང་། ཀློག་གྲངས། མཆན ཡོད།

 
         ---5.20ཉིན་ལ་ཐོལ་བྱུང་དུ་སྦྱར།

མགོ་ནག་ལས་དབང་གནམ་ལ་དབང་ན།།
ཉིན་རྒྱུག་མཚན་འདུར་ངལ་བས་ཅི་ཕན།།
ཞེན་བརྩེ་རིན་ཐང་གསེར་གྱིས་ཁུགས་ན།།
ཁྱོད་ལྕེབས་ང་སྨྱོས་གདུང་བས་ཅི་ཕན།།
 
འཛོམས་པའི་དགའ་བ་དགུང་གི་འཇའ་ཚོན།།
སྐད་ཅིག་མཛེས་པ་སྡུག་གི་རྒྱུ་རེད།།
བྲལ་བའི་སྐྱོ་བ་མུན་པའི་གཡང་གཟར།།
གཡང་དུ་ལྷུང་ན་འཚོ་ཐབས་མི་འདུག།
 
དེ་བས་ཡིད་འོང་ཡིད་ཀྱི་བྱམས་པ།།
སང་ཞོགས་སྐྱ་རེངས་གསལ་ཐག་ཆོད་དུས།།
ཁྱོད་རང་སྐྱིད་དེ་བདེ་ནས་འཚོ་བའི།།
སྨོན་ལམ་ཡང་ཡང་ང་ཡིས་འདེབས་སོ།།

      (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།