འགྱོད་གདུང་།

བོད་པའི་འཇིགས་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-07-04

གཡོ་དང་སྒྱུ་མས་རང་གཤིས་མ་བསླད་པའི་གོང་དེར། །
རྫུན་དང་རྐུ་བའི་ཐ་སྙད་མ་ཤེས་པའི་སྔོན་དེར། །
དགའ་སྐྱོ་ཆགས་སྡང་བྲལ་བའི་བྱིས་སེམས་ཀྱི་སྐབས་དེར། །
དཔེ་ཁུག་ཁུར་ནས་སློབ་གྲྭར་སོང་ན་ཅི་མ་རུང་། །

ཕུང་བྱེད་སྨྱོ་ཆུ་འཐུང་བར་མ་གོམས་པའི་གོང་དེར། །
ཕུང་བོ་གཉིས་སྦྱོར་ལུས་ལ་མ་ལོབས་པའི་སྔོན་དེར། །
ལག་ཏུ་འུར་ཆ་ཐོགས་པའི་བེའུ་རྫི་ཡི་དུས་དེར། །
ཀ་ཁ་བཟང་ཙམ་སློབ་ལ་འབད་ན་ཅི་མ་རུང་། །

ཕ་མའི་བསླབ་བྱ་རྒྱབ་ཏུ་མ་དོར་བའི་གོང་དེར། །
གཉེན་ཉེའི་བསྟོད་བསྔགས་ཐང་དུ་མ་གཡུག་པའི་སྔོན་དེར། །
སྤུན་ཟླའི་སྤྱན་གསལ་ཡིན་པའི་ལང་ཚོ་ཡི་དུས་དེར། །
ཕ་ཁྱིམ་སྐྱོང་བའི་སེམས་ཤུགས་བརྟན་ན་ཅི་མ་རུང་། །

མཛའ་མོའི་བརྩེ་བ་གད་སྙིགས་མ་བྱས་པའི་གོང་དེར། །
ཕ་མའི་བསགས་ནོར་རྩེད་ཆས་མ་བསམ་པའི་སྔོན་དེར། །
ཡུལ་མི་ཀུན་གྱིས་དམོད་མོ་མ་བརྒྱབ་པའི་དུས་དེར།།
ཕྱི་ནང་ཚང་བའི་མི་ཞིག་བྱས་ན་ཅི་མ་རུང་། །

ཤོ་རྒྱག་ཁོ་ནས་དུས་ཚོད་མ་བསྐྱལ་བའི་གོང་དེར། །
འཆལ་ཚིག་ངག་གི་མ་ཎིར་མ་གྱུར་བའི་སྔོན་དེར། །
ཕ་མ་གཉེན་ཉེ་རེ་ཐག་མ་ཆད་པའི་དུས་དེར། །
རང་བློ་འདུལ་བའི་ཐབས་ཤིག་རྙེད་ན་ཅི་མ་རུང་། །

རྐྱལ་སྟོང་ལད་པོའི་ཆོ་ལོ་མ་ཐོབ་པའི་གོང་དེར། །
ངན་རིགས་མ་ལུས་རྒྱུད་ལ་མ་གོས་པའི་སྔོན་དེར། །
ནག་ཉེས་ཐམ་ཀ་ལུས་ལ་མ་བརྒྱབ་པའི་དུས་དེར། །
ནམ་ཞིག་རྒུད་པར་བསམ་བློ་བཏང་ན་ཅི་མ་རུང་། །

འདང་ཅན་མཛེས་མའི་སེམས་ནས་མ་བོར་བའི་གོང་དེར། །
འདྲིས་པའི་གྲོགས་རྣམས་རྒྱང་དུ་མ་བཀྱེད་པའི་སྔོན་དེར། །
གྲོགས་འགས་ཚོང་རྫས་བཞིན་དུ་མ་བཙོང་བའི་དུས་དེར། །
ལེགས་ཉེས་འབྱེད་ཤེས་བློ་རིག་ལྡན་ན་ཅི་མ་རུང་། །

ཕྱི་ལུས་ཝ་མོ་རྒྱ་ལ་མ་ཚུད་པའི་གོང་དེར། །
ནང་སེམས་ཉ་མོ་དོལ་གྱིས་མ་ཟིན་པའི་སྔོན་དེར། །
གར་འགྲོ་རང་དབང་ཡིན་པའི་ལོ་ལྔ་ཡི་སྔོན་ལ། །
འཕྲལ་ཕུགས་སྐྱིད་པའི་གཞིས་ཤིག་བསམ་ན་ཅི་མ་རུང་། །

ཡས་ཀྱི་གནམ་འདི་ཐེངས་གཅིག་མ་འཁྲིགས་པའི་གོང་དེར། །
མས་ཀྱི་ས་འདི་རེབ་གཅིག་མ་འགུལ་བའི་སྔོན་དེར། །
འཇིག་རྟེན་ཟེར་བའི་མདོག་འགྱུར་ད་བྱིད་ཀྱི་ངོས་སུ། །
མིས་བཟོས་བྲོ་གར་འཁྲབ་རྒྱུ་མེད་ན་ཅི་མ་རུང་། །

རེ་སྒུག་གངས་རི་ཉི་མས་མ་ཞི་བའི་གོང་དེར། །
བསམ་དོན་ཆུ་བོ་དུས་ཀྱིས་མ་བསྐམས་པའི་སྔོན་དེར། །
ལུས་ཀྱི་ཁྲག་རྒྱུན་རྒྱུ་བ་མ་ཉམས་པའི་དུས་འདིར། །
ཉིན་གསུམ་དུས་ཀྱི་རང་དབང་བྱུང་ན་ཅི་མ་རུང་། །
  ༢༠༡༣.༨.༣ཉིན་གྱི་ནུབ་མོ་བྲིས། །

    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འགྱོད་གདུང་།

2014-07-04 བོད་པའི་འཇིགས་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།