ངའི་ཨ་མ་དོན་གྱིས་ཨེ་བཙོག་གི

གངས་ཐིག༼ཀན་ལྷོ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-06-17

ས་ནག་ལྕི་འདམ་ཁྲོད་ན།།
འདམ་ནག་རྐང་བར་བརྫིས་ཤིང་།།
རྐེ་ལ་ཚི་དྲེག་ཆགས་ནས།།
གཅེས་ཕྲུག་རྒྱབ་ལ་འཁུར་ཏེ།།
གཅིན་སྐྱག་རུམ་ལ་གཡོས་པ།།
ཨ་མ་བཙོག་པ་ཨེ་རེད།།
 
ས་འཁྱག་གདན་དུ་བྱས་ཤིང་།།
རླུང་འཁྱག་གོས་སུ་གྱོན་ནས།།
གྲང་བའི་བ་སྤུ་གཟེངས་ཞོར།།
ཞོགས་པ་སྔ་ལངས་བྱེད་བཞིན།།
ཐོ་རེངས་སྐར་ཆེན་བསུ་བ།།
ལས་རྒྱུ་མེད་པས་ཨེ་རེད།།
 
ལོ་དང་ཟླ་བ་འགྱུར་རུང་།།
སྡུག་གི་འཁོར་བ་མི་འགྱུར།།
ཉིན་དང་མཚན་ལ་མ་དབྱེ།།
ཁྱིམ་ལས་གང་ཡིན་འབྱོར་ལ།།
གང་བྱས་དཀའ་སྣང་མེད་པ།།
ཨ་མ་བླུན་ནི་ཨེ་རེད།།
 
འབྱོར་བ་ཞན་ཞིང་དབུལ་རུང་།།
དགའ་བ་ལྷག་གི་ལྷག་ཡོད།།
གདོང་ནི་ཉི་མས་འཚིགས་ཤིང་།།
མཁུར་ཚོས་ཙག་གིས་བཤུད་པས་།།
ཞལ་ངོ་ནག་ཞིང་སྨུག་པ།།
ཨ་མ་ལན་པས་ཨེ་རེད།།
 
མིག་ཟུང་ལྐོག་ལ་ལྷུང་ཞིང་།།
ལུས་ཟད་རུས་ལ་ཐུག་པ།།
ཤ་ཁ་སྩོམ་ཤིང་གནག་པ།།
གྲང་རླུང་གཟེར་གྱིས་འདེད་པའི།།
རྒས་པའི་གཉེར་རིས་མཐོང་དུས།།
ཨ་མ་བཙོག་གི་ཨེ་བསམ།།
 
དབྱར་གསུམ་མེ་ཏོག་མཛེས་རུང་།།
རྐང་གཅིག་བཏོག་གི་དཔེ་མེད།།
དགའ་ས་དུང་ས་ཡོད་རུང་།།
ཕ་མར་ཚིག་ལོག་མེད་པར།།
གང་ཟེར་དེ་བཞིན་བྱེད་པ།།
ཨ་མ་སྨྱོས་ནི་ཨེ་རེད།།
 
སྐད་ངག་ཁུ་བྱུག་འདྲ་རུང་།།
རྫ་ལུང་བྲག་ཅ་མ་གཏོགས།།
གར་སྟེགས་ལྡིང་ཆ་མེད་ལ།།
སྐད་སྦུག་སྒྲ་སྦུག་མེད་པར།།
མི་ཚེ་འཛུམ་གྱིས་བསུས་ནོ།།
ལས་རྒྱུ་མེད་པས་ཡིན་ནམ།།
 
རླངས་པའི་འཁོར་ལ་བསྡད་དེ།།
བུ་ལ་བལྟ་རུ་ཡོང་དུས།།
མགོ་ཡོམ་ལན་གསུམ་འཁོར་བས།།
རླངས་འཁོར་ནང་ལ་སྐྱུག་སྟེ།།
སྐྱུག་རོ་གང་སར་བསྒོས་པ།།
ཨ་མ་རྫོབ་ནི་ཨེ་རེད།།
 
ཡིག་རྡོག་གཅིག་ཀྱང་མི་ཆོད།།
གཞན་སྐད་གང་ཡང་མི་ཤོད།།
སྔགས་ཡིག་གཏེར་ཡིག་ལ་སོགས།།
འདོན་པ་བློ་རུ་ངེས་ལ།།
ཕྱག་སྐོར་ཆད་ལྷག་མེད་པ།།
ཨ་མ་རྨོངས་ནི་ཨེ་རེད།།
 
སྡུག་གི་ལས་དབང་བཙན་རུང་།།
དཀའ་སྡུག་ཅི་ཙམ་ཡོད་རུང་།།
དམ་བཅའ་རྡོ་ལ་བརྐོས་པ།།
སེམས་པ་རླུང་ལ་མ་གཡོས།།
སྐྱིད་ཀྱི་དགོད་སྒྲ་གསལ་འདི།།
ཨ་མ་དོན་གྱིས་ཨེ་བཙོག །

     (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་ཨ་མ་དོན་གྱིས་ཨེ་བཙོག་གི

2014-06-17 གངས་ཐིག༼ཀན་ལྷོ ༽ ཀློག་གྲངས། མཆན ཡོད།

ས་ནག་ལྕི་འདམ་ཁྲོད་ན།།
འདམ་ནག་རྐང་བར་བརྫིས་ཤིང་།།
རྐེ་ལ་ཚི་དྲེག་ཆགས་ནས།།
གཅེས་ཕྲུག་རྒྱབ་ལ་འཁུར་ཏེ།།
གཅིན་སྐྱག་རུམ་ལ་གཡོས་པ།།
ཨ་མ་བཙོག་པ་ཨེ་རེད།།
 
ས་འཁྱག་གདན་དུ་བྱས་ཤིང་།།
རླུང་འཁྱག་གོས་སུ་གྱོན་ནས།།
གྲང་བའི་བ་སྤུ་གཟེངས་ཞོར།།
ཞོགས་པ་སྔ་ལངས་བྱེད་བཞིན།།
ཐོ་རེངས་སྐར་ཆེན་བསུ་བ།།
ལས་རྒྱུ་མེད་པས་ཨེ་རེད།།
 
ལོ་དང་ཟླ་བ་འགྱུར་རུང་།།
སྡུག་གི་འཁོར་བ་མི་འགྱུར།།
ཉིན་དང་མཚན་ལ་མ་དབྱེ།།
ཁྱིམ་ལས་གང་ཡིན་འབྱོར་ལ།།
གང་བྱས་དཀའ་སྣང་མེད་པ།།
ཨ་མ་བླུན་ནི་ཨེ་རེད།།
 
འབྱོར་བ་ཞན་ཞིང་དབུལ་རུང་།།
དགའ་བ་ལྷག་གི་ལྷག་ཡོད།།
གདོང་ནི་ཉི་མས་འཚིགས་ཤིང་།།
མཁུར་ཚོས་ཙག་གིས་བཤུད་པས་།།
ཞལ་ངོ་ནག་ཞིང་སྨུག་པ།།
ཨ་མ་ལན་པས་ཨེ་རེད།།
 
མིག་ཟུང་ལྐོག་ལ་ལྷུང་ཞིང་།།
ལུས་ཟད་རུས་ལ་ཐུག་པ།།
ཤ་ཁ་སྩོམ་ཤིང་གནག་པ།།
གྲང་རླུང་གཟེར་གྱིས་འདེད་པའི།།
རྒས་པའི་གཉེར་རིས་མཐོང་དུས།།
ཨ་མ་བཙོག་གི་ཨེ་བསམ།།
 
དབྱར་གསུམ་མེ་ཏོག་མཛེས་རུང་།།
རྐང་གཅིག་བཏོག་གི་དཔེ་མེད།།
དགའ་ས་དུང་ས་ཡོད་རུང་།།
ཕ་མར་ཚིག་ལོག་མེད་པར།།
གང་ཟེར་དེ་བཞིན་བྱེད་པ།།
ཨ་མ་སྨྱོས་ནི་ཨེ་རེད།།
 
སྐད་ངག་ཁུ་བྱུག་འདྲ་རུང་།།
རྫ་ལུང་བྲག་ཅ་མ་གཏོགས།།
གར་སྟེགས་ལྡིང་ཆ་མེད་ལ།།
སྐད་སྦུག་སྒྲ་སྦུག་མེད་པར།།
མི་ཚེ་འཛུམ་གྱིས་བསུས་ནོ།།
ལས་རྒྱུ་མེད་པས་ཡིན་ནམ།།
 
རླངས་པའི་འཁོར་ལ་བསྡད་དེ།།
བུ་ལ་བལྟ་རུ་ཡོང་དུས།།
མགོ་ཡོམ་ལན་གསུམ་འཁོར་བས།།
རླངས་འཁོར་ནང་ལ་སྐྱུག་སྟེ།།
སྐྱུག་རོ་གང་སར་བསྒོས་པ།།
ཨ་མ་རྫོབ་ནི་ཨེ་རེད།།
 
ཡིག་རྡོག་གཅིག་ཀྱང་མི་ཆོད།།
གཞན་སྐད་གང་ཡང་མི་ཤོད།།
སྔགས་ཡིག་གཏེར་ཡིག་ལ་སོགས།།
འདོན་པ་བློ་རུ་ངེས་ལ།།
ཕྱག་སྐོར་ཆད་ལྷག་མེད་པ།།
ཨ་མ་རྨོངས་ནི་ཨེ་རེད།།
 
སྡུག་གི་ལས་དབང་བཙན་རུང་།།
དཀའ་སྡུག་ཅི་ཙམ་ཡོད་རུང་།།
དམ་བཅའ་རྡོ་ལ་བརྐོས་པ།།
སེམས་པ་རླུང་ལ་མ་གཡོས།།
སྐྱིད་ཀྱི་དགོད་སྒྲ་གསལ་འདི།།
ཨ་མ་དོན་གྱིས་ཨེ་བཙོག །

     (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།