ཐིག་ལེ།

ཕྱེ་ལེབ་ཁྲ་ཆུང་འཕུར་ནས་སོང་།།
གྲང་ལྷགས་ངར་ཁ་འཕྱུར་ནས་ཡོང་།།
ཁ་བའི་ཁྲོད་ཀྱི་རྐང་རྗེས་དག།
མི་སེམས་རྨང་ནས་འཁྲུག་ཚུལ་ཡིན།།

བྲག་སྐྱིབས་རྒོད་པོ་ཚང་དུ་ཡིབ།།
སྲོད་ཁའི་འཆར་ཡན་སྨུག་པས་དཀྲིས།།
བྲང་ཁོག་སྐམ་པོའི་ནང་རོལ་གྱི།།
སྙིང་ཆུང་ལུ་གུ་བཞིན་དུ་རྩེན།།

ང་ནི་ཁྱོད་ཀྱི་མིག་ཆུ་དང་།།
ལས་ཀྱིས་བརྐོས་པའི་བྱམས་པ་སྟེ།།
ཁ་དོག་ངེས་བ་དབྱེར་མེད་པའི།།
འཁྲུལ་པའི་རྨི་ལམ་ལྗང་ཁུ་ཡིན།།

བག་རྟ་བཅིབས་པའི་གནས་འགྲོ་མ།།
སྐྲ་ལོའི་ཚོས་ཁ་སེར་པོ་ཡིན།།
སེམས་ཀྱི་ལོངས་སྤྱོད་རབ་རིབ་ཡིན།།
འཚོ་བའི་སྙིང་པོ་སྟོང་བ་ཡིན།།

མི་ཚེའི་ལག་འབབ་སྤར་མོ་གང་།།
ལུས་ཀྱི་གཟུགས་གཞི་ལང་མ་གོག།
སྨྲ་རའི་གསེབ་ཀྱི་ལོ་ཟླའི་མིག།
ཆུ་ལ་བྱིངས་པའི་གྲུ་ཆུང་ཞིག།

ནགས་ཀྱི་ལོ་མ་རླུང་གིས་ཁུར།།
དགོང་ཀའི་མཚམས་སྤྲིན་རྒྱང་ལ་ཡལ།།
དྲན་པ་བོར་བའི་མི་ཕོ་བདག།
ངུ་ཡང་སླ་ལ་དགོད་ཀྱང་སྐྱེན།།

ཕྲ་མོ་འགག་གི་ལམ་འཕྲང་ནས།།
གྲིབ་མའི་ཚོགས་ལ་ཁ་གཏད་དེ།།
བར་སྣང་འཕྲེད་དུ་གཅོད་རྔམ་གྱིས།།
ས་རུ་འགྱེལ་ཏེ་ངུ་ཁ་ཤོར།།

       ༢༠༡༣ / ༡༢ / ༡༦ཉིན།

        (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐིག་ལེ།

2014-03-01 སེང་གདོང་། ཀློག་གྲངས། མཆན ཡོད།

ཕྱེ་ལེབ་ཁྲ་ཆུང་འཕུར་ནས་སོང་།།
གྲང་ལྷགས་ངར་ཁ་འཕྱུར་ནས་ཡོང་།།
ཁ་བའི་ཁྲོད་ཀྱི་རྐང་རྗེས་དག།
མི་སེམས་རྨང་ནས་འཁྲུག་ཚུལ་ཡིན།།

བྲག་སྐྱིབས་རྒོད་པོ་ཚང་དུ་ཡིབ།།
སྲོད་ཁའི་འཆར་ཡན་སྨུག་པས་དཀྲིས།།
བྲང་ཁོག་སྐམ་པོའི་ནང་རོལ་གྱི།།
སྙིང་ཆུང་ལུ་གུ་བཞིན་དུ་རྩེན།།

ང་ནི་ཁྱོད་ཀྱི་མིག་ཆུ་དང་།།
ལས་ཀྱིས་བརྐོས་པའི་བྱམས་པ་སྟེ།།
ཁ་དོག་ངེས་བ་དབྱེར་མེད་པའི།།
འཁྲུལ་པའི་རྨི་ལམ་ལྗང་ཁུ་ཡིན།།

བག་རྟ་བཅིབས་པའི་གནས་འགྲོ་མ།།
སྐྲ་ལོའི་ཚོས་ཁ་སེར་པོ་ཡིན།།
སེམས་ཀྱི་ལོངས་སྤྱོད་རབ་རིབ་ཡིན།།
འཚོ་བའི་སྙིང་པོ་སྟོང་བ་ཡིན།།

མི་ཚེའི་ལག་འབབ་སྤར་མོ་གང་།།
ལུས་ཀྱི་གཟུགས་གཞི་ལང་མ་གོག།
སྨྲ་རའི་གསེབ་ཀྱི་ལོ་ཟླའི་མིག།
ཆུ་ལ་བྱིངས་པའི་གྲུ་ཆུང་ཞིག།

ནགས་ཀྱི་ལོ་མ་རླུང་གིས་ཁུར།།
དགོང་ཀའི་མཚམས་སྤྲིན་རྒྱང་ལ་ཡལ།།
དྲན་པ་བོར་བའི་མི་ཕོ་བདག།
ངུ་ཡང་སླ་ལ་དགོད་ཀྱང་སྐྱེན།།

ཕྲ་མོ་འགག་གི་ལམ་འཕྲང་ནས།།
གྲིབ་མའི་ཚོགས་ལ་ཁ་གཏད་དེ།།
བར་སྣང་འཕྲེད་དུ་གཅོད་རྔམ་གྱིས།།
ས་རུ་འགྱེལ་ཏེ་ངུ་ཁ་ཤོར།།

       ༢༠༡༣ / ༡༢ / ༡༦ཉིན།

        (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།