རི་བོང་།

བཀྲ་ཤིས་དོན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-04-07

མཚམས་སྤྲིན་གོས་སུ་བཀླུབས་པའི་ཉི་རྡུལ་ལ་འཐུངས་པས། །
དྲི་མེད་རོ་བརྒྱ་འབར་བའི་སྦྲང་རྩི་ཡི་དོག་པ། །
སྙིང་གི་ཟེའུ་འབྲུར་འཁྱིལ་བའི་འདབ་ལྡན་གྱི་ཕོན་པོས། །
ཡིད་འོང་གར་གྱི་སྟང་སྟབས་ལང་ལིང་དུ་བསྒྱུར་དུས། །
ཨེ་མ་ཕ་མཐའ་བྲལ་བའི་བྱང་ཐང་གི་ཕང་བར། །
བསྐལ་བརྒྱར་གནས་སུ་འཆའ་བ་བློ་ལྡན་གྱི་རི་བོང༌། །
བྱིང་རྨུགས་གཉིད་ཀྱི་ཏིང་འཛིན་རེ་ཞིག་ལ་གློད་དང༌། །
ཐོས་འཛིན་བུ་ག་གཟན་པའི་སྙིང་གཏམ་ཞིག་ཞུའོ། །
གཞན་དོན་ཁུར་དུ་འཁྱེར་བའི་ཡབ་མེས་ཀྱི་མཛད་བཟང༌། །
འོད་དཀར་ཟེགས་མ་འགྲེམས་པའི་བསིལ་སྦྱིན་གྱི་མཁན་པོས། །
གཡའ་བྲལ་སྔོ་བསངས་མཁའ་ཡི་དབྱིངས་རིམ་ལ་དྲངས་ཚེ། །
གཏི་མུག་མུན་པ་སངས་ན་ཆོག་ཆོག་ཏུ་སྣང་ངོ༌། །
སྔོན་ཚེ་འཛམ་གླིང་འཛིན་མ་རི་དྭགས་ཀྱིས་བཟུང་དུས། །
གཡུ་ལོ་ཚང་ཚིང་འཐབ་པའི་ནགས་མོ་ཡི་ཀློང་འཁོར། །
སྲེག་ཟའི་ལྕེ་དམར་བསྐྱོད་པས་རྨག་མེད་དུ་གཞོམ་སྐབས། །
སེམས་དཔའ་གང་འདྲའི་རང་ལུས་ཕངས་མེད་དུ་བོར་རམ། །
ཡང་ཅིག་ནྱ་གྲོའི་ལྗོན་པའི་གྲིབ་བསིལ་གྱི་ངོགས་སུ། །
མཛའ་བའི་སྲད་བུ་གཅིག་གིས་ལྷོད་མེད་དུ་བཅིངས་ཏེ། །
གྲངས་མེད་བསྐལ་པར་མཐུན་པའི་རྣམ་ཐར་ནི་སྐྱོངས་ཞེས། །
མི་འགྱུར་དམ་དུ་བཅས་པའི་གཏམ་རྒྱུད་ཀྱང་ཨེ་ཐོས། །
གཞན་དུ་ཐབས་ཤེས་རལ་གྲིའི་སོ་རྣོན་ལ་བརྟེན་ཏེ། །
སྡེར་ཆགས་རྒྱལ་པོ་དྲེགས་པའི་ཁྲི་འཕང་ལས་ཕབ་པ། །
རིག་པའི་ཁྱུ་མཆོག་ལྟ་ཅི་བྱིས་པའི་ཚུན་བཟློ་བ། །
སྒྲ་འཛིན་བདུད་རྩིའི་ཁང་བར་འཁྱིལ་བ་ནི་ལོས་ཡོད། །
མེད་ན་འདི་དག་སྔོན་བྱུང་དམ་པ་ཡི་མཛད་བཟང༌། །
དེང་ཡང་གྲགས་པ་དབྱར་སྐྱེས་རྔ་གསང་དང་བསྡེབས་དུས། །
དུག་འཚེར་མཚོན་དུ་གདེངས་པའི་བྲ་ཕུང་གི་གསེབ་ཏུ། །
ཁྱོད་ཀྱིས་སྡར་མའི་མིག་གིས་གང་ཞིག་ལ་ཅེར་རམ། །
ཅལ་ཞེས་ཆུ་སྤྲིན་འཐབ་འདྲའི་སྒྲ་ཆེན་ལ་གསན་ཏེ། །
རི་སྐྱེས་ཕལ་ཆེར་འབྲོས་པའི་ཟློས་གར་གང་སྟོན་ནམ། །
ཡང་ན་དུག་མདའ་གཟུང་བའི་རྔོན་པ་ཡི་བུ་ཆུང༌། །
ངེས་མེད་གང་སར་རྒྱུ་བར་མེལ་ཚེ་ལ་འབད་དོ། །
གསེར་གྱི་འོད་རླབས་སྐྱུགས་པའི་རྫོགས་ལྡན་གྱི་ཉི་མས། །
དུས་ཀྱི་སྨག་མུན་སྟུག་པོ་ཁམ་གང་དུ་བྱས་པས། །
ཕན་བདེ་བདབ་བརྒྱའི་ཕྲེང་བ་ལ་ལུང་དུ་བཞད་དུས། །
ལེ་ལོའི་མུན་ཀློང་འཁྱམས་པའི་ཁོམ་པ་དེ་སུས་བྱིན། །
དྲན་པ་ཡིད་ཀྱི་མེ་ལོང་གཙང་མ་ཡི་ངོས་ལ། །
གང་གི་བག་འཁུམས་རྣམ་འགྱུར་གསལ་རྗེན་དུ་ཤར་ཚེ། །
ཁྲེལ་དགོད་གཙང་ཆབ་རིང་མོའི་ཀླུང་རྒྱུན་དང་འདྲེས་པས། །
དབུགས་རྒྱུ་གཞི་ནས་འགགས་འདྲའི་འཇིགས་སྣང་ཀྱང་བྱུང་ངོ༌། །
ངག་གི་སྒོ་མོ་ཡངས་པའི་སྐེད་མེད་ཀྱི་བུ་མོ། །
སྨྲ་བ་ཅི་འཚལ་མདོ་མེད་བྱིས་པ་ཡི་ཚོགས་ཀྱིས། །
དམོད་པའི་ཚིག་གི་ཕྲེང་བ་མུ་ཏིག་བཞིན་བརྒྱུ་དུས། །
ལམ་པོ་གང་འཐོབ་བྱས་ནས་ཕྱོགས་གང་དུ་འབྲོས་སམ། །
དྲོད་འཇམ་བདེ་བའི་ཚང་མལ་བློ་ངན་ཀྱི་སྐྱེས་བུས། །
དུ་མ་མ་ལགས་ལན་གཅིག་དབང་ཤེད་ཀྱིས་འཕྲོག་པར། །
བསྐལ་པའི་བསྐལ་པར་འདོར་བའི་རྙིང་ཞེན་གྱི་རྒྱལ་མཚན། །
དེ་ཡང་མཁྲེགས་ཏུ་བཟུང་ཞེས་སུ་ཞིག་གིས་བསྐུལ་ལོ། །
ཆུ་སྤྲིན་གུར་དུ་འཁྱིལ་བའི་ཀུན་གསལ་གྱི་དབྱིངས་ན། །
མི་བཟད་སྡེར་ཁྱིམ་གདེང་བའི་གླག་རྒོད་ཀྱི་ཁྱུ་ཚོས། །
ཀེར་ཀེར་གྱེན་དུ་བསྒྲེངས་པའི་སྒྲ་འཛིན་ནས་བཟུང་ཚེ། །
སྨྲེ་སྔགས་བརྒྱ་ཕྲག་བཟློས་ཀྱང་སྐྱབས་མེད་དེ་ཅི་ཞིག། །
དེ་ཚུལ་སེམས་ན་སྙིང་གི་ཆུ་གཏེར་ཀྱང་ཁོལ་བའི། །
ཁོག་དཔུང་མེ་ལྕེ་དམར་པོ་འུར་འུར་དུ་མཆེད་པས། །
ཐབས་ཤེས་རལ་གྲིའི་འཕྲུལ་འཁོར་ཐོགས་མེད་པ་བསྐོར་ཏེ། །
ཕལ་བའི་ཁེངས་པ་བསྙོལ་བའི་མངོན་བློ་ཞིག་འཆར་རམ། །
རྭ་བརྒྱད་མཚོན་དུ་གདེངས་པའི་ཤ་ཆེན་གྱི་འཁོར་ཚོགས། །
བྱ་རྒོད་གཤོག་པའི་བསྙེགས་དཀའི་དཀན་གཟར་གྱི་བྲག་ཏུ། །
ཚོམ་མེད་སྒེག་པའི་ཉམས་ཀྱིས་འཁྱུག་འཁྱུག་ཏུ་མཆོངས་ཀྱང༌། །
སྲོག་གི་དབང་པོར་མི་སྐྱོན་བདེ་རྩལ་གྱིས་ཕྱུག་ལ། །
གུར་ཀུམ་མདངས་ཀྱིས་འཁྱུད་པའི་བ་སྤུ་ཡི་རྩེ་མོར། །
གསེར་འོད་ལམ་ལམ་འཁྱུག་པ་ཝ་སྐྱེས་ཀྱི་ཕྲུ་གུར། །
བློ་ལྡན་བྱེ་བའི་འདྲེན་བྱེད་རི་མོ་རུ་བསྒྱུར་བའི། །
ཡིད་འོང་ལྟ་ན་སྡུག་པའི་སྒེག་ཆོས་ཀྱང་རྫོགས་སོ། །
དེ་དེས་གཞན་ཡིད་འཕྲོག་པའི་སྒྱུ་རྩལ་དང་སྒེག་ཉམས། །
གསང་བའི་སྒྲོམ་ལས་གང་སར་ཐང་མ་རུ་བརྡལ་ཚེ། །
ཁྱོད་ཀྱིས་གཞན་དང་མི་མཉམ་ཐབས་ཤེས་ཀྱི་རལ་གྲི། །
མི་སྟོན་ཤུབས་སུ་བཅུག་ནས་སུ་ཞིག་ལ་སྒུག་འདོད། །
དམར་སེར་ལྕང་ལོ་གཡོ་བའི་རྒྱུས་མེད་ཀྱི་གྲོགས་པོ། །
བྱ་རྒྱལ་གཤོག་ཤུགས་འཆིང་མཛད་འཕུར་སྐར་ལ་བཞུགས་ཏེ། །
གང་གང་ཡབ་མེས་བཞུགས་སའི་ཁང་བཟང་དུ་སླེབས་ཞེས། །
གྲགས་པ་ཕྱོགས་སུ་རྒྱུ་བའི་སྒྲ་ཆེན་དེ་ཐོས་སམ། །
རང་ཉིད་མང་ཐོས་རི་བོང་བློ་ལྡན་དུ་རློམ་ན། །
ན་མཉམ་ཤེས་རབ་ཅན་ལ་ལག་སྦྲེལ་ཞིག་བགྱིས་ནས། །
ནས་སྲན་མགོ་ལྕོག་ལྡེམ་པའི་བསིལ་ལྡན་གྱི་ཡུལ་འདིའི། །
འདི་དང་ཕྱི་མའི་ལམ་ལ་བསམ་གཞིག་ཅིག་བྱེད་འོས། །
ཡང་དག་བཤུལ་ལམ་ཟབ་མོ་འཚོལ་བ་ནི་མེད་པར། །
དོན་མེད་མཆོང་རྒྱུགས་རྩེན་ཡང་ཕན་འབྲས་ཀྱིས་སྟོངས་ན། །
ཕྲ་ཞིབ་བློ་གྲོས་བཟང་པོའི་འཁར་བ་ལ་བསྟེན་རྒྱུ། །
རེ་བ་ཡིད་བཞིན་འགྲུབ་པའི་འདུས་མདོ་རུ་མངོན་ནོ། །
ཉིན་ཞག་ཕྲེང་བར་ཁོམ་མེད་ལས་དོན་ལ་འབད་ཀྱང༌། །
ཟས་གོས་ངན་ངོན་ལ་སྤྱོད་རིགས་མཐུན་གྱི་ཚོགས་འདིར། །
བརྩེ་བའི་ཐག་ཞགས་དམ་པོས་ལྷོད་མེད་དུ་བཅིངས་ཚེ། །
བློ་ལྡན་གང་གིས་ཡིད་ཀྱི་རྭ་བ་ལས་འདོར་ནུས། །
དེ་སྐད་སོར་རྩེའི་འདབ་མ་ལྡེམ་པོ་རུ་བསྒྱུར་བའི། །
རེས་མཐོ་རེས་སུ་དམའ་བའི་གླིང་བུ་ཡི་གདངས་སྙན། །
རང་མཉམ་སྐལ་བཟང་རྣ་བའི་བདུད་རྩི་རུ་གྱུར་ཏེ། །
ཡིད་ཀྱི་ཆུ་བོ་སྡུད་པའི་རྒྱ་མཚོ་རུ་འགྱུར་ཤོག །

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་བོང་།

2009-04-07 བཀྲ་ཤིས་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།