མཚོ་སྔོན་འབྲོག་ཐང་ལ་བསྟོད་པ་རྒྱུད་མངས་སྟོང་གི་དབྱངས་སྙན།

བསེ་ཚང་བློ་བཟང་དཔལ་ལྡན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-04-07


མདངས་སྔོན་མཛེས་པའི་འོད་ཀྱིས་རབ་འཁྱུད་ཅིང༌། །
དགྱེས་པའི་རླབས་ཕྲེང་གཡོ་བའི་འཛུམ་སྒེག་གིས། །
རྫོགས་ལྡན་དགའ་བ་གཞོན་ནུའི་རྩེད་འཇོ་ཅན། །
མཛའ་བའི་གྲོགས་སུ་འགུགས་པའི་ཆུ་གཏེར་མ། །
ཁོར་ཡུག་མཛེས་ལྡན་རི་བོའི་ཕྲེང༌། །
མར་གད་གོས་ཀྱི་ཤམ་བུས་མཛེས། །
སྤྲིན་དཀར་གཡོ་བའི་ཅོད་པན་མཆོག །
ས་འཛིན་དབང་པོའི་ཐོད་དུ་བཅིངས། །
ནེའུ་གསིང་གཡུ་ཡི་མཎྜལ་ནི། །
མདངས་ལྡན་མེ་ཏོག་ཕྲེང་བས་བཀྲ། །
དྭངས་བསིལ་ཉལ་འགྲོའི་གྱ་གྱུའི་རིས། །
ནོར་འཛིན་སྒེག་མོའི་ལྟོ་བར་འཁྱིལ། །
མཛེས་སྡུག་སྤུ་རིས་རབ་མཛེས་ཤིང༌། །
མཆོང་ལྡིང་རྩེ་དགའི་གར་གྱི་འགྲོས། །
སྔོ་བསངས་དགའ་མའི་འགྲམ་པ་རུ། །
འགྱིང་བའི་རི་དྭགས་རྩེ་དགས་མྱོས། །
མཛེས་བརྗིད་ཅང་ཤེས་རྟ་མཆོག་རྣམས། །
མཆོང་རྒྱུགས་རྩེད་འཇོས་ཕན་ཚུན་འགྲན། །
འགྲོས་བཟང་མགྱོགས་པའི་བང་རྩལ་ནི། །
སྟོབས་ལྡན་གཉིས་སྐྱེས་དབང་པོའི་ཟླ། །
སྣུམ་གནག་སྤུ་ཡི་ལན་བུ་ནི། །
སིལ་བར་བསྐྱོད་པའི་འགྱིང་སྟབས་ཅན། །
ཞིམ་མངར་འོ་བརྒྱའི་བཅུད་ཀྱི་གཏེར། །
བརྗིད་ལྡན་རྐང་བཞིས་སྤང་ལྗོངས་མཛེས། །
མཛེས་པ་མུ་ཏིག་དོ་ཤལ་གྱིས། །
ལུས་ཀུན་དོག་པོར་རབ་སྤྲོས་པའི། །
དགེ་ལེགས་གཡང་མོ་ལུག་ཁྱུ་ཡིས། །
རྒྱུ་སྐར་ཕྲེང་བའི་མཛེས་ལ་འཕྱ། །
ལྗང་སྔོན་དར་གྱི་ཤམ་བུ་ཅན། །
གསེར་མདོག་རལ་བའི་ཅོད་པན་གཡོ། །
འབྲུ་ལྔའི་ལང་ཚོའི་བཅུད་སྨིན་པའི། །
མྱུག་གཞོན་མཛེས་མས་རྩེ་དགའ་ངོམ། །
དགེ་འདོད་ལྷུན་རྫོགས་གསེར་ལྡན་གཞོན་ནུ་དང༌། །
འདོད་དགུའི་གཡང་འཁྱིལ་ཆུ་གཏེར་དགའ་མ་གཉིས། །
དགའ་བའི་རྩེད་འཇོའི་ཉམས་ཀྱི་འཛུམ་བག་གིས། །
འཇིག་རྟེན་གསར་བའི་དགའ་སྟོན་མགྲོན་དུ་བསུ། །
རིགས་མང་བློ་ལྡན་ངང་བའི་ཁྱུ་ཚོགས་འབུམ། །
མཐུན་སྒྲིལ་གཤིག་ཡངས་དཀར་པོའི་རྩེད་འཇོ་ཅན། །
བདེ་སྐྱིད་འོ་མཚོ་འཕྱུར་བའི་རྦ་རླབས་ལ། །
རྩེན་པས་དགའ་བདེ་ཁོང་ནས་རབ་བཞད་པའི། །
ཅན་བཞི་གསར་བའི་འཛུགས་སྐྲུན་དབང་སྔོན་གཞུ། །
མ་འདྲེས་འདུན་པ་གསར་བའི་རི་མོ་བཀྲ། །
བློ་གྲོས་ཁོ་ལག་ཡངས་པའི་སོར་རྩེ་ཡིས། །
དོན་བཟང་སྙན་པའི་འགྱུར་ལྡན་རྒྱུད་མངས་སྟོང༌། །
རབ་དགའི་ལྷག་བསམ་ཉམས་བརྒྱས་བརྡུངས་པའི་དབྱངས། །
འཆི་མེད་ལམ་དུ་བསྒྲགས་འདིས་ཤིས་གྱུར་ཅིག །

 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ་སྔོན་འབྲོག་ཐང་ལ་བསྟོད་པ་རྒྱུད་མངས་སྟོང་གི་དབྱངས་སྙན།

2009-04-07 བསེ་ཚང་བློ་བཟང་དཔལ་ལྡན། ཀློག་གྲངས། མཆན ཡོད།


མདངས་སྔོན་མཛེས་པའི་འོད་ཀྱིས་རབ་འཁྱུད་ཅིང༌། །
དགྱེས་པའི་རླབས་ཕྲེང་གཡོ་བའི་འཛུམ་སྒེག་གིས། །
རྫོགས་ལྡན་དགའ་བ་གཞོན་ནུའི་རྩེད་འཇོ་ཅན། །
མཛའ་བའི་གྲོགས་སུ་འགུགས་པའི་ཆུ་གཏེར་མ། །
ཁོར་ཡུག་མཛེས་ལྡན་རི་བོའི་ཕྲེང༌། །
མར་གད་གོས་ཀྱི་ཤམ་བུས་མཛེས། །
སྤྲིན་དཀར་གཡོ་བའི་ཅོད་པན་མཆོག །
ས་འཛིན་དབང་པོའི་ཐོད་དུ་བཅིངས། །
ནེའུ་གསིང་གཡུ་ཡི་མཎྜལ་ནི། །
མདངས་ལྡན་མེ་ཏོག་ཕྲེང་བས་བཀྲ། །
དྭངས་བསིལ་ཉལ་འགྲོའི་གྱ་གྱུའི་རིས། །
ནོར་འཛིན་སྒེག་མོའི་ལྟོ་བར་འཁྱིལ། །
མཛེས་སྡུག་སྤུ་རིས་རབ་མཛེས་ཤིང༌། །
མཆོང་ལྡིང་རྩེ་དགའི་གར་གྱི་འགྲོས། །
སྔོ་བསངས་དགའ་མའི་འགྲམ་པ་རུ། །
འགྱིང་བའི་རི་དྭགས་རྩེ་དགས་མྱོས། །
མཛེས་བརྗིད་ཅང་ཤེས་རྟ་མཆོག་རྣམས། །
མཆོང་རྒྱུགས་རྩེད་འཇོས་ཕན་ཚུན་འགྲན། །
འགྲོས་བཟང་མགྱོགས་པའི་བང་རྩལ་ནི། །
སྟོབས་ལྡན་གཉིས་སྐྱེས་དབང་པོའི་ཟླ། །
སྣུམ་གནག་སྤུ་ཡི་ལན་བུ་ནི། །
སིལ་བར་བསྐྱོད་པའི་འགྱིང་སྟབས་ཅན། །
ཞིམ་མངར་འོ་བརྒྱའི་བཅུད་ཀྱི་གཏེར། །
བརྗིད་ལྡན་རྐང་བཞིས་སྤང་ལྗོངས་མཛེས། །
མཛེས་པ་མུ་ཏིག་དོ་ཤལ་གྱིས། །
ལུས་ཀུན་དོག་པོར་རབ་སྤྲོས་པའི། །
དགེ་ལེགས་གཡང་མོ་ལུག་ཁྱུ་ཡིས། །
རྒྱུ་སྐར་ཕྲེང་བའི་མཛེས་ལ་འཕྱ། །
ལྗང་སྔོན་དར་གྱི་ཤམ་བུ་ཅན། །
གསེར་མདོག་རལ་བའི་ཅོད་པན་གཡོ། །
འབྲུ་ལྔའི་ལང་ཚོའི་བཅུད་སྨིན་པའི། །
མྱུག་གཞོན་མཛེས་མས་རྩེ་དགའ་ངོམ། །
དགེ་འདོད་ལྷུན་རྫོགས་གསེར་ལྡན་གཞོན་ནུ་དང༌། །
འདོད་དགུའི་གཡང་འཁྱིལ་ཆུ་གཏེར་དགའ་མ་གཉིས། །
དགའ་བའི་རྩེད་འཇོའི་ཉམས་ཀྱི་འཛུམ་བག་གིས། །
འཇིག་རྟེན་གསར་བའི་དགའ་སྟོན་མགྲོན་དུ་བསུ། །
རིགས་མང་བློ་ལྡན་ངང་བའི་ཁྱུ་ཚོགས་འབུམ། །
མཐུན་སྒྲིལ་གཤིག་ཡངས་དཀར་པོའི་རྩེད་འཇོ་ཅན། །
བདེ་སྐྱིད་འོ་མཚོ་འཕྱུར་བའི་རྦ་རླབས་ལ། །
རྩེན་པས་དགའ་བདེ་ཁོང་ནས་རབ་བཞད་པའི། །
ཅན་བཞི་གསར་བའི་འཛུགས་སྐྲུན་དབང་སྔོན་གཞུ། །
མ་འདྲེས་འདུན་པ་གསར་བའི་རི་མོ་བཀྲ། །
བློ་གྲོས་ཁོ་ལག་ཡངས་པའི་སོར་རྩེ་ཡིས། །
དོན་བཟང་སྙན་པའི་འགྱུར་ལྡན་རྒྱུད་མངས་སྟོང༌། །
རབ་དགའི་ལྷག་བསམ་ཉམས་བརྒྱས་བརྡུངས་པའི་དབྱངས། །
འཆི་མེད་ལམ་དུ་བསྒྲགས་འདིས་ཤིས་གྱུར་ཅིག །

 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།