ཚྭ་ཁ་རུ་བསྒྲེས་པའི་སྦལ་བ།

          _____མིང་གཅིག་པའི"བ་གླང་གཅིན"འགའ་མཐོང་རྗེས།

ཚོར་འདུ་ཡི་ཡོམ་འཁྱོམ་རྦ་རླབས་བཞིན་འཕྱོ་ཞིང༌།།
དུང་སེམས་ཀྱི་སྙིང་བོ་མེ་རི་ལྟར་འབར་ཏེ།།
མ་བསླད་པའི་ཆགས་སྡང་མ་ནོར་བར་འཕྱུར་བའི།།
རྨད་བྱུང་གི་ནོར་བུ་ལྗགས་རྩོམ་ལས་བྲིན་པ།།

སྙན་ངག་གི་ས་ཆེན་སེམས་ཁོང་ནས་འགུལ་བར།།
བྱི་བ་དང་ཁྱིམ་བྱས་སྔོན་དཔག་ནི་ནུས་སམ།།
རྟོགས་སད་ཀྱི་ཉི་གཞོན་ཤར་རི་ནས་འཕགས་སྐབས།།
ཐག་པ་དང་ཐུ་གུས་རྟོད་ཐག་ནི་ཕེར་རམ།།

གཞན་དབང་གི་ཡུ་བར་གྱ་གྱུ་རུ་དྲངས་པའི།།
རྙོག་མ་ཡི་ཆུ་ཕྲན་གཙང་བོ་རུ་རློམ་ན།།
འཆར་ཡན་གྱི་ཆུ་སྣ་ཕྱོགས་གཅིག་ཏུ་བསྡུས་པའི།།
ཀླུང་ཆེན་གྱི་བཞུར་ཉམས་མཚར་སྡུག་ནི་ཆུང་ངམ།།

བཀའ་བཀོད་ཀྱི་དབྱུ་གུས་ཅི་འདོད་དུ་བསྐུལ་བའི།།
མགྲིན་བཟང་གི་གོམ་འགྲོས་རྟ་མཆོག་དང་མཚུངས་ན།།
ན་དམར་གྱི་གཞུང་ན་གློག་ཞགས་ལྟར་འཁྱུག་པའི།།
རྐྱང་ཆུང་གི་བང་མྱུར་སྒེག་ཉམས་ནི་དབེན་ནམ།།

སྙན་ངག་པའི་སེམས་འགྱུ་སོ་སྨན་དང་འདྲ་བར།།
སྒྲིག་མཁན་གྱི་རྩོལ་བས་ཕྲན་ཙམ་རེ་བཙིར་ན།།
བློས་བསླངས་ཀྱི་ཉིང་ཁུ་བདུད་རྩི་རུ་འཁྱིལ་བའི།།
ཤེས་རིག་གི་སྐལ་བཟང་ག་དུས་སུ་སྨིན་ནམ།།

ཁ་བྱང་རེ་བཞག་ནས་རྩོམ་འབྲི་རུ་བསྐུལ་ཚེ།།
ཐ་སྙད་ཀྱི་སྙིགས་རོ་འཛེམ་མེད་དུ་སྤུངས་ན།།
སྒོ་སམ་གྱི་ཟུར་ཁར་ཨུ་ཚུགས་ཀྱིས་འཚངས་པའི།།
སློབ་ཆུང་གི་ཕྲུག་གུར་ཁྱད་པར་ནི་འདུག་གམ།།

སྨྱུག་ཐོགས་པའི་རྩོམ་གཤིས་རི་སྐྱེས་ཀྱི་རི་དྭགས།།
རྩོམ་སྒྲིག་པའི་བསམ་བློའི་ལྕགས་དྲ་ཡིས་བསྐོར་ཚེ།།
གྲོང་བ་ཚོས་བལྟས་ན་ལྟད་མོ་ནི་ཆེ་ཡང༌།།
སྒང་བ་ཚོས་མཐོང་ན་མཚར་བོ་རང་མི་འདུག།


 

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚྭ་ཁ་རུ་བསྒྲེས་པའི་སྦལ་བ།

2009-04-06 འབྲོག་བསམ་གཏན། ཀློག་གྲངས། མཆན ཡོད།

          _____མིང་གཅིག་པའི"བ་གླང་གཅིན"འགའ་མཐོང་རྗེས།

ཚོར་འདུ་ཡི་ཡོམ་འཁྱོམ་རྦ་རླབས་བཞིན་འཕྱོ་ཞིང༌།།
དུང་སེམས་ཀྱི་སྙིང་བོ་མེ་རི་ལྟར་འབར་ཏེ།།
མ་བསླད་པའི་ཆགས་སྡང་མ་ནོར་བར་འཕྱུར་བའི།།
རྨད་བྱུང་གི་ནོར་བུ་ལྗགས་རྩོམ་ལས་བྲིན་པ།།

སྙན་ངག་གི་ས་ཆེན་སེམས་ཁོང་ནས་འགུལ་བར།།
བྱི་བ་དང་ཁྱིམ་བྱས་སྔོན་དཔག་ནི་ནུས་སམ།།
རྟོགས་སད་ཀྱི་ཉི་གཞོན་ཤར་རི་ནས་འཕགས་སྐབས།།
ཐག་པ་དང་ཐུ་གུས་རྟོད་ཐག་ནི་ཕེར་རམ།།

གཞན་དབང་གི་ཡུ་བར་གྱ་གྱུ་རུ་དྲངས་པའི།།
རྙོག་མ་ཡི་ཆུ་ཕྲན་གཙང་བོ་རུ་རློམ་ན།།
འཆར་ཡན་གྱི་ཆུ་སྣ་ཕྱོགས་གཅིག་ཏུ་བསྡུས་པའི།།
ཀླུང་ཆེན་གྱི་བཞུར་ཉམས་མཚར་སྡུག་ནི་ཆུང་ངམ།།

བཀའ་བཀོད་ཀྱི་དབྱུ་གུས་ཅི་འདོད་དུ་བསྐུལ་བའི།།
མགྲིན་བཟང་གི་གོམ་འགྲོས་རྟ་མཆོག་དང་མཚུངས་ན།།
ན་དམར་གྱི་གཞུང་ན་གློག་ཞགས་ལྟར་འཁྱུག་པའི།།
རྐྱང་ཆུང་གི་བང་མྱུར་སྒེག་ཉམས་ནི་དབེན་ནམ།།

སྙན་ངག་པའི་སེམས་འགྱུ་སོ་སྨན་དང་འདྲ་བར།།
སྒྲིག་མཁན་གྱི་རྩོལ་བས་ཕྲན་ཙམ་རེ་བཙིར་ན།།
བློས་བསླངས་ཀྱི་ཉིང་ཁུ་བདུད་རྩི་རུ་འཁྱིལ་བའི།།
ཤེས་རིག་གི་སྐལ་བཟང་ག་དུས་སུ་སྨིན་ནམ།།

ཁ་བྱང་རེ་བཞག་ནས་རྩོམ་འབྲི་རུ་བསྐུལ་ཚེ།།
ཐ་སྙད་ཀྱི་སྙིགས་རོ་འཛེམ་མེད་དུ་སྤུངས་ན།།
སྒོ་སམ་གྱི་ཟུར་ཁར་ཨུ་ཚུགས་ཀྱིས་འཚངས་པའི།།
སློབ་ཆུང་གི་ཕྲུག་གུར་ཁྱད་པར་ནི་འདུག་གམ།།

སྨྱུག་ཐོགས་པའི་རྩོམ་གཤིས་རི་སྐྱེས་ཀྱི་རི་དྭགས།།
རྩོམ་སྒྲིག་པའི་བསམ་བློའི་ལྕགས་དྲ་ཡིས་བསྐོར་ཚེ།།
གྲོང་བ་ཚོས་བལྟས་ན་ལྟད་མོ་ནི་ཆེ་ཡང༌།།
སྒང་བ་ཚོས་མཐོང་ན་མཚར་བོ་རང་མི་འདུག།


 

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།