ཕངས་པའི་མཆི་མ་དབང་མེད་བཞུར།

ལྷ་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-03-31

བཅོ་ལྔའི་བུ་མོ་སློབ་གྲྭར་མི་སྐྱེལ་ནུ་ལྡན་མཛོ་མོར་བརྗེ་སྐབས་སུ། །
ཡིད་འཕྲོག་སྐེད་ཕྲ་བག་ལ་མ་སོང་ཁྲམ་པས་བཙན་སྤྱད་བྱེད་སྐབས་སུ། །
བརྩོན་ལྡན་སྒེག་མོ་གནས་ནས་མ་འགྲིག་ངེས་མེད་ས་མཐར་འཁྱམ་སྐབས་སུ། །
ཀྱེ་མ་བདག་གི་འདྲེན་བྱེད་ཟུང་ལས་ཕངས་པའི་མཆི་མ་དབང་མེད་བཞུར། །
དབུ་དཀར་རྒན་པས་ཀ་ཁ་མི་ཤེས་འདི་ཕྱིའི་མ་ཎི་ཟློ་སྐབས་སུ། །
སོ་དཀར་གཞོན་པས་དབྱངས་བཞི་མི་ཤེས་བྲང་ཁར་གསེར་སྨྱུག་འདོགས་སྐབས་སུ། །
སེམས་དཀར་བཙུན་པས་ཚེག་བརྡར་མི་ཤེས་ཁྱིམ་པར་རིམ་གྲོ་སྒྲུབ་སྐབས་སུ། །

རོང་འབྲོག་བྱིས་པ་སློབ་གྲྭར་མི་སྐྱེལ་ར་རྫི་ལུག་རྫིར་མངགས་སྐབས་སུ། །
གདུལ་བྱས་རབ་སྟོང་སློབ་གྲྭའི་ར་སྐོར་རྩྭ་དང་ལྡུམ་བུས་ཁེངས་སྐབས་སུ། །
སློབ་ཁང་རྩིག་པ་ཆར་གྱིས་རྣམ་འཇིག་དགེ་རྒན་ཆང་ལ་རོལ་སྐབས་སུ། །

རིག་གནས་ནེའུ་གསིང་གཞི་ལ་མཐོང་ཆུང་གནག་ཁྱུའི་རྨིག་པས་རྫི་སྐབས་སུ། །
སློབ་གསོ་མེ་ཏོག་ར་བར་རྙིང་ཞེན་ཐན་པས་དཔུང་འཇུག་བྱེད་སྐབས་སུ། །
རྩོམ་རིག་ཁམ་བུའི་འགྲམ་པར་བསླད་སྐྱོན་འབུ་སྲིན་སྟོང་གིས་སྦག་སྐབས་སུ། །

བློ་སེམས་གངས་རིའི་ཕྲག་པར་ནག་ནོག་ས་རྡུལ་བྱེ་བས་དཀྲིགས་སྐབས་སུ། །
བློ་སྤོབས་བྲག་རིའི་ཟོམ་ལ་མཆུ་ནག་ཁྭ་ཏས་གཤོག་རྡེབ་རྒྱག་སྐབས་སུ། །
བློ་གྲོས་སྤང་རིའི་ཕང་བར་བྱི་ལོང་ཁྲི་ཡིས་ས་འབུར་སྤུང་སྐབས་སུ། །

མདུན་སྐྱོད་ཅང་ཤེས་རྟ་ཕོར་དབང་སྒྱུར་སྒྲོག་གིས་ཉེ་བར་འཆིང་སྐབས་སུ། །
རང་དབང་ཁྱུང་དཀར་མཛོ་ལ་གཞན་དབང་སྣ་ཐུག་རིང་མོ་སྤྲོད་སྐབས་སུ། །
བདེ་སྐྱིད་གཡང་དཀར་ལུག་ལ་བཤུ་གཞོག་ཁེ་གྲིས་ཡང་ཡང་འབྲེག་སྐབས་སུ། །

བླ་མེད་ཤེས་རབ་ཅན་རྣམས་གཞན་ཡུལ་རབ་འཁྱམ་སློང་མོ་བྱེད་སྐབས་སུ། །
སྔོན་མེད་བླུན་རྒན་སྟོང་ཕྲག་འོད་འབར་མཁས་པའི་ཁྲི་ལ་འགྱིང་སྐབས་སུ། །
ཡ་མེད་གླང་སྨྱོན་དག་གིས་དྲན་དབང་བྱེ་བར་ཁ་ལོ་སྒྱུར་སྐབས་སུ། །

དྲི་མེད་ལོ་རྒྱུས་གཙང་མོར་འཁྱོག་སྨྲའི་བ་ཚྭས་ཀུན་ནས་རྙོག་སྐབས་སུ། །
རྨ་མེད་གཡར་དམ་རྡོ་རིང་ངོས་སུ་ཕྱོགས་ཞེན་རི་མོ་འབྲི་སྐབས་སུ། །
མཚུངས་མེད་ལྔ་རིག་ལྟེང་ཀར་ཉེས་བཤད་སྦལ་བ་ཁྲག་ཅན་རོལ་སྐབས་སུ། །

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕངས་པའི་མཆི་མ་དབང་མེད་བཞུར།

2009-03-31 ལྷ་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།