ལྷག་བསམ་འོ་མཚོ་འཁོལ་བའི་རླབས་སྒྲ།

སངས་རྒྱས་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-20

དགེ་ལེགས་ལུང་རྟོགས་དར་གྱི་ཤམ་བུ་འབུམ།།
ཐུགས་བསྐྱེད་རྩིབས་མ་སྟོང་གིས་ཉེར་བཏགས་པས།།
ཉེས་བརྒྱའི་ཚ་གདུང་སེལ་བའི་འཕྲིན་ལས་གདུགས།།
སྐལ་ལྡན་རྒྱ་མཚོའི་གཙུག་ན་མངོན་པར་མཐོ།།

མཁྱེན་བཟང་གཤོག་ཡངས་བསྐྱོད་པའི་ཟློས་གར་གྱིས།།
ལྔ་རིག་རླབས་ཀྱི་འཁོར་ལོར་རྩེན་བཞིན་དུ།།
ཤེས་བྱའི་གཏིང་མཐའ་མཚོལ་བའི་གསེར་གྱི་ཉ།།
དགེ་འདུན་པདྨའི་མཚོ་ཆེན་མཛེས་པའི་རྒྱན།།

མཁས་རྒུའི་རྣམ་དཔྱོད་སྐྱེད་མའི་ཚལ་ཡངས་ལས།།
འོངས་པའི་སྙན་བརྒྱུད་ལེགས་བཤད་སྦྲང་རྩིའི་ཆབ།།
འདོད་རྒུར་འཁྱིལ་བའི་ཐུགས་གསུང་བུམ་པ་དཀར།།
བློ་གསལ་བུང་བའི་ཚོགས་ཀྱི་ཉེར་འཚོའི་གཞི།།

ཞི་དུལ་བག་ཡོད་འདབ་སྟོང་ལེགས་བཞད་ཅིང༌།།
ལྷག་བསམ་བསུང་ཞིམ་ཕྱོགས་ཀྱི་མཐར་སོང་བ།།
གཞན་ཕན་ཟེའུ་འབྲུ་གཡོ་བའི་པད་དཀར་མོ།།
ལྗོངས་འདིའི་གཙུག་རྒྱན་ཉིད་དུ་ཅི་ཡང་འཛུམ།།

རིགས་ཞེན་ལ་རྒྱའི་རི་མོ་གཡས་སུ་འཁྱིལ།།
མ་རྨད་ཐབས་མཁས་དབྱངས་ཀྱི་སྙིང་བོས་ཕྱུག།
བྱང་སེམས་དཀྱིལ་འཁོར་ཟླུམ་པོའི་དུང་དཀར་ཆེ།།
ངན་རྟོག་གཉིད་ལས་སློང་བའི་བྱེད་པོར་བསྔགས།།

ཁ་བའི་མེ་ཏོག་འཛུམ་པའི་ཞིང་ཁམས་ཀྱི།།
ཆོས་སྲིད་ཟུང་གི་བྱ་གཞག་འོ་མའི་མཚོ།།
སྤེལ་བའི་སྙིང་སྟོབས་དཔལ་བེའུ་དམ་པའི་རྒྱ།།
སྣ་ཚོགས་སྙིགས་མའི་རྐྱེན་གྱིས་གཞོམ་གཞིག་བྲལ།།

ལང་ཤོར་ཀླ་ཀློ་མུ་སྟེག་གཞན་སྡེའི་དཔུང༌།།
ཐབས་ཤེས་འཕྲུལ་གྱི་ཆོ་གས་ཕམ་བྱས་ཏེ།།
མི་མཐུན་ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་ཆེ།།
རང་བསྟན་དབུ་འཕངས་རྒྱས་པའི་དཔྱིད་དུ་བསྒྲེངས།།

གསང་གསུམ་ནོར་བུའི་ལྟེ་བ་ལས་བཀྱེས་པའི།།
ཀུན་བཟང་སྤྱོད་པའི་རྩིབས་མ་བྱེ་མ་བརྒྱས།།
མཛེས་པ་རབ་བྱིན་ལེགས་མཛད་འཁོར་ལོའི་འགྲོས།།
འཛམ་གླིང་འཛིན་མའི་ཁྱོན་ལ་བསྐོར་གྱུར་ཅིག།

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག༣

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷག་བསམ་འོ་མཚོ་འཁོལ་བའི་རླབས་སྒྲ།

2010-04-20 སངས་རྒྱས་རྒྱ་མཚོ། ཀློག་གྲངས། མཆན ཡོད།

དགེ་ལེགས་ལུང་རྟོགས་དར་གྱི་ཤམ་བུ་འབུམ།།
ཐུགས་བསྐྱེད་རྩིབས་མ་སྟོང་གིས་ཉེར་བཏགས་པས།།
ཉེས་བརྒྱའི་ཚ་གདུང་སེལ་བའི་འཕྲིན་ལས་གདུགས།།
སྐལ་ལྡན་རྒྱ་མཚོའི་གཙུག་ན་མངོན་པར་མཐོ།།

མཁྱེན་བཟང་གཤོག་ཡངས་བསྐྱོད་པའི་ཟློས་གར་གྱིས།།
ལྔ་རིག་རླབས་ཀྱི་འཁོར་ལོར་རྩེན་བཞིན་དུ།།
ཤེས་བྱའི་གཏིང་མཐའ་མཚོལ་བའི་གསེར་གྱི་ཉ།།
དགེ་འདུན་པདྨའི་མཚོ་ཆེན་མཛེས་པའི་རྒྱན།།

མཁས་རྒུའི་རྣམ་དཔྱོད་སྐྱེད་མའི་ཚལ་ཡངས་ལས།།
འོངས་པའི་སྙན་བརྒྱུད་ལེགས་བཤད་སྦྲང་རྩིའི་ཆབ།།
འདོད་རྒུར་འཁྱིལ་བའི་ཐུགས་གསུང་བུམ་པ་དཀར།།
བློ་གསལ་བུང་བའི་ཚོགས་ཀྱི་ཉེར་འཚོའི་གཞི།།

ཞི་དུལ་བག་ཡོད་འདབ་སྟོང་ལེགས་བཞད་ཅིང༌།།
ལྷག་བསམ་བསུང་ཞིམ་ཕྱོགས་ཀྱི་མཐར་སོང་བ།།
གཞན་ཕན་ཟེའུ་འབྲུ་གཡོ་བའི་པད་དཀར་མོ།།
ལྗོངས་འདིའི་གཙུག་རྒྱན་ཉིད་དུ་ཅི་ཡང་འཛུམ།།

རིགས་ཞེན་ལ་རྒྱའི་རི་མོ་གཡས་སུ་འཁྱིལ།།
མ་རྨད་ཐབས་མཁས་དབྱངས་ཀྱི་སྙིང་བོས་ཕྱུག།
བྱང་སེམས་དཀྱིལ་འཁོར་ཟླུམ་པོའི་དུང་དཀར་ཆེ།།
ངན་རྟོག་གཉིད་ལས་སློང་བའི་བྱེད་པོར་བསྔགས།།

ཁ་བའི་མེ་ཏོག་འཛུམ་པའི་ཞིང་ཁམས་ཀྱི།།
ཆོས་སྲིད་ཟུང་གི་བྱ་གཞག་འོ་མའི་མཚོ།།
སྤེལ་བའི་སྙིང་སྟོབས་དཔལ་བེའུ་དམ་པའི་རྒྱ།།
སྣ་ཚོགས་སྙིགས་མའི་རྐྱེན་གྱིས་གཞོམ་གཞིག་བྲལ།།

ལང་ཤོར་ཀླ་ཀློ་མུ་སྟེག་གཞན་སྡེའི་དཔུང༌།།
ཐབས་ཤེས་འཕྲུལ་གྱི་ཆོ་གས་ཕམ་བྱས་ཏེ།།
མི་མཐུན་ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་ཆེ།།
རང་བསྟན་དབུ་འཕངས་རྒྱས་པའི་དཔྱིད་དུ་བསྒྲེངས།།

གསང་གསུམ་ནོར་བུའི་ལྟེ་བ་ལས་བཀྱེས་པའི།།
ཀུན་བཟང་སྤྱོད་པའི་རྩིབས་མ་བྱེ་མ་བརྒྱས།།
མཛེས་པ་རབ་བྱིན་ལེགས་མཛད་འཁོར་ལོའི་འགྲོས།།
འཛམ་གླིང་འཛིན་མའི་ཁྱོན་ལ་བསྐོར་གྱུར་ཅིག།

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག༣

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།