གཏམ་གྱི་ལེགས་སྐྱེས་ག་བུར་གཟེགས་མ་ཞེས་བྱ་བ།

དོར་ཞི་གདོང་དྲུག་སྙེམས་བློ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-12-05

ཀ་པ་ལ་ཡི་དུང་ཁང་འོད་དཀར་གྱིས་ཁྱབ་པའི།།

ཁ་བ་ཅན་གྱི་ན་གཞོན་ཕོ་མོ་ཡི་ཡར་བུད།།

ག་རུ་སོང་ནས་ལས་དོན་ག་འདྲ་ཞིག་སྒྲུབ་ཀྱང་།།

ང་ཙམ་མིན་པར་རྒྱལ་ཁབ་མི་རིགས་ལ་བསམ་དགོས།།

 

ཅ་ནེ་ཁོ་ན་བསམ་པ་རྐང་བཞི་བའི་མཆེད་ཟླ།།

ཆ་བ་ཆོས་སེང་ལྟ་བུའི་བློ་རྩལ་དེ་གལ་ཆེ།།

ཇ་ཆང་ཟས་གོས་ཕྱུག་ཀྱང་ཡོན་ཏན་གྱི་དབུལ་བོ།།

ཉ་ཤ་རུལ་བ་བཞིན་དུ་བརྩི་མཐོང་ནི་མེད་དོ།།

 

ཏ་ལེ་ཀླུང་བཞིན་ཟབ་ཡངས་རིག་གནས་ཀྱི་བང་མཛོད།།

ཐ་ཆད་ལ་ལས་རྡོག་པས་ཅི་ཐུབ་ཏུ་བརྫིས་ཀྱང་།།

ད་ལྟ་ཕྱི་གླིང་ན་ཡང་དཔྱད་སྦྱང་གི་ཚུལ་སོམས།།

ན་ཆུང་རྒོད་པོ་ཕ་ཤུལ་བུས་ཟིན་ལ་འབད་དགོས།།

 

པ་ཏྲ་ལྟ་བུའི་འཕྲང་འགག་དོག་མོ་ནི་མང་ཡང་།།

ཕ་ལམ་ལྟ་བུའི་འགྱུར་མེད་སྙིང་སྟོབས་ཤིག་ཡོད་ན།།

བ་འོ་བཞིན་དུ་དཀར་བའི་ཕུགས་ཕན་གྱི་འདོད་དོན།།

མ་སྨད་འབྲས་བུ་སྨིན་པ་དངོས་གཤིས་རང་ཡིན་ནོ།།

 

ཙ་ཏུར་གྲངས་ལྡན་དེང་རབས་འཛུགས་སྐྲུན་གྱི་ཆེད་དུ།།

ཚ་གྲང་སྡུག་བསྔལ་ཅི་བྱུང་སྣང་མེད་དུ་བྱས་ནས།།

ཛ་ཧུའི་རྒྱུན་ལྟར་བཟློག་མེད་སྙིང་སྟོབས་ཀྱི་ཤུགས་སྐྱེད།།

ཝ་མོ་རམ་གྱིས་བསྒྱུར་འདྲའི་ཚུལ་འཆོས་དེ་སྤོབས་ཤིག།

 

ཞྭ་ཏོག་གསལ་ཡང་སྙིང་ཁོང་མུན་འཐིབས་ཀྱི་དཔོན་པོ།།

ཟ་འོག་གོས་ཅན་ཕྱི་མཛེས་ནང་སྟོང་གི་མཁས་པ།།

འ་འུར་དོན་མེད་བྱ་བས་ཚེ་སྐྱེལ་གྱི་མདོ་མེད།།

ཡ་རབས་སྤྱི་ཚོགས་འདིའི་ནང་མདུན་ལམ་ནི་ཐུང་ངོ་།།

 

ར་མ་བྲག་ལ་འགྱིང་འདྲའི་རྣམ་སྟངས་ནི་མ་ཆེ།།

ལ་ལུང་འཆལ་གཏམ་བརྡོལ་བས་དུས་ཚོད་ནི་མ་བརླག།

ཤ་བ་ར་བཅུས་མཛེས་བཞིན་སྤྱོད་བཟང་གི་རྒྱན་ལོངས།།

ས་ཞིང་ཇི་བཞིན་མང་ཐོས་ལོ་ཏོག་དེ་སྐྱེད་ཅིག།

 

ཧ་ལའི་དུག་འདྲའི་གོམས་གཤིས་བཏང་སྙོམས་སུ་མ་སྐྱུར།།

ཨ་རུ་ཇི་བཞིན་རྗེས་ལུས་གཅོང་ནད་དེ་སེལ་དགོས།།

ཧ་ཧོ་དབྱེ་བ་མི་ཕྱེད་བླུན་པོ་ཡི་སྤྱོད་སྟངས།།

ཨ་འབྲས་གསལ་བར་ཕྱིས་ནས་དགྲ་གྲོགས་རང་ཕྱེད་དགོས།།

 

ཀ་ཕྲེང་ལམ་ནས་བླང་དོར་གསལ་བྱེད་ཀྱི་གཏམ་འགའ།།

ཁ་ནས་གང་བྱུང་མ་ཡིན་མྱོང་ཐོབ་ཀྱི་བཅུད་བཟང་།།

ག་བུར་གཟེགས་མ་འཐོར་བཞིན་སྙིང་ཁོང་ནས་སྤྲོས་འདི།།

ང་ཡིས་སློབ་བུར་སྟེར་བའི་ལག་སྐྱེས་རང་བཞིན་ནོ།།

 

རྩོམ་ཁུངས། དོར་ཞིའི་གསུང་རྩོམ་ཐོར་བུ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཏམ་གྱི་ལེགས་སྐྱེས་ག་བུར་གཟེགས་མ་ཞེས་བྱ་བ།

2009-12-05 དོར་ཞི་གདོང་དྲུག་སྙེམས་བློ། ཀློག་གྲངས། མཆན ཡོད།

ཀ་པ་ལ་ཡི་དུང་ཁང་འོད་དཀར་གྱིས་ཁྱབ་པའི།།

ཁ་བ་ཅན་གྱི་ན་གཞོན་ཕོ་མོ་ཡི་ཡར་བུད།།

ག་རུ་སོང་ནས་ལས་དོན་ག་འདྲ་ཞིག་སྒྲུབ་ཀྱང་།།

ང་ཙམ་མིན་པར་རྒྱལ་ཁབ་མི་རིགས་ལ་བསམ་དགོས།།

 

ཅ་ནེ་ཁོ་ན་བསམ་པ་རྐང་བཞི་བའི་མཆེད་ཟླ།།

ཆ་བ་ཆོས་སེང་ལྟ་བུའི་བློ་རྩལ་དེ་གལ་ཆེ།།

ཇ་ཆང་ཟས་གོས་ཕྱུག་ཀྱང་ཡོན་ཏན་གྱི་དབུལ་བོ།།

ཉ་ཤ་རུལ་བ་བཞིན་དུ་བརྩི་མཐོང་ནི་མེད་དོ།།

 

ཏ་ལེ་ཀླུང་བཞིན་ཟབ་ཡངས་རིག་གནས་ཀྱི་བང་མཛོད།།

ཐ་ཆད་ལ་ལས་རྡོག་པས་ཅི་ཐུབ་ཏུ་བརྫིས་ཀྱང་།།

ད་ལྟ་ཕྱི་གླིང་ན་ཡང་དཔྱད་སྦྱང་གི་ཚུལ་སོམས།།

ན་ཆུང་རྒོད་པོ་ཕ་ཤུལ་བུས་ཟིན་ལ་འབད་དགོས།།

 

པ་ཏྲ་ལྟ་བུའི་འཕྲང་འགག་དོག་མོ་ནི་མང་ཡང་།།

ཕ་ལམ་ལྟ་བུའི་འགྱུར་མེད་སྙིང་སྟོབས་ཤིག་ཡོད་ན།།

བ་འོ་བཞིན་དུ་དཀར་བའི་ཕུགས་ཕན་གྱི་འདོད་དོན།།

མ་སྨད་འབྲས་བུ་སྨིན་པ་དངོས་གཤིས་རང་ཡིན་ནོ།།

 

ཙ་ཏུར་གྲངས་ལྡན་དེང་རབས་འཛུགས་སྐྲུན་གྱི་ཆེད་དུ།།

ཚ་གྲང་སྡུག་བསྔལ་ཅི་བྱུང་སྣང་མེད་དུ་བྱས་ནས།།

ཛ་ཧུའི་རྒྱུན་ལྟར་བཟློག་མེད་སྙིང་སྟོབས་ཀྱི་ཤུགས་སྐྱེད།།

ཝ་མོ་རམ་གྱིས་བསྒྱུར་འདྲའི་ཚུལ་འཆོས་དེ་སྤོབས་ཤིག།

 

ཞྭ་ཏོག་གསལ་ཡང་སྙིང་ཁོང་མུན་འཐིབས་ཀྱི་དཔོན་པོ།།

ཟ་འོག་གོས་ཅན་ཕྱི་མཛེས་ནང་སྟོང་གི་མཁས་པ།།

འ་འུར་དོན་མེད་བྱ་བས་ཚེ་སྐྱེལ་གྱི་མདོ་མེད།།

ཡ་རབས་སྤྱི་ཚོགས་འདིའི་ནང་མདུན་ལམ་ནི་ཐུང་ངོ་།།

 

ར་མ་བྲག་ལ་འགྱིང་འདྲའི་རྣམ་སྟངས་ནི་མ་ཆེ།།

ལ་ལུང་འཆལ་གཏམ་བརྡོལ་བས་དུས་ཚོད་ནི་མ་བརླག།

ཤ་བ་ར་བཅུས་མཛེས་བཞིན་སྤྱོད་བཟང་གི་རྒྱན་ལོངས།།

ས་ཞིང་ཇི་བཞིན་མང་ཐོས་ལོ་ཏོག་དེ་སྐྱེད་ཅིག།

 

ཧ་ལའི་དུག་འདྲའི་གོམས་གཤིས་བཏང་སྙོམས་སུ་མ་སྐྱུར།།

ཨ་རུ་ཇི་བཞིན་རྗེས་ལུས་གཅོང་ནད་དེ་སེལ་དགོས།།

ཧ་ཧོ་དབྱེ་བ་མི་ཕྱེད་བླུན་པོ་ཡི་སྤྱོད་སྟངས།།

ཨ་འབྲས་གསལ་བར་ཕྱིས་ནས་དགྲ་གྲོགས་རང་ཕྱེད་དགོས།།

 

ཀ་ཕྲེང་ལམ་ནས་བླང་དོར་གསལ་བྱེད་ཀྱི་གཏམ་འགའ།།

ཁ་ནས་གང་བྱུང་མ་ཡིན་མྱོང་ཐོབ་ཀྱི་བཅུད་བཟང་།།

ག་བུར་གཟེགས་མ་འཐོར་བཞིན་སྙིང་ཁོང་ནས་སྤྲོས་འདི།།

ང་ཡིས་སློབ་བུར་སྟེར་བའི་ལག་སྐྱེས་རང་བཞིན་ནོ།།

 

རྩོམ་ཁུངས། དོར་ཞིའི་གསུང་རྩོམ་ཐོར་བུ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།