ས་གཞི་དང་ཁོ་མོའི་གསང་བ།

ལྷོ་སྤྲིན་ནག་པོས་ནམ་མཁའ་གློ་བུར་བསྒྲིབས།།
འཇགས་མེད་འཚུབ་མས་ཁོར་ཡུག་སྡུག་ལ་སྦྱར།།
སེམས་པ་ཡར་འགྲོ་ཞིག་གི་ནང་རོལ་ནས།།
འཇག་མའི་ཤུགས་གླུས་དོན་མེད་ཡིད་སེམས་དཀྲུགས།།

འཛིན་མའི་ལྟོ་བར་ཚན་རིག་མཚོན་གྱིས་གཤག།
ན་ཟུག་འཁུན་སྒྲས་ལྷ་ཀླུ་གཉན་གསུམ་དཀྲོགས།།
ཆུ་མོའི་ཀློང་ལ་ངེས་མེད་མདའ་མོ་འོ་འཕངས།།
ཁྲག་གི་ཐིགས་པས་གཙང་པོའི་བཞུར་རྒྱུན་བཅད།།

གྲམ་པའི་གཞུང་ན་ཕོ་རོག་སྟོང་སྐད་འབྱིན།།
བྱེ་མའི་ཐང་ལ་ཉ་མོས་གཤོག་རྗེས་དཔར།།
འབྲོང་ཁྱུ་གཤར་བའི་རི་ལམ་སྐྱ་བོ་ལ།།
ཤ་ཁྲག་གཞིབ་མཁན་དམུ་རྒོད་རྔོན་པ་སྐུང༌།།

རོ་བོའི་སུལ་ན་ནགས་ཚལ་མང་པོ་འགྱེལ།།
རི་སྒང་ཡོད་ཚད་བྲག་ཐེམ་སྟོང་བའི་གཟུགས།།
རི་བོ་རྒས་པའི་སྐྱོ་སྡུག་འཕྲང་ལམ་ནས།།
རི་དྭགས་སྐོར་ཁྱུ་བས་མཐའི་ཡུལ་ལ་དེད།།

ཧམ་སེམས་སོག་ལེ་ལྗོན་པའི་ཚལ་ན་འཁོར།།
རྣོ་གཅོད་སྟ་རེ་ནགས་མའི་ཀློང་ལ་གཏད།།
འཇིག་རྟེན་ཞི་བདེ་བཅོམ་པའི་སྲིན་པོ་འདིས།།
སྐྱེ་རྒུའི་སྙིང་ལ་སྡུག་གི་མུན་པ་བསླངས།།
གནའ་བོའི་རྐང་རྗེས་ནག་པོའི་ཉག་ག་ལ།།
རྗེས་དྲན་རྡེའུ་འབུམ་མཆོད་རྟེན་རི་ལྟར་བརྩིགས །།
ལྷ་ཀླུ་གནས་པའི་རི་བོའི་རྩེ་མོ་ན།།
ལྷིང་འཇགས་དཀྲོགས་པའི་མདའ་མོ་གྲི་ལྟར་འཛིངས།།

ཞིང་ཚིགས་ལོ་ཏོག་དུས་ཀྱི་ཚ་བས་བཅོམ།།ང
སྤང་ལྗོངས་སྔོན་མོ་དགུན་གྱི་བ་བོས་འགེམ།།
ཆུ་མིག་ལྟེང་ཀ་ཤ་འོད་རྦབ་རྡོས་ཕྱུངས།།
འཇིག་པའི་གསང་བ་ཕྱི་རུ་མངོན་ལ་ཁད།།

གསར་སྐྱེས་མྱུ་གུ་རང་བྱུང་ཐན་པས་གཙེས།།
ས་གཞིའི་གདོང་ལ་མི་སྡུག་གཉེར་མ་གྱོན།།
སྲིན་པོས་ནགས་ཚལ་བཏུལ་བའི་སྣེ་མོ་ན།
བྱ་བྱེའུ་གནས་ཚང་གནའ་བོའི་ལྷ་སྒྲུང་ཙམ།།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་གཞི་དང་ཁོ་མོའི་གསང་བ།

2010-07-21 ལྡོང་སྨིན་དྲུག ཀློག་གྲངས། མཆན ཡོད།

ལྷོ་སྤྲིན་ནག་པོས་ནམ་མཁའ་གློ་བུར་བསྒྲིབས།།
འཇགས་མེད་འཚུབ་མས་ཁོར་ཡུག་སྡུག་ལ་སྦྱར།།
སེམས་པ་ཡར་འགྲོ་ཞིག་གི་ནང་རོལ་ནས།།
འཇག་མའི་ཤུགས་གླུས་དོན་མེད་ཡིད་སེམས་དཀྲུགས།།

འཛིན་མའི་ལྟོ་བར་ཚན་རིག་མཚོན་གྱིས་གཤག།
ན་ཟུག་འཁུན་སྒྲས་ལྷ་ཀླུ་གཉན་གསུམ་དཀྲོགས།།
ཆུ་མོའི་ཀློང་ལ་ངེས་མེད་མདའ་མོ་འོ་འཕངས།།
ཁྲག་གི་ཐིགས་པས་གཙང་པོའི་བཞུར་རྒྱུན་བཅད།།

གྲམ་པའི་གཞུང་ན་ཕོ་རོག་སྟོང་སྐད་འབྱིན།།
བྱེ་མའི་ཐང་ལ་ཉ་མོས་གཤོག་རྗེས་དཔར།།
འབྲོང་ཁྱུ་གཤར་བའི་རི་ལམ་སྐྱ་བོ་ལ།།
ཤ་ཁྲག་གཞིབ་མཁན་དམུ་རྒོད་རྔོན་པ་སྐུང༌།།

རོ་བོའི་སུལ་ན་ནགས་ཚལ་མང་པོ་འགྱེལ།།
རི་སྒང་ཡོད་ཚད་བྲག་ཐེམ་སྟོང་བའི་གཟུགས།།
རི་བོ་རྒས་པའི་སྐྱོ་སྡུག་འཕྲང་ལམ་ནས།།
རི་དྭགས་སྐོར་ཁྱུ་བས་མཐའི་ཡུལ་ལ་དེད།།

ཧམ་སེམས་སོག་ལེ་ལྗོན་པའི་ཚལ་ན་འཁོར།།
རྣོ་གཅོད་སྟ་རེ་ནགས་མའི་ཀློང་ལ་གཏད།།
འཇིག་རྟེན་ཞི་བདེ་བཅོམ་པའི་སྲིན་པོ་འདིས།།
སྐྱེ་རྒུའི་སྙིང་ལ་སྡུག་གི་མུན་པ་བསླངས།།
གནའ་བོའི་རྐང་རྗེས་ནག་པོའི་ཉག་ག་ལ།།
རྗེས་དྲན་རྡེའུ་འབུམ་མཆོད་རྟེན་རི་ལྟར་བརྩིགས །།
ལྷ་ཀླུ་གནས་པའི་རི་བོའི་རྩེ་མོ་ན།།
ལྷིང་འཇགས་དཀྲོགས་པའི་མདའ་མོ་གྲི་ལྟར་འཛིངས།།

ཞིང་ཚིགས་ལོ་ཏོག་དུས་ཀྱི་ཚ་བས་བཅོམ།།ང
སྤང་ལྗོངས་སྔོན་མོ་དགུན་གྱི་བ་བོས་འགེམ།།
ཆུ་མིག་ལྟེང་ཀ་ཤ་འོད་རྦབ་རྡོས་ཕྱུངས།།
འཇིག་པའི་གསང་བ་ཕྱི་རུ་མངོན་ལ་ཁད།།

གསར་སྐྱེས་མྱུ་གུ་རང་བྱུང་ཐན་པས་གཙེས།།
ས་གཞིའི་གདོང་ལ་མི་སྡུག་གཉེར་མ་གྱོན།།
སྲིན་པོས་ནགས་ཚལ་བཏུལ་བའི་སྣེ་མོ་ན།
བྱ་བྱེའུ་གནས་ཚང་གནའ་བོའི་ལྷ་སྒྲུང་ཙམ།།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།