དབུ་མིའི་དབྱུག་པ།

རོང་བོ་དགེ་འདུན་ལྷུན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-21

བསམ་བསམ་འདོད་འདོད་ལ་བསྟུན་ན།།
ལུས་སེམས་བྱ་སྤུ་བཞིན་ཁུར་འགྲོ།།
སེམས་བསྐྱེད་དཔུང་བ་ལ་འཇུས་ན།།
དབེན་པའི་སྒོ་དྲུང་དུ་ཐོན་ཡོང༌།།

ངེས་འབྱུང་རླུང་ཡན་ལ་བསྐུར་ཀྱང༌།།
གཟན་སྣེ་ལྷོད་ལྷོད་ཅིག་བྱས་ཏེ།།
རི་ཁའི་གྲོང་ཆོག་ལ་འདུར་དུས།།
དམ་ཚིག་ཡོད་ཡོད་དུ་སྣང་ཨང༌།།

ཆོས་སྣམ་ཁུག་མ་རུ་སྦས་ཤིང༌།།
ཕྲེང་བ་མགུལ་རྒྱན་དུ་བྱས་ནས།།
ཁེ་ཚོང་བུ་ལོན་ལ་འབད་སྐབས།།
བློ་རིག་གྲུང་བོ་ཞིག་ལྡན་ཡོད།།

ཐུབ་ཆེན་སྟོན་པ་ཡི་རྣམ་ཐར།།
ཡིད་ལ་ཤར་བློ་ཙམ་མེད་ཀྱང༌།།
དད་ལྡན་རྒན་རྒོན་ཚོའི་རེ་བ།།
མིག་ལ་ཤར་ཤར་དུ་མིན་ནམ།།

དཀར་ཐིག་ཞལ་འདེབས་ལ་ཕེབས་ཚེ།།
ཁྲིམས་ལྡན་དགེ་སློང་ཞིག་འདྲ་ཡང༌།།
ཚོང་འདུས་ཁྲོམ་ར་ལ་བསླེབས་དུས།།
སྐྱ་མིན་སེར་མིན་གྱི་བཙུན་པ།།

འདུལ་བའི་ཞལ་ངོ་ཡང་མ་མཐོང༌།།
དབུ་ཕར་གླེགས་བམ་དེ་མ་བཙལ།།
མི་ཚེ་རི་ཁྲོད་ནས་ཟད་ཀྱང༌།།
ཕྱི་མིག་གྲོང་ཁྱིམ་དུ་ལུས་ཡོད།།

སྒོར་མོའི་ཡོང་སྒོ་དེ་བསམ་ན།།
རྒྱབ་ཀྱི་གཟན་ཤམ་དེས་ཅི་བྱེད།།
འཁོར་བའི་ཕུན་ཚོགས་ཤིག་འདོད་ན།།
གྲྭ་རྐྱང་འཚོ་བ་འདིས་ཅི་བྱེད།།

མ་ཎི་བརྒྱ་སྐོར་ཞིག་བཏོན་ཀྱང༌།།
དམིགས་པ་རྟ་མཛོ་ལ་འཁོར་ནས།།
ཁྱིམ་པའི་བསྟོད་བསྔགས་ལ་ཞེན་ཏེ།།
བདེ་བདེ་འཇམ་འཇམ་ཞིག་བཤད་ཀི།།

ཏིང་འཛིན་དམིགས་པ་ཡི་ཀློང་ན།།
རང་གཅེས་རང་བདག་དེ་མཐོའང༌།།
ཁ་ནས་གཞན་དོན་ཙམ་སྨྲ་ཞོར།།
འཁོར་བའི་རང་མཚང་ཞིག་མཐོང་ཟེར།།

ཨ་རེ་སྒྱུ་མི་ཡི་ལྟད་མོ།།
དད་མཁན་བརྒྱ་ཕྲག་དང་སྟོང་ཕྲག།
བསླུ་བྲིད་ཟློས་གར་གྱི་སྟེགས་བུ།།
ད་རུང་མཛེས་མཛེས་ཤིག་ཡིན་འདུག།

ཆོས་ཀྱི་གཞུང་ལུགས་ལ་བསྟུན་ནས།།
ཁྱོད་ལ་དཔྱད་པ་རེ་བཏང་ན།།
རྣམ་རྟོག་ཁྲི་འབུམ་ཞིག་ལངས་ཀྱང༌།།
ང་ལ་འབྲི་ཁོམ་དེ་མ་བྱུང༌།།

རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུ་མིའི་དབྱུག་པ།

2010-07-21 རོང་བོ་དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།

བསམ་བསམ་འདོད་འདོད་ལ་བསྟུན་ན།།
ལུས་སེམས་བྱ་སྤུ་བཞིན་ཁུར་འགྲོ།།
སེམས་བསྐྱེད་དཔུང་བ་ལ་འཇུས་ན།།
དབེན་པའི་སྒོ་དྲུང་དུ་ཐོན་ཡོང༌།།

ངེས་འབྱུང་རླུང་ཡན་ལ་བསྐུར་ཀྱང༌།།
གཟན་སྣེ་ལྷོད་ལྷོད་ཅིག་བྱས་ཏེ།།
རི་ཁའི་གྲོང་ཆོག་ལ་འདུར་དུས།།
དམ་ཚིག་ཡོད་ཡོད་དུ་སྣང་ཨང༌།།

ཆོས་སྣམ་ཁུག་མ་རུ་སྦས་ཤིང༌།།
ཕྲེང་བ་མགུལ་རྒྱན་དུ་བྱས་ནས།།
ཁེ་ཚོང་བུ་ལོན་ལ་འབད་སྐབས།།
བློ་རིག་གྲུང་བོ་ཞིག་ལྡན་ཡོད།།

ཐུབ་ཆེན་སྟོན་པ་ཡི་རྣམ་ཐར།།
ཡིད་ལ་ཤར་བློ་ཙམ་མེད་ཀྱང༌།།
དད་ལྡན་རྒན་རྒོན་ཚོའི་རེ་བ།།
མིག་ལ་ཤར་ཤར་དུ་མིན་ནམ།།

དཀར་ཐིག་ཞལ་འདེབས་ལ་ཕེབས་ཚེ།།
ཁྲིམས་ལྡན་དགེ་སློང་ཞིག་འདྲ་ཡང༌།།
ཚོང་འདུས་ཁྲོམ་ར་ལ་བསླེབས་དུས།།
སྐྱ་མིན་སེར་མིན་གྱི་བཙུན་པ།།

འདུལ་བའི་ཞལ་ངོ་ཡང་མ་མཐོང༌།།
དབུ་ཕར་གླེགས་བམ་དེ་མ་བཙལ།།
མི་ཚེ་རི་ཁྲོད་ནས་ཟད་ཀྱང༌།།
ཕྱི་མིག་གྲོང་ཁྱིམ་དུ་ལུས་ཡོད།།

སྒོར་མོའི་ཡོང་སྒོ་དེ་བསམ་ན།།
རྒྱབ་ཀྱི་གཟན་ཤམ་དེས་ཅི་བྱེད།།
འཁོར་བའི་ཕུན་ཚོགས་ཤིག་འདོད་ན།།
གྲྭ་རྐྱང་འཚོ་བ་འདིས་ཅི་བྱེད།།

མ་ཎི་བརྒྱ་སྐོར་ཞིག་བཏོན་ཀྱང༌།།
དམིགས་པ་རྟ་མཛོ་ལ་འཁོར་ནས།།
ཁྱིམ་པའི་བསྟོད་བསྔགས་ལ་ཞེན་ཏེ།།
བདེ་བདེ་འཇམ་འཇམ་ཞིག་བཤད་ཀི།།

ཏིང་འཛིན་དམིགས་པ་ཡི་ཀློང་ན།།
རང་གཅེས་རང་བདག་དེ་མཐོའང༌།།
ཁ་ནས་གཞན་དོན་ཙམ་སྨྲ་ཞོར།།
འཁོར་བའི་རང་མཚང་ཞིག་མཐོང་ཟེར།།

ཨ་རེ་སྒྱུ་མི་ཡི་ལྟད་མོ།།
དད་མཁན་བརྒྱ་ཕྲག་དང་སྟོང་ཕྲག།
བསླུ་བྲིད་ཟློས་གར་གྱི་སྟེགས་བུ།།
ད་རུང་མཛེས་མཛེས་ཤིག་ཡིན་འདུག།

ཆོས་ཀྱི་གཞུང་ལུགས་ལ་བསྟུན་ནས།།
ཁྱོད་ལ་དཔྱད་པ་རེ་བཏང་ན།།
རྣམ་རྟོག་ཁྲི་འབུམ་ཞིག་ལངས་ཀྱང༌།།
ང་ལ་འབྲི་ཁོམ་དེ་མ་བྱུང༌།།

རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།