ཇོ་མོ་གླང་མ།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-21

འདབ་དྲུག་ཁ་བའི་ཡང་ཞུན་སྦྲུམ་པའི་རྔམ་ལྡན་གངས་གྱི་རྒྱལ་མོ་ལགས།།
ཟླ་བྲལ་དཔའ་མཛངས་གོ་ཆ་བགོས་པའི་མེས་པོའི་ཐུགས་ཀྱི་དཀྱིལ་འཁོར་དུ།།
ཁྱེད་ནི་ཐུ་བྷོད་སྙིང་སྟོབས་མཚོན་པའི་ཉམས་མེད་ལ་རྒྱའི་རྒྱལ་མཚན་ཏེ།།
ས་གཞིའི་སྒལ་བར་དཔལ་གྱིས་འབར་བའི་མར་མེ་སྟོང་གི་གཟི་མདངས་ཡིན།།
འདས་སོང་ལོ་ཟླའི་མཚར་སྡུག་རུམ་པའི་སྲིད་པའི་གཙུག་གི་གངས་རྒན་ཀྱེ།།
དུས་རླུང་རྩུབ་མོས་འཁུར་ལ་ཉེ་བའི་འཁྱམ་པོ་ང་ཡི་མཐོང་ཡུལ་ན།།
ཁྱེད་ནི་ཆོལ་གསུམ་སྐྱིད་སྡུག་བཀྲ་བའི་དངུལ་གྱི་མེ་ལོང་དྭངས་མོ་དེ།།
བསྐལ་བའི་བར་དུ་འོད་ཀྱིས་འཁྱུག་པའི་རྒྱལ་རབས་གསལ་བའི་ལེའུ་ལགས།།
དབྱངས་གསལ་སོ་བཞིའི་མགུལ་རྒྱན་འཆིང་བའི་ཁ་བ་ཅན་གྱི་བླ་རི་ལགས།།
ཟུངས་ཁྲག་དམར་པོའི་མཆེད་ཁུངས་བརྗེད་པའི་ཕྱི་རབས་པ་ཡི་སྣང་ངོ་ན།།
ཁྱེད་ནི་གནམ་སའི་མཚམས་སུ་བརྩིགས་པའི་མུ་ཏིག་དཀར་པོའི་ཕོ་བྲང་སྟེ།།
རི་མོ་མཁན་གྱིས་རྟོགས་བཟོ་བྱས་པའི་བརྙན་རིས་ཤིག་གི་རྒྱབ་ལྗོངས་སོ།།
སྲིད་པའི་ཕུན་ཚོགས་མཚོ་ལྟར་རྒྱས་པའི་དུས་རབས་འདི་ཡི་འགྱུར་ཁུགས་ཁྲོད།།
མཐོན་མཐིངས་དབྱིངས་ཀྱི་བང་རིམ་བརྟོལ་བའི་གནམ་གྲུ་སྟོང་གི་དུག་ཞགས་དང༌།།
སྒང་དྲུག་གཞུང་དུ་སྦྲུལ་བཞིན་འཁྱུག་པའི་མེ་འཁོར་ནག་པོའི་དུང་སྒྲ་ཡིས།།
ཁྱེད་ཀྱི་བླ་སྲོག་རྨང་ནས་བརླགས་པ་སུ་དང་གང་གིས་ཚོར་མ་བྱུང༌།།
                                                                   2008—5--7

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཇོ་མོ་གླང་མ།

2010-07-21 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

འདབ་དྲུག་ཁ་བའི་ཡང་ཞུན་སྦྲུམ་པའི་རྔམ་ལྡན་གངས་གྱི་རྒྱལ་མོ་ལགས།།
ཟླ་བྲལ་དཔའ་མཛངས་གོ་ཆ་བགོས་པའི་མེས་པོའི་ཐུགས་ཀྱི་དཀྱིལ་འཁོར་དུ།།
ཁྱེད་ནི་ཐུ་བྷོད་སྙིང་སྟོབས་མཚོན་པའི་ཉམས་མེད་ལ་རྒྱའི་རྒྱལ་མཚན་ཏེ།།
ས་གཞིའི་སྒལ་བར་དཔལ་གྱིས་འབར་བའི་མར་མེ་སྟོང་གི་གཟི་མདངས་ཡིན།།
འདས་སོང་ལོ་ཟླའི་མཚར་སྡུག་རུམ་པའི་སྲིད་པའི་གཙུག་གི་གངས་རྒན་ཀྱེ།།
དུས་རླུང་རྩུབ་མོས་འཁུར་ལ་ཉེ་བའི་འཁྱམ་པོ་ང་ཡི་མཐོང་ཡུལ་ན།།
ཁྱེད་ནི་ཆོལ་གསུམ་སྐྱིད་སྡུག་བཀྲ་བའི་དངུལ་གྱི་མེ་ལོང་དྭངས་མོ་དེ།།
བསྐལ་བའི་བར་དུ་འོད་ཀྱིས་འཁྱུག་པའི་རྒྱལ་རབས་གསལ་བའི་ལེའུ་ལགས།།
དབྱངས་གསལ་སོ་བཞིའི་མགུལ་རྒྱན་འཆིང་བའི་ཁ་བ་ཅན་གྱི་བླ་རི་ལགས།།
ཟུངས་ཁྲག་དམར་པོའི་མཆེད་ཁུངས་བརྗེད་པའི་ཕྱི་རབས་པ་ཡི་སྣང་ངོ་ན།།
ཁྱེད་ནི་གནམ་སའི་མཚམས་སུ་བརྩིགས་པའི་མུ་ཏིག་དཀར་པོའི་ཕོ་བྲང་སྟེ།།
རི་མོ་མཁན་གྱིས་རྟོགས་བཟོ་བྱས་པའི་བརྙན་རིས་ཤིག་གི་རྒྱབ་ལྗོངས་སོ།།
སྲིད་པའི་ཕུན་ཚོགས་མཚོ་ལྟར་རྒྱས་པའི་དུས་རབས་འདི་ཡི་འགྱུར་ཁུགས་ཁྲོད།།
མཐོན་མཐིངས་དབྱིངས་ཀྱི་བང་རིམ་བརྟོལ་བའི་གནམ་གྲུ་སྟོང་གི་དུག་ཞགས་དང༌།།
སྒང་དྲུག་གཞུང་དུ་སྦྲུལ་བཞིན་འཁྱུག་པའི་མེ་འཁོར་ནག་པོའི་དུང་སྒྲ་ཡིས།།
ཁྱེད་ཀྱི་བླ་སྲོག་རྨང་ནས་བརླགས་པ་སུ་དང་གང་གིས་ཚོར་མ་བྱུང༌།།
                                                                   2008—5--7

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།