ལྷད་མེད་ཀྱི་སེམས་འཕྲིན།

རྩེ་སྐྱེས་བློ་བཟང་འཇིགས་མེད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-19

ཀ་མ་ལ་ཡི་འཛུམ་ཞལ་མེད་ཀྱང་ལྷག་བསམ་རླབས་ཕྲེང་མཁའ་རུ་ལུད།།
ཁ་འཇམ་ཁོག་བཟང་ཕྱི་ཐག་རིང་བའི་བརྩེ་ལྡན་གྲོགས་མཆོག་སྙིང་ནས་དྲན།།
ག་བུར་ངད་ལྡན་དུང་སེམས་ཕྲ་མོ་བསིལ་འཇམ་རླུང་བུས་ཕྱོགས་སུ་དྲངས།།
ང་རང་མཛའ་མཐུན་ཡུལ་གྱིས་བསྐལ་ཡང་དམར་ཆུང་སྲོག་རྩ་གཅིག་ཏུ་སྦྲེལ།།
ཅ་དག་མཛེས་མའི་གདོང་ལ་སྲེད་ཀྱང་ངེས་འབྱུང་སྡོམ་པའི་རྒྱུད་མ་གཏོང༌།།
ཆ་ལུགས་སྣ་ཚོགས་སྟོན་པ་མང་ཡང་སྟོན་པས་བཅོས་པར་རྒྱབ་མ་ཕྱོགས།།
ཇ་ཆང་ལོངས་སྤྱོད་ཅི་ཙམ་རྒྱས་ཀྱང་ཧེབ་ཀྱི་རྐྱལ་བ་འགངས་མིན་པས།།
ཉ་ཉོག་གཏམ་གྱིས་མི་ཚེ་མ་སྐྱེལ་ཡིག་དྲུག་བགྲང་ལ་བརྟུན་པ་བསྐྱེད།།
ཏ་ཐཱ་ག་དའི་བསྟན་པའི་རྩ་བ་མོ་སྡོམ་སྲུང་བ་ཙམ་གྱིས་མིན།།
ཐ་སྙད་རིག་གཞུང་དགོངས་དོན་རྟོགས་བྱས་ཐོས་བསམ་སྒོམ་པར་རང་རྒྱུད་ཐུལ།།
དལ་འབྱོར་ཆོས་བརྒྱད་ཚང་བའི་རྟེན་བཟང་བག་མེད་ཚུད་ཟོས་བཏང་བ་བླུན།།
ན་རྒ་འཆི་བའི་སྡུག་བསྔལ་མ་བྱུང་བདེ་བའི་སྐབས་སུ་སྡོད་འོས་མིན།།
པ་སངས་ལྟར་དཀར་དགེ་སེམས་ཕྲ་ཡང་བསམ་ནག་དུག་ཆུ་ཁར་མ་རེག།
ཕ་རོལ་མི་ལ་ལ་བློ་གཏད་དཀའ་བས་རང་ཚུགས་ཐུབ་པ་གལ་རེ་ཆེ།།
བ་གླང་བླུན་པོའི་ཚོགས་ལ་སྨྲས་ཀྱང་དོན་མེད་རང་ཉིད་ངལ་བའི་རྒྱུ།།
མ་གྱུར་འགྲོ་བས་གཙུག་ཏུ་བཀུར་ཡང་ང་རྒྱལ་མགོ་བོ་རྡོག་པས་ནོན།།
ཙ་རི་ལ་སོགས་གནས་བསྐོར་འགྲིམས་ནས་གཞུང་མང་མཁྱེན་པར་རློམ་པ་འགས།།
ཚ་གྲང་དཀའ་སྤྱད་གདུང་བ་ཁྱད་བསད་ཛ་ཡའི་གསུང་ལ་སྦྱངས་པའི་མཐར།།
ཛ་སྤྱོད་གླང་ཆེན་སྨྱོན་པའི་ཟློས་གར་འཁྲབ་པས་ཀུན་གྱི་མིག་ལ་སྡང༌།།
ཝ་སྐྱེས་ངན་གཡོ་བསླུ་བྲིད་རྒོད་པས་ནམ་ཡང་དོགས་ཟོན་བྱེད་པར་སྒྲིམས།།
ཞྭ་མདོག་ཙམ་གྱིས་གྲུབ་མཐའ་མ་འཛིན་སེམས་བཟང་བསྟན་པའི་རྩ་བར་བསྔགས།།
ཟང་ཟིང་དོན་ལ་ཇི་ལྟར་འབད་ཀྱང་སྙིང་བོ་དབེན་པའི་ཆུ་ཤིང་བཞིན།།
འ་ཅག་འཁོར་བའི་མཚོ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པད་སྡོང་བཞིན།།
ཡ་རབས་སྤྱོད་པ་རྒྱུན་འཁྱོངས་བྱས་ན་མ་རབས་གྲས་སུ་ཚུད་དོན་མེད།།
རྭ་བཞིན་གྱོང་བའི་རང་སེམས་མ་ཐུལ་གཞན་རྒྱུད་འདུལ་བ་དེ་བས་མིན།།
ལ་ལ་ཁ་བཤད་སྐམ་པོ་ཙམ་ལས་ནང་གི་འབྲས་བུ་མ་སྨིན་པས།།
ཤ་ཚའི་ལྷག་བསམ་གསེར་གྱི་རིན་ཐང་ཏིལ་འབྲུ་ཙམ་ཡང་མེད་པ་འདྲ།།
ས་ཕྱོགས་གར་ཉུལ་གང་དུ་བསྡད་ཀྱང་མཆོག་གསུམ་ལས་འབྲས་སྲུང་བར་རིགས།།
ཧ་ཧ་ཀ་ཕྲེང་བསྟར་ལ་བརྒྱུས་པའི་ལྷད་མེད་སེམས་ཀྱི་རང་མདངས་འདི།།
ཨ་བཙུན་མདོ་མེད་ཞིག་གི་ངག་ལས་ལེགས་བཤད་སྙན་ཚིག་འབྱུང་མིན་ཡང༌།།
ཧ་ཅང་མཛའ་བརྩེའི་ལག་རྡང་སྦྲེལ་ནས་མི་ལོ་ཉི་ཤུ་རིམ་གྱིས་འདས།།
ཨ་རེ་སྙིང་གི་དུངས་པ་འཕྱུར་བས་མི་བརྗེད་དྲན་པའི་རྟེན་དུ་བྲིས།།

རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷད་མེད་ཀྱི་སེམས་འཕྲིན།

2010-07-19 རྩེ་སྐྱེས་བློ་བཟང་འཇིགས་མེད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།