མཛའ་བའི་གཞས་ཤིག་བཏང་ཡོད།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-16

སློབ་གྲོགས་བུ་མོ་ཞིག་ལ་སེམས་པ་ཤོར་ནས།།
སློབ་སྐབས་གཅིག་གི་དུས་ཡུན་འདས་ལ་ཁད་རེད།།
སློབ་དེབ་རེ་རེའི་ཕྱི་ནང་བར་གསུམ་ཀུན་ཏུ།།
ཁོ་མོའི་གཟུགས་ཀྱི་གྲིབ་མ་གློག་བརྙན་འཆར་འཆར།།

འཁྲིག་སྦྱོར་ལོངས་སྤྱོད་ཐོབ་པའི་ཧམ་སེམས་མེད་ལ།།
བུ་མོ་མྱི་ཁར་བསྐུར་བའི་རེ་ངན་བཅངས་མེད།།
ལྷད་མེད་གཏམ་གྱིས་ལག་བརྡ་ཐེངས་ཤིག་བྱས་ནོ།།
སེམས་ཀྱི་ཨ་ལོང་ལྷན་དུ་སྦྲེལ་བའི་ཕྱིར་ཡིན།།

སྟབས་བདེའི་འཕྲིན་ཡིག་ཅིག་གི་ཕག་ཏུ་ཡིབ་སྟེ།།
ཡིད་ཀྱི་འདོད་འདུན་མ་ལུས་དྲང་མོར་བརྗོད་ཡོད།།
བུ་མོར་དགའ་རོགས་མེད་ལ་ཁེར་རྐྱང་ཡིན་ན།།
བདག་གིས་བཏོན་པའི་རེ་བར་མནོ་བསམ་བཞེས་རོགས།།

བརྩེ་དུང་བརྩེ་དུང་ཟེར་བ་འཇའ་ཡི་གཟུགས་རིས།།
དེ་ཉིད་བདག་འཛིན་བྱེད་པའི་ཐབས་མཆོག་མེད་མོད།།
འུ་གཉིས་ཁ་ཞེ་གཅིག་ཏུ་འདྲེས་རྒྱུ་བྱུང་ན།།
གླང་རྫི་ཐག་མོའི་རྣམ་ཐར་ཡུན་གྱིས་འཁྲབ་ཆོག།

ཁ་སང་བསྐུར་བའི་སྙན་ངག་རྐང་གསུམ་མ་དེ།།
ཁྱོད་ལ་ཕུལ་བའི་ཐོག་མའི་དམ་བཅའི་ཚབ་ཡིན།།
དེ་རིང་བསྲིངས་པའི་འཕྲིན་པ་གྱ་མ་གྱུ་འདི།།
བདག་གི་སེམས་དང་བསམ་པའི་ཐོན་རྫས་ཡིན་ནོ།།

མི་རིང་སློབ་གྲྭས་དབྱར་གནང་གཏོང་རྩིས་ཡོད་པས།།
མ་མིན་དགག་སྒྲ་མེད་པའི་ཨ་ལན་ཞིག་ལ།།
བཅོས་མིན་སྙིང་ནས་རེ་བ་ཆེན་པོ་བཞག་ཡོད།།
རེ་འབྲས་ས་ལ་མ་བསྲེ་མ་བཟང་བུ་མོ།།
                                     2009--7—8

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཛའ་བའི་གཞས་ཤིག་བཏང་ཡོད།

2010-07-16 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

སློབ་གྲོགས་བུ་མོ་ཞིག་ལ་སེམས་པ་ཤོར་ནས།།
སློབ་སྐབས་གཅིག་གི་དུས་ཡུན་འདས་ལ་ཁད་རེད།།
སློབ་དེབ་རེ་རེའི་ཕྱི་ནང་བར་གསུམ་ཀུན་ཏུ།།
ཁོ་མོའི་གཟུགས་ཀྱི་གྲིབ་མ་གློག་བརྙན་འཆར་འཆར།།

འཁྲིག་སྦྱོར་ལོངས་སྤྱོད་ཐོབ་པའི་ཧམ་སེམས་མེད་ལ།།
བུ་མོ་མྱི་ཁར་བསྐུར་བའི་རེ་ངན་བཅངས་མེད།།
ལྷད་མེད་གཏམ་གྱིས་ལག་བརྡ་ཐེངས་ཤིག་བྱས་ནོ།།
སེམས་ཀྱི་ཨ་ལོང་ལྷན་དུ་སྦྲེལ་བའི་ཕྱིར་ཡིན།།

སྟབས་བདེའི་འཕྲིན་ཡིག་ཅིག་གི་ཕག་ཏུ་ཡིབ་སྟེ།།
ཡིད་ཀྱི་འདོད་འདུན་མ་ལུས་དྲང་མོར་བརྗོད་ཡོད།།
བུ་མོར་དགའ་རོགས་མེད་ལ་ཁེར་རྐྱང་ཡིན་ན།།
བདག་གིས་བཏོན་པའི་རེ་བར་མནོ་བསམ་བཞེས་རོགས།།

བརྩེ་དུང་བརྩེ་དུང་ཟེར་བ་འཇའ་ཡི་གཟུགས་རིས།།
དེ་ཉིད་བདག་འཛིན་བྱེད་པའི་ཐབས་མཆོག་མེད་མོད།།
འུ་གཉིས་ཁ་ཞེ་གཅིག་ཏུ་འདྲེས་རྒྱུ་བྱུང་ན།།
གླང་རྫི་ཐག་མོའི་རྣམ་ཐར་ཡུན་གྱིས་འཁྲབ་ཆོག།

ཁ་སང་བསྐུར་བའི་སྙན་ངག་རྐང་གསུམ་མ་དེ།།
ཁྱོད་ལ་ཕུལ་བའི་ཐོག་མའི་དམ་བཅའི་ཚབ་ཡིན།།
དེ་རིང་བསྲིངས་པའི་འཕྲིན་པ་གྱ་མ་གྱུ་འདི།།
བདག་གི་སེམས་དང་བསམ་པའི་ཐོན་རྫས་ཡིན་ནོ།།

མི་རིང་སློབ་གྲྭས་དབྱར་གནང་གཏོང་རྩིས་ཡོད་པས།།
མ་མིན་དགག་སྒྲ་མེད་པའི་ཨ་ལན་ཞིག་ལ།།
བཅོས་མིན་སྙིང་ནས་རེ་བ་ཆེན་པོ་བཞག་ཡོད།།
རེ་འབྲས་ས་ལ་མ་བསྲེ་མ་བཟང་བུ་མོ།།
                                     2009--7—8

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།