ཐོར་རྩོམ།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-13

                               ༼བཙུན་ཆུང་ཞིག་ལ།༽
གཟུགས་ཀྱི་ལང་ཚོ་རིམ་བཞིན་སྨིན་ཞིང་འདོད་པའི་ཁྲག་རྩ་ཉིན་བཞིན་རྒྱས།།
མཇལ་དར་འཐེན་པའི་བུ་མོ་ཞིག་ལ་ཡིད་ཀྱི་ཁྱེའུ་འཁོར་ཞིང་འཁོར།།
ཁོ་མོ་རྨིས་པའི་མཚན་མོ་རེ་རེར་ཁྱེད་ཀྱི་སྨད་གཡོག་ཁུ་བས་བརླན།།
གྲྭ་ཤག་གྲུ་བཞིའི་ཕྱི་གནང་གསང་གསུམ་སྟོང་ཞིང་སྟོང་བའི་སྣང་བ་སྐྱེས།།
                               ༼རིགས་རུས་རྩོད་པ།༽
ཆུང་ཆུང་བྱིས་པའི་རྩེད་ར་ནང་ནས་རིགས་རུས་ཟེར་བ་ཀ་ར་ཞིག།
ཐོབ་ན་དགའ་ཞིང་ཤོར་ན་སྐྱོ་བའི་ཀ་ར་དེ་ལ་ཤིན་ཏུ་དུངས།།
ཕོ་ལོ་ཉེར་གཉིས་རྡོག་པས་མནན་དུས་རིགས་རུས་ཞེས་པ་ཟུག་གཟེར་ཞིག།
ཤ་དང་རུས་པའི་ཁོང་གསེང་རེ་ན་ཆུ་ཁོལ་བཞིན་དུ་ལྷོག་ལྷོག་གདུ།།
                               ༼ཆུང་འདྲིས་བྱམས་པ།༽
སེམས་ཀྱི་རྩིག་པའི་མཇིངས་སུ་བསྒོས་པའི་ཁ་དོག་དམར་བའི་ཁྲག་རྩི་ཡིན།།
སྙིང་གི་རུས་པའི་གཏིང་དུ་བརྐོས་པའི་ཚེ་སྲོག་བཏེགས་པའི་ཡིག་ཆུང་ཡིན།།
ཁྲ་ཆུང་མིག་གི་མཐའ་ན་འཁྱིལ་བའི་དྭངས་ལ་བསིལ་བའི་མཆི་མ་ཡིན།།
དྲན་གདུང་མོག་པོའི་དབྱིངས་ན་རྩེན་པའི་འདབ་གཤོག་གཉོམ་པའི་བྱེའུ་ཆུང་ཡིན།།
                               ༼ བྱ་དགའི་རྟགས་མ།༽
བྱ་དགའི་རྟགས་མ་ཉི་ཤུ་རྩ་ལ་ལེགས་པའི་ཐམ་ཀ་བཀོད་ནས་ཡོད།།
དགེ་སློབ་མང་བོའི་བསྔགས་པའི་གཏམ་དུ་བཟང་དང་རྒྱན་གྱི་ཁ་གཡང་སྨིན།།
ཕ་མ་ཉེ་དུས་བསྟོད་པའི་མཐེ་བོང་ཡར་ལ་སྒྲེང་ཞིང་གྱེན་དུ་ཀེར།།
མི་ལོ་བཅུ་ལ་འབད་པའི་ལག་ཡོང་འདི་དག་ཡིན་ན་ཡིད་རེ་སྐྱོ།།
                                ༼ ཆང་ལ་རོལ་བ།༽
བཞེས་ཤིག་བཞེས་ཤིག་ཆང་འདི་བཞེས་དང་ཆང་གིས་བཟི་ན་སྐྱིད་པོ་ཡིན།།
སེམས་ཀྱི་ཤེས་པ་མག་མོག་དག་ཀྱང་སྐར་མའི་འོད་བཞིན་འཚེར་ནས་ཡོང༌།།
ལུས་ཀྱི་ངལ་བ་ལྕི་མོ་དེ་རིགས་རྔུལ་ཆུའི་ཟོལ་གྱིས་འཐོར་ནས་འགྲོ།།
ཆང་གིས་བཟི་ན་བདག་ཀྱང་ཆང་ལྟར་ཧ་ཅང་དྭངས་པའི་ཆུ་ལ་འགྱུར།།
                                   ༼  གཡུ་སྒྲོན། ༽
ཁྱེད་ཀྱི་བྲང་ཆུང་ནུ་མའི་བར་ནས་བདག་གིས་སྐྱིད་ཀྱི་མེ་ཏོག་བཏུས།།
ཁྱེད་ཀྱི་དཔྱི་དང་བརླ་ཡི་འཇམ་ཤས་བདག་ལ་བདེ་དགའི་སྣང་བ་བསྩལ།།
ཁྱེད་ཀྱི་སྐྲ་དང་མིག་གི་འཁྱུག་རིས་བདག་གི་ཤ་སྐྱིའི་སྦུབས་སུ་ཟིམ།།
ཁྱེད་ཀྱི་ཚིག་དང་མནའ་ཡི་རྐང་མར་བདག་གི་རུས་པའི་ལྷུམས་ལ་ཐིམས།།
                                       ༼རང་དབང༌།༽
ཁྱོད་ཀྱིས་འདོད་ཅིང་ང་ལ་མཁོ་བའི་ཨ་སྔོན་ལྟ་བུའི་གོས་ལྭ་དེ།།
ཀོ་མཚོན་མིན་ལ་ཁྲབ་རྨོག་མིན་པའི་རང་དབང་ཞེས་པའི་གཤོག་པ་ཞིག།
ལྕི་ཞིང་ལྕི་ལ་ཡང་ཞིང་ཡང་བའི་རིས་མེད་རླུང་གི་གཉའ་ཤིང་ཞིག།
གློག་ལྟར་འཁྱུག་ཅིང་མེ་ལྟར་མཆེད་པའི་སྤྲིན་པ་དཀར་པོའི་རྒྱུ་སྟངས་ཤིག།
                                                                             2009.8.9

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐོར་རྩོམ།

2010-07-13 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།