ཁྱེད་དང་ང་ཡི་སྙན་ངག

འབྲས་ལྡན་ལྗོན་པས་བསྐོར་བའི་སྤྱི་གླིང་ནང༌།།
སྣང་བ་སྐྱིད་པོས་སྙན་ངག་འབྲི་བའི་ཚེ།།
གློ་བུར་ལྕང་མའི་གསེབ་ནས་མཛེས་མ་ཞིག།
དལ་བུས་ཁོ་བོའི་ཕྱོགས་སུ་ཕེབས་པར་མཐོང༌།།

རེ་ཞིག་སྨྱུ་གུའི་རྟ་ཕོ་རྒྱུགས་མཚམས་ཆད།།
འདྲེན་བྱེད་རི་མོའི་ལད་མོས་བལྟས་པ་ན།།
བདག་གི་ཤོག་བུའི་སྟེང་གི་སྙན་ངག་དང༌།།
མཛེས་མ་ཁྱེད་ནི་འདྲ་པར་བཞིན་དུ་མཚུངས།།

ང་ཡིས་ཀ་མའི་མུ་ཏིག་སུམ་ཅུའི་གྲངས།།
སྡེབ་ལེགས་ཕྲེང་བར་བརྒྱུས་ཏེ་སྙན་ངག་བརྩམས།།
ཁྱེད་ཀྱི་ཚེམས་ཕྲེང་སུམ་ཅུའི་འཛུམ་དཀར་ལ།།
འགྲན་འདོད་པད་མའི་ཁྱེའུ་གེ་སར་གྲོལ།།

ང་ཡིས་ཚིག་འབྲུ་རེ་རེའི་བར་གསེང་ནས།།
དུང་སེམས་ལྷོག་ལྷོག་མཚོན་པའི་སྙན་ངག་བརྩམས།།
ཁྱེད་ཀྱི་གཏམ་སྙན་རེ་རེའི་ཞགས་པའི་མདུན།།
དཔའ་བོ་ངར་མ་རྣམས་ཀྱང་ཐར་བར་དཀའ།།

ང་ཡིས་བཟང་ངན་གཉིས་ཀྱི་བརྗོད་བྱ་ཡིས།།
ཀུན་ལ་བླང་དོར་སྟོན་པའི་སྙན་ངག་བརྩམས།།
ཁྱེད་ཀྱི་འདྲེན་བྱེད་ཟུང་གི་རྫུ་འཕྲུལ་གྱིས།།
བྲེལ་ཅན་འགྲུལ་པའི་གོམས་སྤོ་མཚམས་བཞག།

ང་ཡི་བསྟོད་རྩོམ་ནམ་མཁའི་མེ་ཏོག་གིས།།
འདོད་པ་མ་ཚིམ་དོན་བརྗོད་སྙན་ངག་བརྩམས།།
ཁྱེད་ཀྱིས་ཨ་མས་གནང་བའི་ཞལ་རས་དེར།།
ཐུགས་ཡིད་མ་མགུ་དཀར་དམར་ཚོན་གྱིས་བསྐུས།།

ང་ཡིས་རང་རིགས་གཞན་རིགས་གཉིས་ཀ་ཡིས།།
དགེ་མཚན་ཝ་ལེར་གསལ་བའི་སྙན་ངག་བརྩམས།།
ཁྱེད་ཀྱི་དམར་སྒྲོས་ཞལ་ཟུར་གཡས་གཡོན་ན།།
མ་བཅོས་མཛེས་ཀོང་ཆ་གཅིག་རྣམ་པར་བཀྲ།།

ང་ཡིས་སྤྱི་ཚོགས་འཚོ་བའི་འོ་མའི་རྒྱུན།།
བསྲུབས་པའི་སྙིང་བཅུད་མར་གྱི་སྙན་ངག་བརྩམས།།
ཁྱེད་ཀྱི་སྙན་ཅོག་སྒྲ་སྡུད་འཕྲུལ་འཁོར་གྱིས།།
གསང་གཏམ་གླུ་སྒྲ་མ་ལུས་ཅིག་ཅར་བསྡུས།།

ང་ཡིས་དོན་རྒྱན་སྒྲ་རྒྱན་སྣ་ཚོགས་ཀྱིས།།
ཚིག་སྦྱོར་ཚར་དུ་དངར་བའི་སྙན་ངག་བརྩམས།།
ཁྱེད་ཀྱིས་དར་ཟབ་གོས་དང་རིན་ཆེན་ལྔས།།
མཛེས་སྡུག་འཕར་མ་བསྣན་ཏེ་ཀུན་ལ་ངོམས།།

ང་ཡིས་གྲངས་འདས་མངོན་བརྗོད་སྐར་མའི་ཚོགས།།
སྤྲིན་བྲལ་མཁའ་ལ་ཤར་འདྲའི་སྙན་ངག་བརྩམས།།
ཁྱེད་ཀྱི་གནག་སྣུམ་དབུ་སྐྲ་བྱེ་བ་སྟོང༌།།
ཆུ་ཡི་རླབས་བཞིན་དལ་བུར་འཕྱང་འཕྲུལ་གཡོ།།

ང་ཡིས་རྨད་བྱུང་ཡ་རབས་གུས་ཞབས་ཀྱི།།
སྤྱོད་བཟང་དྲི་བསུང་འཐུལ་བའི་སྙན་ངག་བརྩམས།།
ཁྱོད་ཀྱིས་དྲི་ཞིམ་ཆུང་དང་ག་པུར་གྱིས།།
ཉེ་གནས་སྐྱེ་བོའི་དྲི་འཛིན་མྱོས་པར་བྱས།།

ང་ཡིས་ཝ་སྐྱེས་སེང་ལྤགས་གྱོན་པའི་གཟུགས།།
མེ་ལོང་ནང་ནས་གསལ་བའི་སྙན་ངག་བརྩམས།།
ཁྱེད་ཀྱི་དཀར་ཟླུམ་བུམ་གཟུགས་ནུ་འབུར་གྱིས།།
སྲེད་ལྡན་སྙིང་ལ་ཟུག་རྔུ་དབང་མེད་སྟེར།།

ང་ཡིས་ཐུན་མིན་ལྷན་སྐྱེས་རྩོམ་རྩལ་གྱིས།།
《སྤྲིན་ཕོ་ཉ》འདར་བའི་སྙན་ངག་བརྩམས།།
ཁྱེད་ཀྱི་ཕྲ་ལྡེམ་མཉེན་ལྕུག་ཕྱུག་སོར་གྱིས།།
ལྷ་ཡི་གར་མའི་སྟངས་སྟབས་སྙན་པ་འཕྲོག།

ང་ཡིས་ཚིག་སྦྱོར་སྡོང་པོ་ཕྲ་ན་ཡང༌།།
བརྗོད་བྱའི་འབྲས་བུས་དུད་པའི་སྙན་ངག་བརྩམས།།
ཁྱེད་ཀྱི་སྐེད་སྐབས་ཕྲ་མོའི་གོམ་བཟོ་དེས།།
གྲགས་ཅན་གཟུགས་བྱད་འཁྲབ་སྟོན་ཁེངས་པ་བསྙིལ།།

ང་ཡིས་རིགས་པའི་རོལ་རྩེད་གབ་ཚིག་སྟེ།།
བརྗོད་དོན་ཚིག་གིས་བཏུམས་པའི་སྙན་ངག་བརྩམས།།
ཁྱེད་ཀྱི་བཅོས་མའི་གཏམ་དང་རྣམ་འགྱུར་གྱིས།།
འདོད་སེམས་སྙིང་གི་གསང་བ་ལྐོག་ཏུ་བསྟན།།

ང་ཡིས་གསར་རྙིང་རྩོམ་སྲོལ་གསར་རྙིང་གཉིས།།
ལྷན་ཅིག་རྒྱ་མཚོར་འདྲེས་པའི་སྙན་ངག་བརྩམས།།
ཁྱེད་ཀྱིས་མངོན་ལྐོག་སྙིང་སྡུག་གསར་རྙིང་གཉིས།།
འགྲོ་མཁས་ཞུམ་བུའི་གོམ་པས་བདག་གིར་བཟུང༌།།

ང་ཡིས་གྲོགས་རྣམས་དགའ་བ་འཕེལ་བ་དང༌།།
དགྲ་རྣམས་སྡུག་ངུ་ཤོར་བའི་སྙན་ངག་བརྩམས།།
ཁྱེད་ཀྱིས་ཕོ་བརྒྱ་སེམས་པ་ཤོར་བ་དང༌།།
མོ་བརྒྱ་སྙིང་རླུང་ལངས་པའི་སྒེག་འཁྲུལ་སྟོན།།

ང་ཡིས་སྙན་པའི་ཚིག་གི་ཉམས་འགྱུར་གྱིས།།
གཟིགས་མཁན་ཐུགས་ཡིད་ཚིམས་པའི་སྙན་ངག་བརྩམས།།
ཁྱེད་ཀྱིས་མངོན་འདོད་སྦྲང་རྩིའི་རོ་བཅུད་ཀྱིས།།
རྐང་དྲུག་ཆགས་པའི་མེ་ལྕེ་གཞིལ་བར་བྱས།།

ང་ཡིས་འདོད་ཡོན་ལྔ་ལ་ལོངས་སྤྱོད་ཅིང༌།།
འཆི་མེད་རྣམ་ཤེས་ཡོད་པའི་སྙན་ངག་བརྩམས།།
ཁྱེད་ཀྱིས་དལ་འབྱོར་ཆུད་ཟོས་མ་བཏང་བར།།
ཀུན་སློང་སྟོན་ཟླའི་འོད་ཀྱིས་སྙན་ངག་བརྩམས།།

མདོར་ན་ཁྱེད་དང་ང་ཡི་སྙན་ངག་གཉིས།།
ག་ནས་བལྟས་ཀྱང་ངོ་བོ་གཅིག་ཏུ་གྲུབ།།
ཁྱེད་ནི་ང་ཡི་སྙན་ངག་དངོས་ཡིན་ལ།།
ང་ཡི་སྙན་ངག་ཁྱེད་རང་གསོན་པོ་ཡིན།།

གངས་ཅན་རྒྱན་གཅིག་བསམ་ཡས་གཙུག་ལག་ཁང༌།
གངས་ཅན་ཐུབ་བསྟན་མཛེས་པའི་ཁང་བཟང་གི།
གན་ཇི་ར་དང་གཉིས་སུ་མ་མཆིས་པའི།།
བསམ་ཡས་ཞེས་བྱ་སྙན་པའི་འབྲུག་པོ་ཆེ།།
རིང་ནས་འཇིག་རྟེན་ཐ་གྲུ་ཀུན་ཏུ་ལྡིར།།

འདི་ཀོ་མཁན་སློབ་ཆོས་གསུམ་ཐུགས་མཚོ་ལས།།
འཁྲུངས་པའི་ཟླ་གཞོན་གཟུགས་བརྙན་དངོས་ཡིན་ལ།།
རང་རིགས་མེས་པོའི་བློ་གྲོས་ཤེས་རིག་སོགས།།
མཚོན་པའི་མི་འགྱུར་རྟག་བརྟན་རྡོ་རིང་ཡིན།།

གཟིགས་དང་སོ་སྐྱེའི་བསམ་ལས་ཡས་པ་ཡི།།
བཀོད་ལེགས་གཟི་བྱིན་འབར་བའི་གཙུག་ལག་ཁང༌།།
ཟངས་མདོག་དཔལ་གྱི་རི་བོ་མངོན་སུམ་ལྟར།།
མཇལ་བ་ཙམ་གྱི་དད་པའི་སྤུ་ལོང་གཡོ།།

དེ་ཡང་འོག་ཁང་བོད་ཀྱི་བཟོ་ལུགས་དང༌།།
བར་ཁང་རྒྱ་ནག་སྟེང་ཁང་རྒྱ་དཀར་ལུགས།།
ངོ་མཚར་ཀུན་གྱི་ཁྱད་ཆོས་ལྡན་པ་ནི།།
རིན་ཆེན་མ་ལུས་འདུས་པའི་མཆོད་སྟོང་བཞིན།།

ཕྱི་ལ་རྩིག་པ་མེད་པ་ནམ་མཁའ་འདྲ།།
ནང་ལ་ཀ་བ་མེད་པ་ས་གཞི་བཞིན།།
ཕྱི་གསལ་ནང་གསལ་རིན་ཆེན་ཨིཎྜ་ནིས།།
གྲུབ་པ་བཞིན་དུ་སྐྱེ་བོའི་མིག་ལ་མངར།།

ཡངས་རྩེའི་རྒྱ་ཕིབས་གསེར་སྦྱངས་བཙོ་མ་ལས།།
འོད་ཟེརསྟོང་ཕྲག་ལྷམ་ལྷམ་འཕྲོ་བའི་དུས།།
ནོར་འཛིན་གསེར་མདོག་ཅན་དུ་གྱུར་བ་ནི།།
ནམ་མཁའི་ནོར་བུའི་དཔལ་ལ་འགྲན་པ་བཞིན།།

ཐུག་དང་རྒྱལ་མཚན་བརྗིད་ཆགས་ཡིད་འོང་ཞིང༌།།
རྒྱ་ཕིབས་ཕྱོགས་བཞིར་གཏུམ་དྲག་ཆུ་སྲིན་མགོ།
གཡེར་དྲིལ་སྙན་པའི་སྒྲ་དབྱངས་འཁྲོལ་བ་ནི།།
དད་ལྡན་ཆོས་ལ་སྐུལ་བའི་དུང་བརྡ་བཞིན།།

རྟེན་གཙོ་ཇོ་བོ་རྡོ་སྐུ་རང་བྱོན་དང༌།།
རྣམ་པར་སྣང་མཛད་སློབ་དཔོན་པདྨ་སོགས།།
ལན་གཅིག་མཇལ་བས་ཐར་པའི་ལམ་སྣེ་འདྲེན།།
འགྲོ་བའི་བསོད་ནམས་ཞིང་དུ་ལྷམ་མེར་བཞུགས།།

བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོ་དག།
རི་མོར་བཀོད་པའི་བཀའ་བསྟན་གླེགས་བམ་གྱི།།
ཆོས་ཁྲིའི་བ་གམ་མཐོ་པོར་ལྟ་བའི་དུས།།
མགོ་བོའི་ཞྭ་ཡང་དབང་མེད་ས་ལ་ལྷུང༌།།

མཁས་པའི་སོར་རྩེ་ལས་འཁྲུངས་ཐུན་མིན་གྱི།།
ལྡེབས་བྲིས་ངོས་སུ་དཔག་བསམ་འཁྲི་ཤིང་དང༌།།
མཁན་སློབ་ཆོས་གསུམ་མཛད་རྗེས་རྣམ་ཐར་སོགས།།
བརྙན་པར་བཞིན་དུ་འདྲེན་བྱེད་ཡུལ་དུ་གཤམས།།

སྦུག་ཆལ་དུང་ཆེན་རྡོར་དྲིལ་མཆོད་རྔ་དང༌།།
དུང་དཀར་གཡས་འཁྱིལ་གསེར་གྱི་གཤོག་པ་ཅན།།
རྐང་གླིང་རྒྱ་གླིང་སིལ་སྙན་ཏིང་ཤགས་སོགས།།
འཛད་མེད་མཆོད་པའི་ཡོ་ཆས་དཀོར་མཛོད་བཞིན།།

ཚངས་པའི་ཐིག་ལ་འཁུ་བའི་ཀ་གདུང་ངོས།།
སྒྱུ་རྩལ་མཁས་པའི་བརྐོས་རིས་གནའ་ཉམས་ཅན།།
དྲ་བ་དྲ་ཕྱེད་ནོར་བུ་མེ་འབར་སོགས།།
ཐུན་མིན་བོད་ཚོན་རི་མོའི་ཁྱད་ཆོས་ངོམས།།

ཁོར་ཡུག་གླིང་བཞི་གླིང་ཕྲན་བརྒྱད་ལ་སོགས།།
ལྷ་ཁང་བརྒྱ་དང་བརྒྱད་ཀྱིས་བརྒྱན་པ་ནི།།
དྭངས་པའི་མཁའ་ལ་ཉ་རྒྱས་རི་བོང་འཛིན།།
རྒྱུ་སྐར་ཕྲེང་བས་ཡོངས་སུ་བསྐོར་བ་བཞིན།།

ཤར་སྒོ་འཇམ་དཔལགླིང་དེ་དུང་ལས་དཀར།།
ལྷོ་སྒོ་རྟ་མགྲིན་གླིང་དེ་གསེར་གྱི་མདོག།
ནུབ་སྒོ་བྱམས་པ་གླིང་དེ་བྱུ་རུའི་མདངས།།
བྱང་སྒོ་སེམས་བསྐྱེད་གླིང་དེ་གཡུ་ལྟར་སྔོ།།

འཁོར་ས་ཕྱི་ནང་གཉིས་ཀྱིས་སྐོར་ལམ་དེས།
ལྕགས་རི་རིང་པོའི་རྗེས་སུ་རྐང་བ་འཇོག།
གྱང་སྟེང་མཆོད་རྟེན་ཆུང་ངུའི་རུ་སྟར་ནི།།
དམག་དཔོན་མེལ་ཚེ་བྱེད་དང་ཡང་དག་མཚུངས།།

ཤར་གྱི་ཕྱོགས་སུ་ངམ་ཤོད་བྱེ་མའི་ཐང༌།།
ངམ་ཤོད་བྱེ་མ་མཎྜ་ཕུལ་བ་འདྲ།།
ལྷོ་ཡི་ཕྱོགས་སུ་ཡར་ཀླུང་གཙང་པོའི་ཆབ།།
ཡར་ཀླུང་གཙང་པོ་ཡོན་ཆབ་ཕུལ་བའི་ཚུལ།།

ནུབ་ཀྱི་ཕྱོགས་སུ་དབྱིབས་ལེགས་དགེ་རྒྱས་རི།།
དགེ་རྒྱས་རི་བོ་རིན་ཆེན་སྤུངས་པ་འདྲ།།
བྱང་ཤར་ཕྱོགས་སུ་མཆིམས་ཕུ་ནགས་ཀྱི་རི།
མཆིམས་ཕུའི་གནས་རི་པདྨའི་ཞལ་ཁ་འདྲ།།

ཧས་པོ་རི་དེ་གླང་ཆེན་ཉལ་བ་བཞིན།།
དགྲ་ལྷ་ལྷ་ཁང་གསེར་གྱི་ཏོག་དང་མཚུངས།།
རི་རྩེའི་བསངས་ཀྱི་དུ་བའི་ཞགས་པ་དེས།།
རེ་ཞིག་གནམ་ས་གཉིས་པོ་གཅིག་ཏུ་སྦྲེལ།།

ཁྱད་པར་བསམ་ཡས་མདོ་སྡེ་ཚེས་བཅུ་ཞེས།།
གར་འཆམ་ཉམས་དགུའི་སྒྱུ་རྩལ་ཡོངས་རྫོགས་པ།།
དབྱངས་བདུན་ཆོས་ཀྱི་རོལ་མོས་མདུན་བསུས་ཏེ།།
ཀུན་གྱི་འདྲེན་བྱེད་དགྱེས་པའི་གར་དུ་ཕིབས།།

དེ་ན་དབུས་གཙང་མདོ་སྨད་ལྟ་ཅི་སྨྲོས།།
ཁྱིམ་མཚེས་རྒྱ་བལ་འབྲས་ལྗོངས་འབྲུག་པ་སོགས།།
ཀུན་ནས་སྐྱེ་བོ་ཆད་མེད་ལྷགས་པ་ན།།
རེ་ཞིག་ནོར་འཛིན་དཔལ་མོའང་དོག་དར་བྱས།།

གྱད་མི་བརྒྱ་ཡིས་ཐེགས་དཀའི་ཅོང་ཆེན་པོ།།
ཁྲི་སྲོང་དུས་ནས་ལུགས་སུ་བྱས་པ་དེས།།
སྔར་ནས་རང་རིགས་མེས་པོའི་བཟོ་བོའི་རྩལ།།
རྗེས་ལུས་མིན་པའི་བདེན་དཔང་ར་སྤྲོད་བྱས།།

རྡོ་རིང་ངོས་སུ་བྲག་དམར་ཕོ་བྲང་འདི།།
རྒྱལ་བསྟན་རྒྱས་ཤིང་བོད་ཁམས་བདེ་སྐྱིད་ཆེད།།
བསྐྲུན་པས་ཕྱིས་སུ་མི་ཉམས་དར་རྒྱས་སུ།།
གཏོང་གནང་མཛོད་ཅེས་ཞལ་ཆེམས་རི་མོར་བཀོད།།

དེ་ལྟའི་གངས་ཅན་རྒྱན་གཅིག་བསམ་ཡས་ལྷ་ཁང་འདིར།།
བར་སྐབས་རིག་གསར་དུས་ངན་ཟང་ཟིང་ནང༌།།
ཧ་ལས་དགོས་པའི་གནོད་འཚེ་ཕོག་པ་ལ།།
ཡིད་ཕངས་མིག་ཆུ་མི་འཛག་སྐྱེ་བོ་སུ།།

རྩེ་མོའི་རྒྱ་ཕིབས་དབུ་ཞྭ་བཞིན་དུ་ཕུད།།
སྐེད་པའི་ཕོ་བྲང་སྐུ་རགས་དཀྲོལ་བ་བཞིན།།
རྩ་བར་གནས་པའི་རྟེན་གྱི་གཙོ་བོ་སྟེ།།
སྟོན་པའི་དབུ་ཡང་བཀོག་ནས་རྐུབ་བཀྱག་བྱས།།

འོན་ཏེ་རིང་མིན་གྲོས་ཚོགས་གསུམ་པ་ཡི།།
དགོངས་དོན་འཐབ་ཇུས་སྤྲེལ་རྒྱལ་ཝུ་ཁུང་གིས།།
གཡོན་ཐལ་རུས་དཀར་བདུད་མོ་གཏོར་མ་ཐག།
ཆོས་ལུགས་ཐང་སན་བླ་མའི་འདོད་དོན་འགྲུབ།།

གོང་གི་ཐུགས་ཁུར་བླ་ན་མེད་པ་དང༌།།
ཕངས་མེད་ཉམས་གསོའི་མཐུན་རྐྱེན་སྦྱར་བའི་འོག།
གནའ་བོའི་མཛེས་རྩལ་བཟོ་སྐུན་ཚོགས་པ་ཡི།།
རིག་པའི་རྩལ་གྱིས་ཉམས་པ་སྔར་བཞིན་གསོས།།

ངུར་སྨྲིག་མདངས་འཛིན་གྲྭ་བཙུན་ཀུན་དང་ཀུན།།
ལྷན་ཅིག་ཆོས་ཀྱི་དོ་རར་རྩེན་པ་དང༌།།
མཚན་ཉིད་རྩོད་དང་ཆོས་ལུགས་ཆོ་ག་སོགས།།
ད་ཀོ་བསམ་ཡས་ཆོས་གྲྭ་ཉམས་རེ་དགའ།།

གསོན་དང་རྒན་རྒོན་ལྷག་བསམ་དད་ཅན་རྣམས།།
མཆོད་མཇལ་ཞུ་ན་བསམ་ཡས་གཞུང་ལ་ཕེབས།།
ཡང་གཅིག་གསོན་དང་བློ་གསར་ཕོ་མོ་རྣམས།།
གླིང་ཁ་གཏོང་ན་བསམ་ཡས་གཞུང་ལ་ཕེབས།།

དེ་སྐད་བྲག་དམར་བསམ་ཡས་གྲྭ་ཆེད།།
ཆ་ཤས་ཙམ་ཞིག་རི་མོར་བཀོད་པ་ལས།།
ངོ་མཚར་སྣོད་བཅུད་བཀོད་པའི་དགེ་མཚན་ཀུན།།
ཚངས་པའི་ལྕེ་བརྒྱར་སྤྲུལ་ཡང་བརྗོད་པར་དཀའ།།

རྩོམ་ཁུངས། ཡར་ཀླུང་གླུ་གསར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་དང་ང་ཡི་སྙན་ངག

2010-07-12 མཁས་གྲུབ། ཀློག་གྲངས། མཆན ཡོད།

འབྲས་ལྡན་ལྗོན་པས་བསྐོར་བའི་སྤྱི་གླིང་ནང༌།།
སྣང་བ་སྐྱིད་པོས་སྙན་ངག་འབྲི་བའི་ཚེ།།
གློ་བུར་ལྕང་མའི་གསེབ་ནས་མཛེས་མ་ཞིག།
དལ་བུས་ཁོ་བོའི་ཕྱོགས་སུ་ཕེབས་པར་མཐོང༌།།

རེ་ཞིག་སྨྱུ་གུའི་རྟ་ཕོ་རྒྱུགས་མཚམས་ཆད།།
འདྲེན་བྱེད་རི་མོའི་ལད་མོས་བལྟས་པ་ན།།
བདག་གི་ཤོག་བུའི་སྟེང་གི་སྙན་ངག་དང༌།།
མཛེས་མ་ཁྱེད་ནི་འདྲ་པར་བཞིན་དུ་མཚུངས།།

ང་ཡིས་ཀ་མའི་མུ་ཏིག་སུམ་ཅུའི་གྲངས།།
སྡེབ་ལེགས་ཕྲེང་བར་བརྒྱུས་ཏེ་སྙན་ངག་བརྩམས།།
ཁྱེད་ཀྱི་ཚེམས་ཕྲེང་སུམ་ཅུའི་འཛུམ་དཀར་ལ།།
འགྲན་འདོད་པད་མའི་ཁྱེའུ་གེ་སར་གྲོལ།།

ང་ཡིས་ཚིག་འབྲུ་རེ་རེའི་བར་གསེང་ནས།།
དུང་སེམས་ལྷོག་ལྷོག་མཚོན་པའི་སྙན་ངག་བརྩམས།།
ཁྱེད་ཀྱི་གཏམ་སྙན་རེ་རེའི་ཞགས་པའི་མདུན།།
དཔའ་བོ་ངར་མ་རྣམས་ཀྱང་ཐར་བར་དཀའ།།

ང་ཡིས་བཟང་ངན་གཉིས་ཀྱི་བརྗོད་བྱ་ཡིས།།
ཀུན་ལ་བླང་དོར་སྟོན་པའི་སྙན་ངག་བརྩམས།།
ཁྱེད་ཀྱི་འདྲེན་བྱེད་ཟུང་གི་རྫུ་འཕྲུལ་གྱིས།།
བྲེལ་ཅན་འགྲུལ་པའི་གོམས་སྤོ་མཚམས་བཞག།

ང་ཡི་བསྟོད་རྩོམ་ནམ་མཁའི་མེ་ཏོག་གིས།།
འདོད་པ་མ་ཚིམ་དོན་བརྗོད་སྙན་ངག་བརྩམས།།
ཁྱེད་ཀྱིས་ཨ་མས་གནང་བའི་ཞལ་རས་དེར།།
ཐུགས་ཡིད་མ་མགུ་དཀར་དམར་ཚོན་གྱིས་བསྐུས།།

ང་ཡིས་རང་རིགས་གཞན་རིགས་གཉིས་ཀ་ཡིས།།
དགེ་མཚན་ཝ་ལེར་གསལ་བའི་སྙན་ངག་བརྩམས།།
ཁྱེད་ཀྱི་དམར་སྒྲོས་ཞལ་ཟུར་གཡས་གཡོན་ན།།
མ་བཅོས་མཛེས་ཀོང་ཆ་གཅིག་རྣམ་པར་བཀྲ།།

ང་ཡིས་སྤྱི་ཚོགས་འཚོ་བའི་འོ་མའི་རྒྱུན།།
བསྲུབས་པའི་སྙིང་བཅུད་མར་གྱི་སྙན་ངག་བརྩམས།།
ཁྱེད་ཀྱི་སྙན་ཅོག་སྒྲ་སྡུད་འཕྲུལ་འཁོར་གྱིས།།
གསང་གཏམ་གླུ་སྒྲ་མ་ལུས་ཅིག་ཅར་བསྡུས།།

ང་ཡིས་དོན་རྒྱན་སྒྲ་རྒྱན་སྣ་ཚོགས་ཀྱིས།།
ཚིག་སྦྱོར་ཚར་དུ་དངར་བའི་སྙན་ངག་བརྩམས།།
ཁྱེད་ཀྱིས་དར་ཟབ་གོས་དང་རིན་ཆེན་ལྔས།།
མཛེས་སྡུག་འཕར་མ་བསྣན་ཏེ་ཀུན་ལ་ངོམས།།

ང་ཡིས་གྲངས་འདས་མངོན་བརྗོད་སྐར་མའི་ཚོགས།།
སྤྲིན་བྲལ་མཁའ་ལ་ཤར་འདྲའི་སྙན་ངག་བརྩམས།།
ཁྱེད་ཀྱི་གནག་སྣུམ་དབུ་སྐྲ་བྱེ་བ་སྟོང༌།།
ཆུ་ཡི་རླབས་བཞིན་དལ་བུར་འཕྱང་འཕྲུལ་གཡོ།།

ང་ཡིས་རྨད་བྱུང་ཡ་རབས་གུས་ཞབས་ཀྱི།།
སྤྱོད་བཟང་དྲི་བསུང་འཐུལ་བའི་སྙན་ངག་བརྩམས།།
ཁྱོད་ཀྱིས་དྲི་ཞིམ་ཆུང་དང་ག་པུར་གྱིས།།
ཉེ་གནས་སྐྱེ་བོའི་དྲི་འཛིན་མྱོས་པར་བྱས།།

ང་ཡིས་ཝ་སྐྱེས་སེང་ལྤགས་གྱོན་པའི་གཟུགས།།
མེ་ལོང་ནང་ནས་གསལ་བའི་སྙན་ངག་བརྩམས།།
ཁྱེད་ཀྱི་དཀར་ཟླུམ་བུམ་གཟུགས་ནུ་འབུར་གྱིས།།
སྲེད་ལྡན་སྙིང་ལ་ཟུག་རྔུ་དབང་མེད་སྟེར།།

ང་ཡིས་ཐུན་མིན་ལྷན་སྐྱེས་རྩོམ་རྩལ་གྱིས།།
《སྤྲིན་ཕོ་ཉ》འདར་བའི་སྙན་ངག་བརྩམས།།
ཁྱེད་ཀྱི་ཕྲ་ལྡེམ་མཉེན་ལྕུག་ཕྱུག་སོར་གྱིས།།
ལྷ་ཡི་གར་མའི་སྟངས་སྟབས་སྙན་པ་འཕྲོག།

ང་ཡིས་ཚིག་སྦྱོར་སྡོང་པོ་ཕྲ་ན་ཡང༌།།
བརྗོད་བྱའི་འབྲས་བུས་དུད་པའི་སྙན་ངག་བརྩམས།།
ཁྱེད་ཀྱི་སྐེད་སྐབས་ཕྲ་མོའི་གོམ་བཟོ་དེས།།
གྲགས་ཅན་གཟུགས་བྱད་འཁྲབ་སྟོན་ཁེངས་པ་བསྙིལ།།

ང་ཡིས་རིགས་པའི་རོལ་རྩེད་གབ་ཚིག་སྟེ།།
བརྗོད་དོན་ཚིག་གིས་བཏུམས་པའི་སྙན་ངག་བརྩམས།།
ཁྱེད་ཀྱི་བཅོས་མའི་གཏམ་དང་རྣམ་འགྱུར་གྱིས།།
འདོད་སེམས་སྙིང་གི་གསང་བ་ལྐོག་ཏུ་བསྟན།།

ང་ཡིས་གསར་རྙིང་རྩོམ་སྲོལ་གསར་རྙིང་གཉིས།།
ལྷན་ཅིག་རྒྱ་མཚོར་འདྲེས་པའི་སྙན་ངག་བརྩམས།།
ཁྱེད་ཀྱིས་མངོན་ལྐོག་སྙིང་སྡུག་གསར་རྙིང་གཉིས།།
འགྲོ་མཁས་ཞུམ་བུའི་གོམ་པས་བདག་གིར་བཟུང༌།།

ང་ཡིས་གྲོགས་རྣམས་དགའ་བ་འཕེལ་བ་དང༌།།
དགྲ་རྣམས་སྡུག་ངུ་ཤོར་བའི་སྙན་ངག་བརྩམས།།
ཁྱེད་ཀྱིས་ཕོ་བརྒྱ་སེམས་པ་ཤོར་བ་དང༌།།
མོ་བརྒྱ་སྙིང་རླུང་ལངས་པའི་སྒེག་འཁྲུལ་སྟོན།།

ང་ཡིས་སྙན་པའི་ཚིག་གི་ཉམས་འགྱུར་གྱིས།།
གཟིགས་མཁན་ཐུགས་ཡིད་ཚིམས་པའི་སྙན་ངག་བརྩམས།།
ཁྱེད་ཀྱིས་མངོན་འདོད་སྦྲང་རྩིའི་རོ་བཅུད་ཀྱིས།།
རྐང་དྲུག་ཆགས་པའི་མེ་ལྕེ་གཞིལ་བར་བྱས།།

ང་ཡིས་འདོད་ཡོན་ལྔ་ལ་ལོངས་སྤྱོད་ཅིང༌།།
འཆི་མེད་རྣམ་ཤེས་ཡོད་པའི་སྙན་ངག་བརྩམས།།
ཁྱེད་ཀྱིས་དལ་འབྱོར་ཆུད་ཟོས་མ་བཏང་བར།།
ཀུན་སློང་སྟོན་ཟླའི་འོད་ཀྱིས་སྙན་ངག་བརྩམས།།

མདོར་ན་ཁྱེད་དང་ང་ཡི་སྙན་ངག་གཉིས།།
ག་ནས་བལྟས་ཀྱང་ངོ་བོ་གཅིག་ཏུ་གྲུབ།།
ཁྱེད་ནི་ང་ཡི་སྙན་ངག་དངོས་ཡིན་ལ།།
ང་ཡི་སྙན་ངག་ཁྱེད་རང་གསོན་པོ་ཡིན།།

གངས་ཅན་རྒྱན་གཅིག་བསམ་ཡས་གཙུག་ལག་ཁང༌།
གངས་ཅན་ཐུབ་བསྟན་མཛེས་པའི་ཁང་བཟང་གི།
གན་ཇི་ར་དང་གཉིས་སུ་མ་མཆིས་པའི།།
བསམ་ཡས་ཞེས་བྱ་སྙན་པའི་འབྲུག་པོ་ཆེ།།
རིང་ནས་འཇིག་རྟེན་ཐ་གྲུ་ཀུན་ཏུ་ལྡིར།།

འདི་ཀོ་མཁན་སློབ་ཆོས་གསུམ་ཐུགས་མཚོ་ལས།།
འཁྲུངས་པའི་ཟླ་གཞོན་གཟུགས་བརྙན་དངོས་ཡིན་ལ།།
རང་རིགས་མེས་པོའི་བློ་གྲོས་ཤེས་རིག་སོགས།།
མཚོན་པའི་མི་འགྱུར་རྟག་བརྟན་རྡོ་རིང་ཡིན།།

གཟིགས་དང་སོ་སྐྱེའི་བསམ་ལས་ཡས་པ་ཡི།།
བཀོད་ལེགས་གཟི་བྱིན་འབར་བའི་གཙུག་ལག་ཁང༌།།
ཟངས་མདོག་དཔལ་གྱི་རི་བོ་མངོན་སུམ་ལྟར།།
མཇལ་བ་ཙམ་གྱི་དད་པའི་སྤུ་ལོང་གཡོ།།

དེ་ཡང་འོག་ཁང་བོད་ཀྱི་བཟོ་ལུགས་དང༌།།
བར་ཁང་རྒྱ་ནག་སྟེང་ཁང་རྒྱ་དཀར་ལུགས།།
ངོ་མཚར་ཀུན་གྱི་ཁྱད་ཆོས་ལྡན་པ་ནི།།
རིན་ཆེན་མ་ལུས་འདུས་པའི་མཆོད་སྟོང་བཞིན།།

ཕྱི་ལ་རྩིག་པ་མེད་པ་ནམ་མཁའ་འདྲ།།
ནང་ལ་ཀ་བ་མེད་པ་ས་གཞི་བཞིན།།
ཕྱི་གསལ་ནང་གསལ་རིན་ཆེན་ཨིཎྜ་ནིས།།
གྲུབ་པ་བཞིན་དུ་སྐྱེ་བོའི་མིག་ལ་མངར།།

ཡངས་རྩེའི་རྒྱ་ཕིབས་གསེར་སྦྱངས་བཙོ་མ་ལས།།
འོད་ཟེརསྟོང་ཕྲག་ལྷམ་ལྷམ་འཕྲོ་བའི་དུས།།
ནོར་འཛིན་གསེར་མདོག་ཅན་དུ་གྱུར་བ་ནི།།
ནམ་མཁའི་ནོར་བུའི་དཔལ་ལ་འགྲན་པ་བཞིན།།

ཐུག་དང་རྒྱལ་མཚན་བརྗིད་ཆགས་ཡིད་འོང་ཞིང༌།།
རྒྱ་ཕིབས་ཕྱོགས་བཞིར་གཏུམ་དྲག་ཆུ་སྲིན་མགོ།
གཡེར་དྲིལ་སྙན་པའི་སྒྲ་དབྱངས་འཁྲོལ་བ་ནི།།
དད་ལྡན་ཆོས་ལ་སྐུལ་བའི་དུང་བརྡ་བཞིན།།

རྟེན་གཙོ་ཇོ་བོ་རྡོ་སྐུ་རང་བྱོན་དང༌།།
རྣམ་པར་སྣང་མཛད་སློབ་དཔོན་པདྨ་སོགས།།
ལན་གཅིག་མཇལ་བས་ཐར་པའི་ལམ་སྣེ་འདྲེན།།
འགྲོ་བའི་བསོད་ནམས་ཞིང་དུ་ལྷམ་མེར་བཞུགས།།

བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོ་དག།
རི་མོར་བཀོད་པའི་བཀའ་བསྟན་གླེགས་བམ་གྱི།།
ཆོས་ཁྲིའི་བ་གམ་མཐོ་པོར་ལྟ་བའི་དུས།།
མགོ་བོའི་ཞྭ་ཡང་དབང་མེད་ས་ལ་ལྷུང༌།།

མཁས་པའི་སོར་རྩེ་ལས་འཁྲུངས་ཐུན་མིན་གྱི།།
ལྡེབས་བྲིས་ངོས་སུ་དཔག་བསམ་འཁྲི་ཤིང་དང༌།།
མཁན་སློབ་ཆོས་གསུམ་མཛད་རྗེས་རྣམ་ཐར་སོགས།།
བརྙན་པར་བཞིན་དུ་འདྲེན་བྱེད་ཡུལ་དུ་གཤམས།།

སྦུག་ཆལ་དུང་ཆེན་རྡོར་དྲིལ་མཆོད་རྔ་དང༌།།
དུང་དཀར་གཡས་འཁྱིལ་གསེར་གྱི་གཤོག་པ་ཅན།།
རྐང་གླིང་རྒྱ་གླིང་སིལ་སྙན་ཏིང་ཤགས་སོགས།།
འཛད་མེད་མཆོད་པའི་ཡོ་ཆས་དཀོར་མཛོད་བཞིན།།

ཚངས་པའི་ཐིག་ལ་འཁུ་བའི་ཀ་གདུང་ངོས།།
སྒྱུ་རྩལ་མཁས་པའི་བརྐོས་རིས་གནའ་ཉམས་ཅན།།
དྲ་བ་དྲ་ཕྱེད་ནོར་བུ་མེ་འབར་སོགས།།
ཐུན་མིན་བོད་ཚོན་རི་མོའི་ཁྱད་ཆོས་ངོམས།།

ཁོར་ཡུག་གླིང་བཞི་གླིང་ཕྲན་བརྒྱད་ལ་སོགས།།
ལྷ་ཁང་བརྒྱ་དང་བརྒྱད་ཀྱིས་བརྒྱན་པ་ནི།།
དྭངས་པའི་མཁའ་ལ་ཉ་རྒྱས་རི་བོང་འཛིན།།
རྒྱུ་སྐར་ཕྲེང་བས་ཡོངས་སུ་བསྐོར་བ་བཞིན།།

ཤར་སྒོ་འཇམ་དཔལགླིང་དེ་དུང་ལས་དཀར།།
ལྷོ་སྒོ་རྟ་མགྲིན་གླིང་དེ་གསེར་གྱི་མདོག།
ནུབ་སྒོ་བྱམས་པ་གླིང་དེ་བྱུ་རུའི་མདངས།།
བྱང་སྒོ་སེམས་བསྐྱེད་གླིང་དེ་གཡུ་ལྟར་སྔོ།།

འཁོར་ས་ཕྱི་ནང་གཉིས་ཀྱིས་སྐོར་ལམ་དེས།
ལྕགས་རི་རིང་པོའི་རྗེས་སུ་རྐང་བ་འཇོག།
གྱང་སྟེང་མཆོད་རྟེན་ཆུང་ངུའི་རུ་སྟར་ནི།།
དམག་དཔོན་མེལ་ཚེ་བྱེད་དང་ཡང་དག་མཚུངས།།

ཤར་གྱི་ཕྱོགས་སུ་ངམ་ཤོད་བྱེ་མའི་ཐང༌།།
ངམ་ཤོད་བྱེ་མ་མཎྜ་ཕུལ་བ་འདྲ།།
ལྷོ་ཡི་ཕྱོགས་སུ་ཡར་ཀླུང་གཙང་པོའི་ཆབ།།
ཡར་ཀླུང་གཙང་པོ་ཡོན་ཆབ་ཕུལ་བའི་ཚུལ།།

ནུབ་ཀྱི་ཕྱོགས་སུ་དབྱིབས་ལེགས་དགེ་རྒྱས་རི།།
དགེ་རྒྱས་རི་བོ་རིན་ཆེན་སྤུངས་པ་འདྲ།།
བྱང་ཤར་ཕྱོགས་སུ་མཆིམས་ཕུ་ནགས་ཀྱི་རི།
མཆིམས་ཕུའི་གནས་རི་པདྨའི་ཞལ་ཁ་འདྲ།།

ཧས་པོ་རི་དེ་གླང་ཆེན་ཉལ་བ་བཞིན།།
དགྲ་ལྷ་ལྷ་ཁང་གསེར་གྱི་ཏོག་དང་མཚུངས།།
རི་རྩེའི་བསངས་ཀྱི་དུ་བའི་ཞགས་པ་དེས།།
རེ་ཞིག་གནམ་ས་གཉིས་པོ་གཅིག་ཏུ་སྦྲེལ།།

ཁྱད་པར་བསམ་ཡས་མདོ་སྡེ་ཚེས་བཅུ་ཞེས།།
གར་འཆམ་ཉམས་དགུའི་སྒྱུ་རྩལ་ཡོངས་རྫོགས་པ།།
དབྱངས་བདུན་ཆོས་ཀྱི་རོལ་མོས་མདུན་བསུས་ཏེ།།
ཀུན་གྱི་འདྲེན་བྱེད་དགྱེས་པའི་གར་དུ་ཕིབས།།

དེ་ན་དབུས་གཙང་མདོ་སྨད་ལྟ་ཅི་སྨྲོས།།
ཁྱིམ་མཚེས་རྒྱ་བལ་འབྲས་ལྗོངས་འབྲུག་པ་སོགས།།
ཀུན་ནས་སྐྱེ་བོ་ཆད་མེད་ལྷགས་པ་ན།།
རེ་ཞིག་ནོར་འཛིན་དཔལ་མོའང་དོག་དར་བྱས།།

གྱད་མི་བརྒྱ་ཡིས་ཐེགས་དཀའི་ཅོང་ཆེན་པོ།།
ཁྲི་སྲོང་དུས་ནས་ལུགས་སུ་བྱས་པ་དེས།།
སྔར་ནས་རང་རིགས་མེས་པོའི་བཟོ་བོའི་རྩལ།།
རྗེས་ལུས་མིན་པའི་བདེན་དཔང་ར་སྤྲོད་བྱས།།

རྡོ་རིང་ངོས་སུ་བྲག་དམར་ཕོ་བྲང་འདི།།
རྒྱལ་བསྟན་རྒྱས་ཤིང་བོད་ཁམས་བདེ་སྐྱིད་ཆེད།།
བསྐྲུན་པས་ཕྱིས་སུ་མི་ཉམས་དར་རྒྱས་སུ།།
གཏོང་གནང་མཛོད་ཅེས་ཞལ་ཆེམས་རི་མོར་བཀོད།།

དེ་ལྟའི་གངས་ཅན་རྒྱན་གཅིག་བསམ་ཡས་ལྷ་ཁང་འདིར།།
བར་སྐབས་རིག་གསར་དུས་ངན་ཟང་ཟིང་ནང༌།།
ཧ་ལས་དགོས་པའི་གནོད་འཚེ་ཕོག་པ་ལ།།
ཡིད་ཕངས་མིག་ཆུ་མི་འཛག་སྐྱེ་བོ་སུ།།

རྩེ་མོའི་རྒྱ་ཕིབས་དབུ་ཞྭ་བཞིན་དུ་ཕུད།།
སྐེད་པའི་ཕོ་བྲང་སྐུ་རགས་དཀྲོལ་བ་བཞིན།།
རྩ་བར་གནས་པའི་རྟེན་གྱི་གཙོ་བོ་སྟེ།།
སྟོན་པའི་དབུ་ཡང་བཀོག་ནས་རྐུབ་བཀྱག་བྱས།།

འོན་ཏེ་རིང་མིན་གྲོས་ཚོགས་གསུམ་པ་ཡི།།
དགོངས་དོན་འཐབ་ཇུས་སྤྲེལ་རྒྱལ་ཝུ་ཁུང་གིས།།
གཡོན་ཐལ་རུས་དཀར་བདུད་མོ་གཏོར་མ་ཐག།
ཆོས་ལུགས་ཐང་སན་བླ་མའི་འདོད་དོན་འགྲུབ།།

གོང་གི་ཐུགས་ཁུར་བླ་ན་མེད་པ་དང༌།།
ཕངས་མེད་ཉམས་གསོའི་མཐུན་རྐྱེན་སྦྱར་བའི་འོག།
གནའ་བོའི་མཛེས་རྩལ་བཟོ་སྐུན་ཚོགས་པ་ཡི།།
རིག་པའི་རྩལ་གྱིས་ཉམས་པ་སྔར་བཞིན་གསོས།།

ངུར་སྨྲིག་མདངས་འཛིན་གྲྭ་བཙུན་ཀུན་དང་ཀུན།།
ལྷན་ཅིག་ཆོས་ཀྱི་དོ་རར་རྩེན་པ་དང༌།།
མཚན་ཉིད་རྩོད་དང་ཆོས་ལུགས་ཆོ་ག་སོགས།།
ད་ཀོ་བསམ་ཡས་ཆོས་གྲྭ་ཉམས་རེ་དགའ།།

གསོན་དང་རྒན་རྒོན་ལྷག་བསམ་དད་ཅན་རྣམས།།
མཆོད་མཇལ་ཞུ་ན་བསམ་ཡས་གཞུང་ལ་ཕེབས།།
ཡང་གཅིག་གསོན་དང་བློ་གསར་ཕོ་མོ་རྣམས།།
གླིང་ཁ་གཏོང་ན་བསམ་ཡས་གཞུང་ལ་ཕེབས།།

དེ་སྐད་བྲག་དམར་བསམ་ཡས་གྲྭ་ཆེད།།
ཆ་ཤས་ཙམ་ཞིག་རི་མོར་བཀོད་པ་ལས།།
ངོ་མཚར་སྣོད་བཅུད་བཀོད་པའི་དགེ་མཚན་ཀུན།།
ཚངས་པའི་ལྕེ་བརྒྱར་སྤྲུལ་ཡང་བརྗོད་པར་དཀའ།།

རྩོམ་ཁུངས། ཡར་ཀླུང་གླུ་གསར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།