མིག་ཆུས་བརླན་པའི་སེམས་ལྗོངས།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-10

དལ་བུར་འཕྱོ་བའི་སེམས་ཀྱི་སྤྲིན་པ།།
དགུ་ཚིགས་དབྱིངས་ཀྱི་རི་བོར་ཆགས་སོང༌།།
གློག་ཞུའི་འོག་གི་བུ་མོའི་མིག་ཆུ།།
སྲིད་པའི་གཙང་བོའི་ཟླ་བོ་ཡིན་འདུག།

དགུན་གསུམ་ཁ་བའི་རྨི་ལམ་སྟུག་པོ།།
བསིལ་འཇམ་རླུང་གིས་ག་ལེར་ལྡག་ཚེ།།
རྒྱན་གོས་བྲལ་བའི་རྣམ་ཤེས་སྒྲེན་པོ།།
ཆུ་ཚོད་འཁོར་ལོའི་མདའ་ལ་འཁྱུད་སོང༌།།

ས་ལ་འཛར་བའི་ཁྲག་གི་ཐིགས་པ།།
མེ་ཏོག་འཁྲུངས་པའི་སྐྱེས་སུ་བསྲིངས་ཡོད།།
མདུན་ན་ལྷགས་པའི་དཔྱིད་ཀྱི་རྒྱལ་མོ།།
ལྗང་མྱུག་རྩེ་ནས་ཁྲི་ལོར་བརྟན་ཤོག།

སེམས་ཀྱིས་བཏེགས་པའི་ཆང་གི་ཕོར་བ།།
ཟླ་བའི་མངལ་གྱི་སྲས་མོར་གཏད་ན།།
ཆར་ཆུ་མོད་པའི་སྙིང་གི་དུས་ཚིགས།།
མི་རིང་བདག་གི་གམ་ལ་འབྱོན་ངེས།།
 
རྣམ་དག་བརྩེ་བའི་བསིལ་གྲིབ་འོག་ནས།།
མཛའ་མོའི་ཕྱི་ཐག་རིང་དུ་བརྐྱངས་ན།།
གཏའ་མར་བཞག་པའི་སྲོག་གི་ཀ་བས།།
ཨ་སྔོན་གྱེན་དུ་བསླངས་ན་ལོས་ཆོག།  
                                           2009/8/26

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིག་ཆུས་བརླན་པའི་སེམས་ལྗོངས།

2010-07-10 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

དལ་བུར་འཕྱོ་བའི་སེམས་ཀྱི་སྤྲིན་པ།།
དགུ་ཚིགས་དབྱིངས་ཀྱི་རི་བོར་ཆགས་སོང༌།།
གློག་ཞུའི་འོག་གི་བུ་མོའི་མིག་ཆུ།།
སྲིད་པའི་གཙང་བོའི་ཟླ་བོ་ཡིན་འདུག།

དགུན་གསུམ་ཁ་བའི་རྨི་ལམ་སྟུག་པོ།།
བསིལ་འཇམ་རླུང་གིས་ག་ལེར་ལྡག་ཚེ།།
རྒྱན་གོས་བྲལ་བའི་རྣམ་ཤེས་སྒྲེན་པོ།།
ཆུ་ཚོད་འཁོར་ལོའི་མདའ་ལ་འཁྱུད་སོང༌།།

ས་ལ་འཛར་བའི་ཁྲག་གི་ཐིགས་པ།།
མེ་ཏོག་འཁྲུངས་པའི་སྐྱེས་སུ་བསྲིངས་ཡོད།།
མདུན་ན་ལྷགས་པའི་དཔྱིད་ཀྱི་རྒྱལ་མོ།།
ལྗང་མྱུག་རྩེ་ནས་ཁྲི་ལོར་བརྟན་ཤོག།

སེམས་ཀྱིས་བཏེགས་པའི་ཆང་གི་ཕོར་བ།།
ཟླ་བའི་མངལ་གྱི་སྲས་མོར་གཏད་ན།།
ཆར་ཆུ་མོད་པའི་སྙིང་གི་དུས་ཚིགས།།
མི་རིང་བདག་གི་གམ་ལ་འབྱོན་ངེས།།
 
རྣམ་དག་བརྩེ་བའི་བསིལ་གྲིབ་འོག་ནས།།
མཛའ་མོའི་ཕྱི་ཐག་རིང་དུ་བརྐྱངས་ན།།
གཏའ་མར་བཞག་པའི་སྲོག་གི་ཀ་བས།།
ཨ་སྔོན་གྱེན་དུ་བསླངས་ན་ལོས་ཆོག།  
                                           2009/8/26

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།