དྲིན་ཆེན་ཨ་མར་ཕུལ་བ།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-07

བར་ཐག་མཚན་མོ་སྟོང་གི་རྨི་ལམ་གྱིས་ཆོད་པའི།།
གངས་དཀར་སོ་ཕྲེང་འཛུམ་པའི་འབྲོག་ཐང་གི་ཡུལ་གྱི།།
ཆོག་ཤེས་གྲོགས་ལ་སྦྲན་པའི་དྲིན་ཆེན་གྱི་ཨ་མ།།
ལུས་སེམས་སྐྱོ་བས་མ་གཟིར་བདེ་དགའི་ངང་འཚོའམ།།   

སྟོན་གྱི་རྒྱལ་མོས་སྲིད་པའི་ཕུན་ཚོགས་དེ་ཁུར་ནས།།
མི་མངོན་དུས་ཀྱི་བར་སྣང་ཡངས་པོ་རུ་ཕུར་ཐལ།།
ལྗོན་ཤིང་ལོ་མ་ཟགས་པའི་མྱ་ངན་གྱི་ཁྲོད་དུ།།
འཁྲེང་ཞེན་སྙིང་གི་ཁྱེའུ་ཁྱོད་ཕྱོགས་སུ་ཤོར་སོང༌།།

ལུས་ཀྱི་ཟུངས་ཁྲག་ང་ཡི་མདུན་ལམ་ལ་བསྟིམས་ཤིང༌།།
མ་ཎི་ཡིག་དྲུག་བུ་ངའི་ལས་སྨོན་ལ་བསྔོས་པའི།།
བྱམས་བརྩེའི་འོ་སྤྲི་སྣུམ་པའི་ཨ་མ་ཡི་བཀའ་དྲིན།།
ཚེ་རབས་དགུ་ལ་འཇལ་ཀྱང་སོད་ཐབས་རང་མི་འདུག།

ལང་ཚོའི་མེ་ཏོག་རྙིད་པའི་ཕངས་སེམས་ཀྱི་མིག་ཆུ།།
ཕྱག་ཟུང་སེར་ག་ཤོར་བའི་མནར་གཅོད་ཀྱི་འཁུན་སྒྲ།།
མཚུངས་མེད་བྱང་ཁོག་རིང་མོར་ལྷག་མེད་དུ་མིད་དེ།།
གཞིས་ཁྱིམ་དྲོད་ལ་བསྐུར་བ་ཨ་མ་ཡི་ལྷག་བསམ།།

མི་སྡོད་ཕུགས་བསམ་འཚོལ་བའི་འགྲུལ་བཞུད་ཀྱི་ལམ་ནས།།
མི་ཡི་ལུས་རྟེན་གནངས་པའི་ཨ་མ་ཉིད་དྲན་ཏེ།།
མི་ཁོམ་ལས་ལ་བྲེལ་བའི་ཟང་ཟིང་གི་སྐབས་སུ།།
མི་སེམས་ཁྲག་ལ་བསྟར་བའི་བརྩེ་འཕྲིན་འདི་སྤྲིངས་སོ།།
                                                             2007—8--4

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲིན་ཆེན་ཨ་མར་ཕུལ་བ།

2010-07-07 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

བར་ཐག་མཚན་མོ་སྟོང་གི་རྨི་ལམ་གྱིས་ཆོད་པའི།།
གངས་དཀར་སོ་ཕྲེང་འཛུམ་པའི་འབྲོག་ཐང་གི་ཡུལ་གྱི།།
ཆོག་ཤེས་གྲོགས་ལ་སྦྲན་པའི་དྲིན་ཆེན་གྱི་ཨ་མ།།
ལུས་སེམས་སྐྱོ་བས་མ་གཟིར་བདེ་དགའི་ངང་འཚོའམ།།   

སྟོན་གྱི་རྒྱལ་མོས་སྲིད་པའི་ཕུན་ཚོགས་དེ་ཁུར་ནས།།
མི་མངོན་དུས་ཀྱི་བར་སྣང་ཡངས་པོ་རུ་ཕུར་ཐལ།།
ལྗོན་ཤིང་ལོ་མ་ཟགས་པའི་མྱ་ངན་གྱི་ཁྲོད་དུ།།
འཁྲེང་ཞེན་སྙིང་གི་ཁྱེའུ་ཁྱོད་ཕྱོགས་སུ་ཤོར་སོང༌།།

ལུས་ཀྱི་ཟུངས་ཁྲག་ང་ཡི་མདུན་ལམ་ལ་བསྟིམས་ཤིང༌།།
མ་ཎི་ཡིག་དྲུག་བུ་ངའི་ལས་སྨོན་ལ་བསྔོས་པའི།།
བྱམས་བརྩེའི་འོ་སྤྲི་སྣུམ་པའི་ཨ་མ་ཡི་བཀའ་དྲིན།།
ཚེ་རབས་དགུ་ལ་འཇལ་ཀྱང་སོད་ཐབས་རང་མི་འདུག།

ལང་ཚོའི་མེ་ཏོག་རྙིད་པའི་ཕངས་སེམས་ཀྱི་མིག་ཆུ།།
ཕྱག་ཟུང་སེར་ག་ཤོར་བའི་མནར་གཅོད་ཀྱི་འཁུན་སྒྲ།།
མཚུངས་མེད་བྱང་ཁོག་རིང་མོར་ལྷག་མེད་དུ་མིད་དེ།།
གཞིས་ཁྱིམ་དྲོད་ལ་བསྐུར་བ་ཨ་མ་ཡི་ལྷག་བསམ།།

མི་སྡོད་ཕུགས་བསམ་འཚོལ་བའི་འགྲུལ་བཞུད་ཀྱི་ལམ་ནས།།
མི་ཡི་ལུས་རྟེན་གནངས་པའི་ཨ་མ་ཉིད་དྲན་ཏེ།།
མི་ཁོམ་ལས་ལ་བྲེལ་བའི་ཟང་ཟིང་གི་སྐབས་སུ།།
མི་སེམས་ཁྲག་ལ་བསྟར་བའི་བརྩེ་འཕྲིན་འདི་སྤྲིངས་སོ།།
                                                             2007—8--4

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།